ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ཚན་རྩལ་ཁྱབ་གདལ་གོང་འཕེལ་གཏོང་རྒྱུའི་ཐེབས་རྩ་ལྷན་ཚོགས་ཀྱི་སྒོ་བྱང་བཀལ་བ།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

           ཉེ་དུས། བོད་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་། ཚན་རྩལ་ཁྱབ་གདལ་གོང་འཕེལ་གཏོང་རྒྱུའི་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་སུ་སྒོ་བྱང་བཀལ་བ་རེད། ཉིན་དེར། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་ཅེ་དང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་སྐོར་ཞིབ་པ་གཞོན་པ་བསྟན་སྒྲོན་ལགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། 
           རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་ཅེས་གསུང་བཤད་གནང་སྐབས་བསྟན་དོན། རེ་བར་ཐེབས་རྩ་ཚོགས་པས་ནན་ཏན་སྒོས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་དེ་བཞིན《ཐེབས་རྩ་ལྷན་ཚོགས་ཀྱི་སྒྲིག་ཡིག》ལྟར་བྱ་བ་བསྒྲུབ་པ་དང་། སྤྱི་ཚོགས་ཀྱི་ཚོགས་པར་དགོས་ངེས་ཀྱི་འགན་འཁྲི་དང་འོས་འགན་ལག་བསྟར་ཡག་པོ་ཏན་ཏིག་དང་། ཐེབས་རྩ་ལྷན་ཚོགས་པའི་ལས་སྟེགས་ཀྱི་གཞི་རྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རེ་བར་ཐེབས་རྩ་ཚོགས་པས་ལྗོངས་ཕྱི་ནང་གི་གྲགས་ཅན་ཁེ་ལས་དང་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་དང་མཉམ་ལས་ཀྱི་ཐབས་ལམ་རྒྱ་སྐྱེད་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་བ་བསྡུ་རུབ་བྱས་ཏེ་བོད་ལྗོངས་ཀྱི་ཚན་རྩལ་ཁྱབ་སྤེལ་གྱི་བྱ་གཞག་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། རེ་བར་ཐེབས་རྩ་ཚོགས་པས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་འབྲེལ་ཡོད་ལས་དོན་སྤེལ་བའི་དམིགས་ཡུལ་གཙོ་བོ་དམ་པོར་དམིགས་སུ་བཟུང་སྟེ། རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་དངོས་རྫས་འཚོལ་བསྡུ་དང་། འགྲེམས་སྟོན་ཇུས་འགོད། ཚན་རྩལ་ཁྱབ་གདལ་གྱི་ཞིབ་འཇུག་སོགས་ཀྱི་ཐད་འགག་སྒྲོལ་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 
           གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ཚན་རིག་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ནི་འདི་ལོའི་ཟླ་བརྒྱད་པའི་ནང་བཙུགས་ཤིང་། དེ་ནི་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་ཐོ་འགོད་བྱས་པ་དང་། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་གཙོ་སྐྱོང་བྱས་པའི་བོད་ལྗོངས་ཀྱི་སྤྱི་ཕན་རྩ་འཛུགས་ཤིག་ཡིན་ཞིང་། བོད་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ཚན་རིག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཕྱོགས་བསྡུས་ནུས་པ་རྒྱ་སྐྱེད་རྒྱུན་འཛིན་བྱས་ཏེ། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་མ་རྩ་དང་། རྣམ་གྲངས། ཤེས་ལྡན་མི་སྣའི་མཉམ་ལས་ཀྱི་འབྲེལ་ཟམ་དང་ལས་སྟེགས་བསྐྲུན་པ་དང་། བོད་ལྗོངས་རང་བྱུང་རིག་གནས་ཐོན་ཁུངས་སྲུང་སྐྱོང་ནང་ཞུགས་ཏེ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་མ་ལག་གི་རྩ་བའི་དམིགས་ཡུལ་འཛུགས་རྒྱུ་དར་སྤེལ་བཏང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཚན་རིག་དང་མཐུན་པའི་བསམ་བློ་ཁྱབ་སྤེལ་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སྐུལ་ཁྲིད་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་ཐཱན་ཉུང་རྒྱུན་འཁོར་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་བྱུང་ཐོན་ཁུངས་ཕན་འབྲས་ལྡན་པའི་ངང་བེད་སྤྱོད་བྱ་རྒྱུ་ཇེ་མཐོར་བཏང་སྟེ་རང་ལྗོངས་ཀྱི་ས་གནས་ཁག་གིས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱ་བར་སྐུལ་ཁྲིད་དང་། བཀྲག་ཆེ་བའི་སྤུས་རྟགས་ཐོན་ལས་ཐོན་རྫས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཚོལ་ཞིབ་དང་། ས་གནས་དེ་གར་ཞབས་འདེགས་བྱས་ཏེ་དབུལ་བྲལ་ཕྱུག་འགྱུར་དང་དབུལ་པོའི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ལེགས་སུ་གཏོང་དགོས།