ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་སྐྱོར་ལས་བྱེད་པ་བརྒྱ་ཕྲག་གིས་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་གནང་པ།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
བྱེད་སྒོ་སྤེལ་ཡུལ་དངོས།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན“བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40 འཁོར་བར་བོད་ལྗོངས་ལ་བསྟོད་གླུ་གཏོང”ཞེས་པ་བརྗོད་གཞིར་བྱས་པའི་བྱེད་སྒོ་པེ་ཅིང་དུ་གཉེར་བ་དང་། བྱེད་སྒོ་དེ་ནི་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་མཐུན་ཚོགས་ཀྱི་ཡན་ལག་གསུམ་པའི་པུའུ་ཡིས་གཙོ་གཉེར་བྱས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས(ཀྲུང་དབྱང་ཁེ་ལས)ཀྱི་སྐོར་ཁག་དང་པོ་ནས་བདུན་པའི་བར་གྱི་བོད་སྐྱོར་ལས་བྱེད་པ་བརྒྱ་ལྷག་ཙམ་དགའ་སྤྲོའི་ལྷན་འཛོམས་ཀྱིས་ཐུན་མོང་ཐོག་བོད་སྐྱོར་གྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་གནང་སྟེ། བོད་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་ལྷིང་དར་རྒྱས་ཀྱི་རླབས་ཆེན་ཀྱི་གྲུབ་འབྲས་ཐད་གླེང་མོལ་མཛད་དེ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་རེད།
ཡན་ལག་གསུམ་པའི་པུའུ་ཡི་ཚོགས་གཙོ་གཞོན་པ་ཁྲེན་ཀྲེང་རུང་གིས་ཤིས་ཚིག་གསུངས་བཞིན་པ།
            “ཡུལ་ཕྱོགས་ཀུན་ཏུ་འཕེལ་རྒྱས་ཡོ་ལང་རྒྱས། ས་མཐོའི་ཡུལ་ལ་རྣམ་པ་གསར་པ་མངོན།” པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲེང་རུང་གིས་ཚོགས་གཙོ་ཧྥན་ཞའོ་ཅན་གྱི་མངགས་བཅོལ་ལྟར་སྤྲོ་སེམས་འཁོལ་བའི་ཤིས་ཚིག་གསུངས་པ་རེད། ཁོང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40སོང་རིང་། བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་བསྟན་ཏེ།“ལོ་ལྔ་ཚན་བཅུ་གཉིས་པའི”སྒོར་དུང་ཕྱུར3305དང“ལོ་ལྔ་ཚན་བཅུ་གསུམ་པའི”སྒོར་དུང་ཕྱུར6576ཟིན་པའི་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱས་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་ཐོག་བོད་ཀྱི་བྱ་གཞག་ཁག་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། “སྒོ་དབྱེ་འཕེལ་རྒྱས་གསར་པར་བོད་ཀྱི་སྐབས་རིམ་བྱུང་གི་ཀྲུང་དབྱང་གི་ཐུན་མོང་འགོ་ཁྲིད་ཀྱི་བློ་གྲོས་གོང་བུར་འགྲིལ་ཡོད་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་འབད་བརྩོན་གཅིག་ཏུ་འདུས་ཡོད་ལ་། དེའི་ཁྲོད་དུ་འདིར་བཞུགས་ལས་བྱེད་པ་རྣམ་པ་ལྷན་རྒྱས་ཀྱི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད” 