ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

སྤེལ་དུས 2018-12-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          《རྟ་རྒྱུག་རྒྱལ་འཇོག》དང་། 《མོན་གླིང་གཡུལ་འགྱེད》《འདན་མ་ནས་རྫོང》ལ་སོགས་པའི་སྒྲུང་དེབ་ཉེ་ཆར་གཉེར་བའི《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་མུ་འབྲེལ་དཔེ་ཚོགས་མཚམས་སྦྱོར་ཚོགས་འདུའི་ཐོག་འགྲེམས་སྤེལ་བྱས་པ་དེའི་ཐོག་ནས་འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དེས་བོད་ཀྱི《གླིང་སྒྲུང》ལེགས་སྒྲིག་དང་རྒྱ་ཡིག་ཏུ་བསྒྱུར་བའི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་གི་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། 《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་། འཆར་གཞི་བྱས་ན་དེབ་30རྩོམ་སྒྱུར་པར་སྐྲུན་བྱ་རྒྱུ་དང་། མིག་སྔར་དངོས་སུ་དེབ་10པར་སྐྲུན་བྱས་ཡོད། རྣམ་གྲངས་དེས་པེ་ཅིང་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་50ཙམ་སྒྲིག་འཛུགས་བྱས་ཏེ་རྒྱལ་ནང་གི་འཐུས་སྒོ་ཚང་ཤོས་ཀྱི《གེ་སར་གྱི་སྒྲུང་པ་བསམ་གྲུབ་ཀྱི་སྒྲུང་དཔེ》དཔེ་གཞིར་བྱས་པ་དང་། ཐོག་མའི་ཡིག་སྒྱུར་ལས་འགན་གཞི་རྩའི་ཆར་ལེགས་སྒྲུབ་ཟིན་ནས་ཕྱི་ལོར་པར་སྐྲུན་བྱ་རྒྱུ་ཡིན་པ་རེད།
          “《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་མུ་འབྲེལ་དཔེ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཡོངས་བསྒྲགས་ངང་པར་སྐྲུན་བྱས་པ་དེས་ཀློག་པ་པོ་དེ་བས་མང་བས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་དང་། ཤེས་རྟོགས། མྱོང་རོལ་བཅས་ཐུབ་པ་དང་མི་རིགས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཐུབ”ཅེས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ཀྱི་འགན་འཁུར་བ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་སུའོ་ཡི་སུའོ་ཀྲང་ཚེ་རིང་ཕུན་ཚོགས་ཀྱིས་བཤད་པ་རེད།
          《གླིང་སྒྲུང》ནི་གནའ་བོའི་བོད་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་མཚོན་པའི་རིག་གནས་ཀུན་བཏུས་ལྟ་བུའི་བརྩམས་ཆོས་ཤིག་ཡིན་པ་དང་། བོད་རིགས་ཀྱི་གནའ་བོའི་ལྷ་སྒྲུང་དང་། གཏམ་རྒྱུད། སྒྲུང་གཏམ། དམངས་གཞས། གཏམ་དཔེ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་ཐོག་ཐོན་པ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། དེས་གནའ་བོའི་བོད་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་ཆེ་ཤོས་མཚོན་གྱི་ཡོད། 2009ལོར《གླིང་སྒྲུང》དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།