ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་བསྡུས།

སྤེལ་དུས 2018-12-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོ་དང་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོ་བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་དུ་འཚོགས་པ་དང་། ཕྱིས་འབྱུང་ལོ་གསུམ་ནས་ལོ་ལྔའི་རིང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་སློབ་གསོ་གཟབ་སྦྱོང་གནང་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོ།
བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོ།
           བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ལོ་ལྔའི་སློབ་གསོ་གཟབ་སྦྱོང་འཆར་འགོད་གནང་ཞིང་། སློབ་ཁྲིད་ཀྱི་ནང་དོན་ལྟར་ཆེད་མཁས་རྩ་འཛུགས་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་དང་གཟབ་སྦྱོང་གི་དམིགས་ཡུལ། བསླབ་ཚན་སྒྲིག་བཀོད་ལྟར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ། ལོ་རྒྱུས་རིག་གནས། དེང་རབས་ཀྱི་ཤེས་བྱ། ཆོས་ལུགས་ཤེས་བྱ་བཅས་ཕྱོགས་ཀྱི་ནང་དོན་འབུར་དུ་ཐོན་པར་བྱས་ཏེ་སློབ་དེབ་ཆ་ཚང་རྩོམ་སྒྲིག་གནང་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཕྱོགས་ཡོངས་བརྒྱུད་རིམ་ལྡན་ཞིང་ཚད་ལྡན་ཕན་ནུས་ཅན་གྱི་སྦྱོང་བརྡར་བྱས་ཏེ་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ནི་ཆབ་སྲིད་ཐད་དེ་བས་བརྟན་པོ་དང་བསམ་བློའི་ཐོག་སྔར་བས་གསལ་པོ། བྱ་སྤྱོད་ཐད་སྔར་བས་སྒྲིག་ལམ་སྲུང་པ། སྤུས་ཚད་ཐད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་བཅས་སོ།
           སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དེ་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་པའི་ཆ་ཤས་ཤིག་ཡིན་ཏེ། སྔར་ལས་ཧུར་བརྩོན་ཆེན་པོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་འདོན་སྤེལ་བྱེད་རྒྱུ་དང་། རང་འགུལ་ཐོག་བཅོས་བསྒྱུར་དང་གོང་སྤེལ། བརྟན་ལྷིང་བཅས་ཀྱི་རླབས་ཆེན་བྱ་གཞག་ནང་ཞུགས་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་ཡོང་པར་སྔར་བས་དགེ་མཚན་ལྡན་པའི་ཁྲིད་སྟོན་བྱེད་རྒྱུ་དང་། སློབ་སྦྱོང་གི་གོ་རིམ་ཁྲོད། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སྲིད་དབང་ཆོས་དབང་ལས་མཐོ་བ་དང་། རྒྱལ་ཁྲིམས་ཆོས་སྲོལ་ལས་མཐོ་བ། ཆོས་སྲོལ་གོ་རིམ་ལྡན་ངང་རྒྱལ་ཁྲིམས་དང་བསྟུན་དགོས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན། འདྲ་མཉམ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་དགོས་ཤིང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་སློབ་སྦྱོང་དང་ལག་ལེན་བསྟར་དགོས་པ། ཧུར་བརྩོན་ཆེན་པོའི་སྒོ་ནས་ཆོས་ལུགས་ཀྱི་དགོངས་དོན་དང་ཀྲུང་ཧྭའི་རིག་གནས་ཕན་ཚུན་མཉམ་འདྲེས་ཐུབ་པ་བྱ་རྒྱུ། དགོན་པའི་འདུལ་ཁྲིམས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྦྲེལ་མཐུད་བྱ་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། རང་འགུལ་གྱི་རྣམ་འགྱུར་དང་ཧུར་ཐག་གི་བྱ་སྤྱོད། བྱེད་ཐབས་དངོས་བཏོན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་ཤིང་། གཟབ་སྦྱོང་མཇུག་འགྲིལ་རྗེས་བསླབ་པ་དག་རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་བེད་སྤྱོད་གཏོང་དགོས་པ། ཆོས་ལུགས་ཀྱི་སྒོམ་སྒྲུབ་ཁྲོད་དང་དགོན་སྡེའི་འཚོ་བའི་ཁྲོད། གྲྭ་བཙུན་རྣམས་ལ་ཤུགས་རྐྱེན་ཐེབས་པའི་ཁྲོད། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་སྔར་བས་བརྩི་སྲུང་ལག་བསྟར་ནན་མོ་བྱེད་པ། སྔར་བས་འབད་པ་ལྷོད་མེད་སྒོས་ལག་ལེན་བྱེད་པ། སྔར་བས་གང་ལ་གང་འཚམ་སྒོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་སྦྱངས་ཟིན་པ་དག་བཀོལ་སྤྱོད་གནང་དགོས་ཞེས་བསྟན།
བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་དགེ་འདུན་པ་ཞིག་གིས་གཏམ་བཤད་སྤེལ་བཞིན་པ།
བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སློབ་འགོ་ཚུགས་པའི་མཛད་སྒོ་མ་འཚོག་གོང་བསྟན་ཁོས་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་གནང་བཞིན་པ།
           བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག  བསྟན་ཁོས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ལྗོངས་ཡོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་པར་ཕྱོགས་ཡོངས་བརྒྱུད་རིམ་ལྡན་པའི་གཟབ་སྦྱོང་གནང་རྒྱུ་སྟེ། དེ་ནི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་སྒེར་གྱི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་པར་ཕན་པ་མ་ཟད་དགོན་སྡེར་དོ་དམ་བྱེད་པའི་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ལ། དེ་བས་ཀྱང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད།
           ད་ཐེངས་ཀྱི་གཟབ་སྦྱོང་ནི་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལ་སློབ་སྦྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། ཁོ་ཚོའི་ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པ། ལས་ཀ་དངོས་ཁྲོད་ཀྱི་དཀའ་གནད་དང་འགལ་བ་འདུམ་ཐབས་བྱེད་པའི་ནུས་པ་མཐོར་འདེགས་དོན་འཁྱོལ་གནང་རྒྱུ་རེད།
           བསྟན་ཁོས། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཁ་ཞེ་གཉིས་མེད་ཀྱི་སྤྱོད་ཚུལ་འཛིན་རྒྱུ་དང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟུང་ཐོག་གྲྭ་བཙུན་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་། གྲྭ་བཙུན་དང་བར་ཐག་ཉེ་རུ་གཏོང་པ། གྲྭ་བཙུན་གྱི་སྤྱོད་ལམ་ཇེ་ལེགས་སུ་གཏོང་པ། འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་གྲྭ་བཙུན་ལ་ཏང་གི་དགོངས་ཚུལ་ཁས་ལེན་དུ་འཇུག་པ། ཏང་གི་རྩ་འཛིན་ལ་རྒྱུས་ལོན་དུ་འཇུག་པ། འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གྲྭ་བཙུན་རྣམས་ཀྱིས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས། རྒྱལ་ཁབ་ཀྱི་གནས་ཚུལ་དང་རང་ལྗོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་པ། ཞབས་ཞུའི་ཁྲོད་དུ་སྔར་ལས་ལྷག་པའི་སྒོ་ནས་གྲྭ་བཙུན་རྣམས་རྩ་འཛུགས་བྱེད་རྒྱུ་དང་གྲྭ་བཙུན་རྣམས་དྲིལ་སྒྲོག་བྱེད་པ། གྲྭ་བཙུན་རྣམས་གོང་བུ་གཅིག་གྱུར་བྱས་ཏེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།
           ལྷུན་གྲུབ་རྫོང་ནྰ་ལེནྡྲ་དགོན་གྱི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་པ་སངས་གིས་གསར་འགོད་པར་དགོན་སྡེར་བཅའ་སྡོད་ལས་བྱེད་ཀྱི་སློབ་གསོ་གཟབ་སྦྱོང་འཛིན་གྲྭའི་སློབ་སྦྱོང་གི་གོ་སྐབས་ནི་ཧ་ཅང་བཟང་བོ་ཞིག་སྟེ “སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ། ལྷག་པར་དུ《ཆོས་ལུགས་ལས་དོན་སྲོལ་ཡིག་》སོགས་བརྒྱུད་བསྒྲགས་དང་ལག་ལེན། སློབ་སྦྱོང་ཡག་པོ་བྱེད་ཐུབ་ངེས་རེད”ཅེས་ཟེར།