2015ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་མཐོར་ལས་ཀ་བྱེད་སྐབས་ཆེས་མི་འདང་བ་ནི་གསོ་རླུང་དང་ཆེས་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན”ཞེས་གསུངས་ཡོད་པ་དང་། ཚོགས་གཙོ་ཧྥན་ཞའོ་ཅན་གྱིས་ཚང་མས་གཅིག་སེམས་གཅིག་སྦྲེལ་ཏེ་ཁྱིམ་ཚང་གཅིག་ལྟར་བརྩེ་རྒྱུ་མ་ཟད། ཤུགས་ཆེན་པོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་རེ་བ་འདོན་གྱི་ཡོད་ཞེས་གསུངས་བྱུང་།
བོད་སྐྱོར་ལས་བྱེད་པ་རྒན་གྲས་ཀྱིས་ཤིས་ཚིག་གསུངས་བཞིན་པ།
            དེ་གར་ཡོད་པའི་ཚོགས་མི་དག་གིས་ལོ་ངོ40ནི་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་མེད་ཀྱི་བཅིངས་འགྲོལ་ཐོབ་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཁྱོན་ཡོངས་ནས་ཇེ་མཐོར་ཕྱིན་པའི་ལོ་ངོ40ཡིན་ལ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་པའི་ལོ་ངོ40ཡིན་པ་དང་། དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཆེ་ཤོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་མུ་མཐུད་ཆེ་རུ་འགྲོ་བ་བཅས་ཀྱི་ལོ་ངོ40ཡིན་པ།བོད་ཀྱི་མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་ཆེས་མང་པ། ཐོབ་ཚོར་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་པའི་ལོ་ངོ40ཡིན་པ།ཉིན་རེ་བཞིན་དེ་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་རར་འདྲེས་པ།ཕྱི་ཕྱོགས་སུ་སྒོ་འབྱེད་ཀྱི་ཁྱབ་ཁོངས་དང་གཏིང་ཚད་མུ་མཐུད་རྒྱ་བསྐྱེད་བྱུང་པའི་ལོ་ངོ40ཡིན་པ། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཀྱི་ཁོར་ཡུག་བཟང་པོ་ལེགས་བཅོས་སྲ་བརྟན་ཡོང་པའི་ལོ་ངོ་40ཡིན་པ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་འགྲོས་མཉམ་འཕེལ་རྒྱས་བྱུང་པའི་ལོ་ངོ40ཡིན་པར་མོས་མཐུན་བྱུང་ཡོད།
བོད་སྐྱོར་ལས་བྱེད་པ་རྒན་གྲས་ཀྱིས་བརྗོད་གཞིའི་གཏམ་བཤད་གནང་བཞིན་པ།
            དེའི་རིང་། བོད་སྐྱོར་རྒན་གྲས་ཆི་ཁང་མེས་ཡིས་བརྩེ་བ་ཟབ་མོའི་ངང་བོད་ཀྱི་གློག་ཤུགས་ལོ་ངོ་བཞི་བཅུའི་རིང་གི་འཕེལ་རྒྱས་ཀྱི་ལམ་བུ་དང་བོད་སྐྱོར་ལས་བྱེད་པ་དེའི་ཆེད་དུ་ཁོས་དཀའ་བ་མ་སྤྱད་པའི་འབད་བརྩོན་གནང་ཐད་བརྗོད་གཞིའི་གཏམ་སྤེལ། ཚོགས་མི་ཁྲེང་ཁའེ་ཝུའུ་ཡིས་ཐད་ཀར་ཁ་བྱང་ལ《ཕན་འབྲས་སྨིན་པའི་སྲིད་ཇུས་བཟང་པོ་ཞིག》ཅེས་བོད་སྐྱོར་ཀྱིས་བོད་ཀྱི་འཕེལ་རྒྱས་ཀྱི་ཁྲོད་དུ་ནུས་པ་ཆེན་པོ་ཐོན་པའི་སྐོར་གླེང་ལ། ཚའེ་ཧྲོན་ལིས《བོད་སྐྱོར་གྱི་གླུ་གཞས་ཏེ་ལྷ་མཚོར་མཇལ་བ》ཞེས་པ་དེས་དེར་བཞུགས་བོད་སྐྱོར་ལས་བྱེད་པ་མང་པོ་གངས་ལྗོངས་ས་མཐོར་ཁྲིད་པ་ལྟ་བུའི་མྱོང་ཚོར་སྦྱིན།ཝང་ཐའེ་ཡོན་གྱིས་ལྷུག་རྩོམ་སྙན་ངག《དེ་ལྟར་མི་ནུས་རུང་ཡིད་སེམས་དེ་གར་སྙེགས་ཡོད》 ཅེས་པས་བོད་སྐྱོར་ལས་བྱེད་པ་དག་གིས་བོད་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་མཚོན་པར་བྱས་ཡོད།
