ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དྲ་རྒྱའི་གྲགས་ཅན་མི་སྣས་གནད་འཕིགས་དབུལ་སྐྱོར་ལ་བལྟ་བའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས།

སྤེལ་དུས 2018-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ12ཚེས3ཉིན་གྱི་སྔ་དྲོར།   བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“དུས་རབས་གསར་པ།  རྣམ་པ་གསར་པ། བྱ་སྤྱོད་གསར་པའི་”དྲ་རྒྱའི་གྲགས་ཅན་མི་སྣས་གནད་འཕིགས་དབུལ་སྐྱོར་ལ་བལྟ་བའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་གསར་འགོད་པས་ཤེས་རྟོགས་བྱུང་གསལ།   2016ལོ་ནས་བཟུང་།   བོད་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་29.7དབུལ་སྒྲོལ་ཐུབ་པ་དང་།   གྲོང་ཚོ་དབུལ་པོ་2700ལྷག་ཙམ་ཕྱིར་བུད།     གྲོང་ཚོ་དབུལ་པོ་30ཡི་དབུལ་པོའི་ཞྭ་མོ་ཕུད།   དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་།   གཞི་རྩའི་སྤྱི་པའི་ཞབས་ཞུ་མངོན་གསལ་དོད་པོས་མཐོ་རུ་སོང་།   དབུལ་པོའི་མང་ཚོགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན།   བོད་ལྗོངས་ཀྱི་དབུལ་པོའི་རྣམ་པ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུ་ཞིག་གཏོད་ཡོད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
           ཐེངས་འདིའི་བྱེད་སྒོར་རྒྱལ་ཡོངས་ཀྱི་དྲ་རྒྱའི་གྲགས་ཅན་མི་སྣའི་འཐུས་མི་13གདན་དྲངས་ཡོད།   ཐེངས་འདིའི་བྱེད་སྒོར་ཞུགས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་རྣམས་ཀྱིས་དཔལ་འབྱོར་དབྱེ་ཞིབ་དང་དངོས་ལུགས་ཚན་རིག  རིག་གནས་ཁྱབ་སྤེལ།   ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་སོགས་ཁྱབ་ཁོངས་མང་པོར་ལས་ཀ་གཉེར་བ་དང་ཡང་ན་ཆེད་ལས་ཀྱི་ཡོན་ཏན་ལྡན་པ་རེད།
           ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་དྲ་རྒྱའི་གྲགས་ཅན་མི་སྣ་13ཡི་མིག་དབང་བརྒྱུད།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་བརྩོན་བྱས་ཏེ། ལག་ལེན་འཚོལ་ཞིབ་དང་སྒྱུར་བཅོས་གསར་གཏོད་ཕོད་པ། ཤུགས་ཆེན་པོས་འཕེལ་རྒྱས་ནང་གནས་ཀྱི་སྒུལ་ཤུགས་དཔེ་མཚོན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཐོག   བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་སྐུལ་བརྡ་དང་དམ་པོར་དམིགས་ཏེ།   བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག   གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ།   རྡོག་རྩ་གཅིག་སྒྲིལ།  སྙིང་སྟོབས་ཡོད་ཚད་ཀྱིས་ཤུགས་རྒྱག་པ།   འབད་བརྩོན་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གསོན་ཉམས་ལྡན་པའི་ཉམས་འགྱུར་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། “དུས་རབས་གསར་པ།   རྣམ་པ་གསར་པ།  བྱ་སྤྱོད་གསར་པའི་” དྲ་རྒྱའི་གྲགས་ཅན་མི་སྣས་གནད་འཕིགས་དབུལ་སྐྱོར་ལ་བལྟ་བའི་བྱེད་སྒོ་ནི་ཟླ12ཚེས3ཉིན་དངོས་སུ་སྤེལ་འགོ་ཚུགས་ཤིང་།   ཚེས8ཉིན་མཇུག་བསྡུ་འཆར་ཡོད།   དུས་ཡུན་ཉིན་ལྔ་ཡིན།   ཐེངས་འདིའི་བྱེད་སྒོར་ཞུགས་པའི་དྲ་རྒྱའི་གྲགས་ཅན་མི་སྣའི་འཐུས་མི་13ལྷ་ས་དང་ལྷོ་ཁ།   གཞིས་རྩེ་བཅས་ས་ཁུལ་གསུམ་གྱི་རྟོག་ཞིབ་བྱེད་གནས་20ལ་བསྐྱོད་ནས་རྟོག་ཞིབ་རྒྱུས་ལོན་བྱ་རྒྱུ་རེད།