ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཧྭ་ཤིང་ཉག་ག་ནི་ཁྱོད་ཀྱི་དགུན་དུས་གངས་ཤུད་གཏོང་སའི་གནས་མཆོག་ཅིག་ཡིན།

སྤེལ་དུས 2018-12-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
འདི་ནི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི“དཔའ་རིས་རྫོང་ཧྭ་ཤང་ཉག་གར་ལྷན་འཛོམས་གངས་ཆབ་ལས་འགུལ་དུས་ཆེན”སྐབས་གསུམ་པའི་འགོ་ཚུགས་མཛད་སྒོ་རེད། 
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དགུན་ཁ་སླེབས་རྗེས་ཀྱི་ཁ་བ་འབབ་ཐེངས་རེ་རེས་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ས་ཁོངས་མང་ཆེ་བར་ཁ་བས་བཀླུབས་ཏེ་གངས་འཁྱགས་ཀྱི་འཇིག་རྟེན་ཞིག་ཏུ་གྱུར་ཡོད་ཅིང་། ཧྭ་ཤང་ཉག་གའི་འདབས་རོལ་དུ་གནས་པའི་ཧྭ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བས་ཟམ་མི་ཆད་པར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གངས་ཤུད་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་དར་ཁྱབ་བཏང་སྟེ། གངས་འཁྱགས་ལུས་རྩལ་གྱི་རླབས་རྒྱུན་གསར་པ་ཞིག་གི་སྣེ་ཁྲིད་དེ་འདི་ལོའི་དགུན་ཁ་གངས་འཁྱག་ཁྲོད་ནས“དྲོ་བ”དང“འབར་དུ”བཅུག
            ཡུལ་སྐོར་བ་བཅུ་ལྷག་ཙམ་གྱིས་མགོར་གངས་ཤུད་ཞྭ་མོ་དང་། ལུས་སུ་གངས་ཤུད་གྱོན་གོས་གྱོན་ཏེ་གངས་ཤུད་པང་ལེབ་དང་གངས་སྐོར་སོགས་ཀྱི་ཡོ་བྱད་སྣ་ཚོགས་བེད་སྤྱད་ནས་དེ་མཚུངས་ཀྱི་མཐོ་ས་ནས་བྱ་འཕུར་བ་ལྟར་འཕུར་མཆོང་བྱེད་ཀྱིན་ཡོད་ཅིང་། ཁོ་ཚོས་ཟམ་མི་ཆད་པར་ལམ་ཕྱིའི་ཡུལ་སྐོར་བ་མང་པོའི“ཤུགས་རྒྱོབ།”ལ་སོགས་ཀྱི་འབོད་སྐད་འགུགས་པར་བྱེད། གནམ་སྔོན་པོ་དང་གངས་རི་དཀར་པོའི་ཀློང་དུ་གངས་ཤུད་ལུས་རྩལ་གྱིས་རྒྱ་ཆེའི་ཡུལ་སྐོར་བའི་དགུན་དུས་ཀྱི་འཚོ་བར་མྱོང་རོལ་ཡ་མཚར་བ་ཞིག་འཁྱེར་འོང་ཞིང་། འདི་ནི་དངོས་གནས་ཁོ་ཚོའི་དགུན་དུས་ཀྱི་གངས་ཤུད་གཏོང་ཡུལ་གྱི“ཕམ་གནས”ཤིག་ཡིན། 
རི་མོ་འདི་ནི་གངས་ཤུད་ལ་དགའ་པོ་བྱེད་མཁན་གྱིས་གངས་ཤུད་ར་བ་ནས་གངས་ཤུད་ཀྱི་སྤྲོ་སྣང་ཉམས་སུ་མྱོང་བའི་རྣམ་པ་རེད། 
            གངས་ཤུད་ནི་འགུལ་སྣང་དྲག་པོ་སྐྱེས་པ་དང་ཧ་ཅང་ཟུག་སློང་ཐུབ་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན་ཞིང་། གངས་ཤུད་ནི་དགུན་ཁར་མི་མང་པོས་སྤྲོ་གསེང་བྱ་བའི་གདམ་ག་ཨང་དང་པོ་དེའང་ཡིན། དཔའ་རིས་རྫོང་གི“ཧྭ་ཤང་ཉག་གར་ལྷན་འཛོམས་གངས་ཆབ་ལས་འགུལ་དུས་ཆེན”སྐབས་གསུམ་པ་གཟབ་རྒྱས་ངང་འགོ་བརྩམས་པ་དང་བསྟུན་ནས་ཧ་ཅང་གྲང་ངར་ཆེ་བའི་ཧྭ་ཤང་ཉག་གས་གངས་ཤུད་ལ་དགའ་པོ་བྱེད་མཁན་རྣམས་ལ་གངས་ཤུད་ཀྱི་གནས་ལུགས་དེ་བས་མང་པོ་ཞིག་བྱིན་ཏེ། དེ་ནི་གངས་ཤུད་ལ་དགའ་པོ་བྱེད་མཁན་མི་མང་པོའི་སེམས་ཁོང་གི་ཕུགས་འདུན་གྱི་གངས་ཤུད་ཀྱི་གནས་མཆོག་ཅིག་ཡིན། 