            མ་གཞི་བོད་ནས་བྲལ་ཟིན་ནའང་ཚོགས་མི་ཚང་མས“བོད་ཀྱི་ལས་དོན་ནི་ང་ཚོ་ཚང་མའི་དོན་དག་ཡིན་ལ། བོད་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ཐུབ་པ་བྱུང་པ་ནི་ངའི་གཟི་བརྗིད་རེད”ཅེས་ལི་ཞའོ་ནན་གྱིས“ངས《བོད་སྐྱོར་ལས་བྱེད་པའི་ལས་ཀའི་ལག་དེབ》ཅེས་པ་ཞིག་འབྲི་གི་ཡོད་ལ། དེས་བོད་སྐྱོར་དུ་འགྲོ་མཁན་གྲོགས་པོ་དག་ལ་ཉམས་མྱོང་ཁ་ཤས་བྱིན་ནས་ཁོང་ཚོ་དེ་འཕྲལ་ས་མཐོའི་ཁོར་ཡུག་ལ་འཕྲོད་པ་བྱུང་ནས་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་འགན་སྲུང་བྱེད་ཐུབ་པའི་རེ་བ་ཡོད”ཅེས་ཟེར།
བྱེད་སྒོ་སྤེལ་ཡུལ་དངོས།
            “བོད་སྐྱོར་ལོ་གསུམ་གནང་མཁན་ལ།  མི་ཚེ་གཅིག་གི་བརྩེ་སེམས་ཡོད”ཅེས་བོད་སྐྱོར་གྲོགས་པོ་དག་གིས་རང་ཉིད་ཀྱིས་བོད་ལ་ཟོལ་མེད་བརྩེ་དུང་བཅིངས་ཡོད་ལ། ལས་གྲོགས་དག་གིས“བོད་ནི་ང་ཚོའི་ཐུན་མོང་གི་ཕ་ཡུལ་གཉིས་པ་དང་སེམས་ཀྱི་ལོག་མལ་ཡིན་ལ། ང་ཚོས་ཚེ་གཅིག་ལུས་གཅིག་ནམ་ཡང་སེམས་ཁུར་བྱེད་ཀྱི་ཡོད་ཅིང་།བོད་སྐྱོར་ནི་ངའི་མི་ཚེའི་ནང་གི་ཆེས་འགྱོད་པ་མེད་པའི་གདམ་ག་ཡང་དག་པ་ཞིག་ཡིན། བོད་སྐྱོར་ལོ་གསུམ་རིང་གི་དྲན་སོས་ཡུལ་མང་པོ་ཞིག་འདུག་སྟེ།བོད་ཀྱི་གནས་རི་ལྷ་མཚོ་དང་། མི་དམངས་ཀྱི་བྱམས་བརྩེའི་ངོ་གདོང་རྒྱུན་པར་ངའི་རྨི་ལམ་ནང་འཁོར་གྱི་འདུག་ལ།སྦྲང་དཀར་རྩམ་པ་དང་ཞིམ་མངར་འོ་ཇའི་དྲི་བསྲུང་གིས་དུས་ནམ་ཡང་ཆེས་མཛེས་སྡུག་གི་འདས་སོང་ལ་དྲན་སོས་ཀྱི་འདུག  མ་གཞི་བོད་དང་བྲལ་ནས་ལོ་མང་ཕྱིན་ནའང་བོད་ལ་བཅངས་པའི་བརྩེ་སེམས་ནི་དུས་ཀྱི་འཁོར་འགྲོས་ལྟར་བརྗེད་མེད་པ་མ་ཟད། ག་དུས་ཡིན་ཡང་དེ་ལས་ཀྱང་དྲན་གདུང་ཤུགས་དྲག་པོ་སྐྱེད་ཀྱི་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་བོད་ལྗོངས་ཀྱི་ལོ་རྒྱུས་ནི་དུས་ནམ་ཡང་ང་ཚོས་མི་འདི་འདྲ་སྐོར་ཞིག་གི་སེམས་ལ་ཟུག་ཡོད”ཟེར།
            རྒྱུས་ལོན་བྱུང་པ་ལྟར་ན། པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཡན་ལག་གསུམ་པ་པུའུ་ཡིས1995 ལོ་ནས་བཟུང་། སྔ་རྗེས་སུ་བོད་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་བོད་དུ་སྐྱོད་པ་དང་། མིག་སྔར་བོད་སྐྱོར་བྱ་མཁན་དག་ནི་ཁག་བརྒྱད་པ་རེད།