ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་དབུལ་སྐྱོར་དེ་བས་གནད་ལ་འཁེལ་བ།

སྤེལ་དུས 2018-12-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་ཏེ་དབུལ་སྐྱོར་དངུལ་བུན་ཚོང་གཉེར་ཐབས་ཇུས་ཤུགས་ཆེར་གཏོང་བ་དང་། ཞབས་ཞུའི་ཐོན་རྫས་གསར་གཏོད། དབུལ་སྐྱོར་རྣམ་གྲངས་དང་འབྲེལ་མཐུད་ཧུར་ཐག་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་ཁུངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་59.88ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་11.41མང་དུ་ཕྱིན་པ་དང་23.54%འཕར་ཡོད་པ་རེད།
          འབོར་ཉུང་ཡིད་རྟོན་དངུལ་བུན་ལ་དམ་འཛིན་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དགོངས་པ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་ལོར་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་གོ་ཆོད་པ་བྱེད་པ་དང་། ལྷག་པར་དུ་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གྱིས་ཞིང་འབྲོག་ཁུལ་ཀྱི་དོན་དངོས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གཏོང་སྐབས། “དངུལ་བུན་གཏོང་ཐུབ་པ་དང་། དངུལ་བུན་ལེན་ཐུབ་པ། ཕན་པ་ཐོན་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་དབུལ་སྐྱོར་གྱི་སྐྱེད་གསབ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་9.59ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་2.7འཕར་བ་དང་འཕར་ཚད་39.19%ཟིན་ནས་དུད་ཚང་དབུལ་པོ་23547ལ་ཕན་པ་ཐོབ་པ་རེད།
          “སྲིད་གཞུང་དང་དངུལ་ཁང”མཉམ་ལས་ལ་དམ་འཛིན་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། གཞིས་རྩེ་གྲོང་ཁྱེར་གྱིས“སྲིད་གཞུང་གི་ཉེན་ཁའི་ཁ་གསབ་ཐེབས་རྩ་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན་ཟུང་འབྲེལ”གྱི་ལམ་སྲོལ་དམ་འཛིན་བྱ་གཞིར་བྱེད་པ་དང་ཇོ་རིའི་ཐོན་ལས་ཆེ་རིགས་བདུན་ལ་དམ་པོར་དམིགས་ཏེ“རྣམ་པ་བཞིར”གཞིགས་ནས་ཐོན་ལས་དབུལ་སྐྱོར་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་རིམ་རྩིས་བརྒྱབ་ན། ཐོན་ལས་གནད་སྨིན་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་8.48བཏང་བ་དང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་6.39ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་0.92འཕར་བ་དང་འཕར་ཚད་16.82%ཟིན་ཏེ་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་6349ཡི་འབབ་འཕར་ལ་སྣེ་ཁྲིད་བྱས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1621ལས་ཞུགས་ཐུབ་པ་རེད།
          འབོར་མང་ཡིད་རྟོན་དངུལ་བུན་གཏོང་བར་དམ་འཛིན་བྱས་ནས་རྣམ་གྲངས་འཛུགས་སྐྱོང་ལ་རོགས་རམ་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་དབུལ་སྐྱོར་དེ་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི“རང་བརྟེན”འཇོན་ཐང་ཆེ་རུ་གཏོང་རྒྱུའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩི་བ་དང་། དངུལ་རྩའི་ལས་ཁུངས་ཁག་གིས་འབྲེལ་ཡོད་ཡིད་རྟོན་དངུལ་བུན་མ་རྩ་བསྡུ་སྒྲིལ་གྱི་དགོས་མཁོར་གཞིགས་ནས་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་། ཡིད་རྟོན་དངུལ་བུན་གྱི་ཚོང་གཉེར་ཐབས་ཇུས་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་རྣམ་གྲངས་རིགས་ཀྱི་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གྱི་མ་དངུལ་གཤམ་སྤྲོད་བྱས་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། རྣམ་གྲངས་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་50.99བཏང་བ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་43.9ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་7.79མང་དུ་ཕྱིན་པ་དང་འཕར་ཚད་21.57%ཟིན་ཡོད་པ་རེད།