ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རིག་གནས་མཉམ་སྤྱོད་འདུ་འགོད་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

སྤེལ་དུས 2018-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་རྣམ་གྲངས་5ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱི《བོད་ཀྱི་གསོ་བ་རིག་པའི་རིག་གནས》ཀྱི་བརྒྱུད་ལམ་སྣེ་མང་གི་ཐོན་ཁུངས་མཛོད་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་རྣམ་གྲངས་5ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། རིག་གནས་མཉམ་སྤྱོད་འདུ་འགོད་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་2015ལོའི་གོང་དུ་རེ་ཞུ་ཐོ་འགོད་བྱས་པའི་རྣམ་གྲངས་ཚང་མ་དུས་བཀག་བཞིན་ལེགས་གྲུབ་བྱུང་བ་དང་འབྲེལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།
          གསར་འགོད་པར་ཤེས་རྟོགས་བྱུང་བར། རིག་གནས་མཉམ་སྤྱོད་འདུ་འགོད་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱི་རེ་ཞུ་འཛུགས་སྐྲུན་བྱས་པའི“《བོད་ཀྱི་གསོ་བ་རིག་པའི་རིག་གནས》ཀྱི་བརྒྱུད་ལམ་སྣེ་མང་གི་ཐོན་ཁུངས་མཛོད”དང་། “《བོད་རིགས་ལག་ཤེས་བཟོ་རྩལ་ཀུན་འདུས》ཀྱི་ཡ་གྱལ་རྡུང་བཟོའི་བརྒྱུད་ལམ་སྣེ་མང་གི་ཐོན་ཁུངས་མཛོད” “《བོད་ཀྱི་བཅུ་ཕྲག་རིག་པའི་ཆེད་དོན་འཆད་ཁྲིད་ཐོན་ཁུངས་མཛོད》ཀྱི་ཡ་གྱལ་སྒྲ་རིག་པའི་མུ་འབྲེལ་འཆད་ཁྲིད” “《བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཀུན་འདུས》ཀྱི་ཡ་གྱལ་བོད་ཤོག་དང་། བོད་ཀྱི་སྣག་ཚ། ཤིང་པར་བརྐོ་བའི་རིག་གནས་ཀྱི་ཆེད་དོན་པར་གཞི”“བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཆེད་དོན་པར་གཞི”སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལྔ་པོ་དག་བརྙན་ལམ་དང་པར་རིས། ཡི་གེ་སོགས་ཀྱི་ཐོག་ནས་བོད་ཀྱི་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་མངོན་པ་དང་རང་ལྗོངས་ཀྱི་སྟོངས་ཉེར་ཡོད་པའི་མི་རིགས་སྲོལ་རྒྱུན་རིག་གནས་ཞིབ་ཚགས་བཀོད་ཡོད། དེའི་དམིགས་ཡུལ་ནི་ཐོན་ཁུངས་གྲངས་གཞི་ཅན་ལ་བརྟེན་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད་རེད། ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་ཀྱི་ས་གནས་ཀྱི་ཐོན་ཁུངས་རྣམ་གྲངས་ལྔ་ལ་གདེང་འཇོག་མཐོ་པོ་གནང་ཞིང་། ཐོན་ཁུངས་མཛོད་བསྐྲུན་པའི་སྟོན་ཕྱོགས་ཡང་དག་པ་དང་། རྣམ་གྲངས་ཀྱི་ནང་དོན་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་མངོན་པ། རིག་གནས་རྒྱུན་འཛིན་དང་དར་སྤེལ་གཉིས་ཀ་ཐུབ་ནས་བསམ་བློའི་རང་བཞིན་དང་། ཤེས་བྱའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་བཅས་གཅིག་གྱུར་བྱུང་འདུག་ཅེས་གསུངས།
          འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་གོམ་སྟབས་རྗེས་མར་རིག་གནས་མཉམ་སྤྱོད་འདུ་འགོད་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩ་འཛུགས་ཀྱི་འགོ་ཁྲིད་དང་། རྣམ་གྲངས་དོ་དམ། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་རྣམ་གྲངས་ཇུས་འགོད་དང་། རེ་ཞུ། འཛུགས་སྐྲུན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དཔྱད་ཞིབ་རིགས་གཅིག་མཁས་ཅན་གྱི་ཚུར་ལན་བསམ་འཆར་གཞིར་བཟུང་འབྲེལ་ཡོད་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་དགོས། དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་གང་ལེགས་སྤྱོད་པ་དང་། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། ཕུལ་དུ་བྱུང་བའི་གྲངས་གཞིའི་རིག་གནས་ཀྱི་ཐོན་ཁུངས་མཁོ་འདོན་བཅས་བྱས་ནས་དུས་རབས་གསར་པའི་རྒྱ་ཆེའི་ཀློག་པ་པོ་དང་གཞི་རིམ་ལས་བྱེད་མང་ཚོགས་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་གང་ལེགས་སྐོང་དགོས་ཞེས་བཤད་པ་རེད།