            ཧྭ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བ་ནི་ཧྲའན་ཀན་ཉིང་གསུམ་འབྲེལ་མཚམས་ཀྱི་ཆེས་ཆེ་བའི་རི་མཐོའི་གངས་ཤུད་ར་བ་ཞིག་ཡིན་ཞིང་། དཔའ་རིས་རྫོང་གི་གཙོ་གནད་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་གངས་ཤུད་ར་བ་གཅིག་པུ་དེའང་ཡིན། གནས་འདི་རུ་དཔེ་མཚོན་ཅན་གྱི་མཚོ་བོད་ས་མཐོའི་ཡུལ་ལྗོངས་ཡོད་ཅིང་། བགྲང་ལས་འདས་པའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཡོད། གངས་ཤུད་ར་བ་དེ་ཉེ་འགྲམ་གྱི་མྱུར་བགྲོད་གཞུང་ལམG 30ཡི་ཕྱིར་གཏོང་སྒོ་མོ་་དང་ཐག་ཧ་ཅང་ཉེ་བས་མི་ཚོགས་མང་པོའི་རོལ་རྩེད་ཀྱི་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པ་དང་། ཡུལ་སྐོར་བས་དེ་གར་དར་ཤུད་ཀྱི་སྤྲོ་སྣང་ཉམས་ལེན་གང་ལེགས་བྱེད་ཆོག
རི་མོ་འདི་ནི་གངས་ཤུད་ར་བའི་བར་སྣང་གི་སྒྲིག་བཀོད་རེད། 
            གངས་ཤུད་གློད་ས་འདི་བྱུང་བ་དེས་དཔའ་རིས་རྫོང་གི་དགུན་དུས་ཡུལ་སྐོར་རྣམ་གྲངས་མེད་པའི་སྟོང་ཆ་བསྐངས་ཏེ་བྱེས་བགྲོད་གངས་ཤུད་འདི་ལྟ་བུའི་སྤྲོ་གསེང་རང་བཞིན་དང་། ནང་ཞུགས་རང་བཞིན། རོལ་རྩེད་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གངས་ཤུད་རྣམ་གྲངས་དེ་དངོས་སུ་སྤྱིར་བཏང་གི་མི་སེར་དང་ཐག་ཇེ་ཉེར་སོང་སྟེ་རིམ་བཞིན་ཁྱབ་གདལ་རང་བཞིན་གྱི་གངས་ཤུད་ལུས་རྩལ་དང་དགུན་དུས་ཀྱི་ཡུལ་སྐོར་རྣམ་གྲངས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར། 
རི་མོ་འདི་ནི་ཧྭ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བའི་གངས་ལམ་རེད། 
            ཧྭ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བ་དེ་དཔའ་རིས་རྫོང་གི་དགུན་དུས་ཡུལ་སྐོར་སྤུས་རྟགས་དང་ཡུལ་སྐོར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད་ཅིང་། ལོ་མང་པོའི་རིང་། རྫོང་དེས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་། དམངས་སྲོལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས། རང་བྱུང་མཛེས་ལྗོངས་རིག་གནས་སོགས་བསྔོག་འདོན་གཏིང་ཟབ་བྱས་ཏེ། ཁོངས་ཡངས་རྣམ་པའི་མཉམ་འདྲེས་ཀྱི་འདུ་ཤེས་བེད་སྤྱད་དེ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ་དང་རིག་གནས་ཡུལ་སྐོར་ཞབས་ཞུའི་ནུས་པ་དང་སྤྱི་ཡོངས་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཀྱི་ལས་སྟེགས་ལ་དམ་པོར་དམིགས་ནས་ཕྱོགས་གང་ཅིའི་ཐད་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་། “སྣོད་བཅུད་ལ་གཞའ་བ་དང་། ཆོས་ལུགས་རིག་གནས། དམངས་སྲོལ་གོམས་གཤིས། ལུས་རྩལ་སྤྲོ་གསེང”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསར་གཏོད་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་རྩེ་གྲའི་སྟོབས་ཆེ་རུ་བཏང་ངོ་།