ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་ཞིང་ཆེན་གྱིས་དགོན་པ་དང་ཕུལ་བྱུང་གྲྭ་བཙུན་ཁག་ཅིག་ལ་གཟེངས་བསྟོད་སྤྲད་པ།

སྤེལ་དུས 2018-12-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་དང་། ཕུལ་བྱུང་གྲྭ་བཙུན། དགོན་པའི་སྤྱི་ཚོགས་དོ་དམ་བཅས་ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་ཝེ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་འཛིན་གཞོན་པ་ཝང་ཀྲིན་ཧྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་ཞུགས་འགོ་ཁྲིད།
           ཚོགས་འདུའི་ཐོག སྤྱི་ལོ་༢༠༡༧ལོ་དང་སྤྱི་ལོ་༢༠༡༨ལོའི་མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་༢༠དང་ཕུལ་བྱུང་གྲྭ་བཙུན་༤༠ གཞན་ཡང་ཕུལ་བྱུང་སྡེ་ཁག་༡༢བཅས་ལ་གཟེངས་བསྟོད་གནང་ཡོད་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་གཟེངས་རྟགས་གནང་བཞིན་པ།
གཟེངས་བསྟོད་ཐོབ་པའི་གྲྭ་བཙུན་ཁག
           མཚོ་སྔོན་ཞིང་ཆེན་གྱིས་འཆམ་མཐུན་དགོན་པ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དགའ་སེམས་དར་སྐུལ་དང་། བོད་བརྒྱུད་ནང་བསྟན་དགོན་པའི་སྤྱི་ཚོགས་དོ་དམ་གྱི་གསར་གཏོད་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་དགོན་སྡེའི་སློབ་གསོ་དང་དོ་དམ། བརྟན་བརླིང་ལས་དོན་གྱི་འགན་ཁུར་དང་བྱེད་ཐབས་ལག་བསྟར་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཐད་ལའང་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད།
ཚོགས་རའི་ཟུར་ཞིག
           ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བོད་བརྒྱུད་ནང་བསྟན་གྱི་ཡང་དག་པའི་ཁ་ཕྱོགས་གསལ་པོ་ཤེས་རྟོགས་བྱུང་བ་དང་ཁྲིམས་སྐྱོང་གི་སྣེ་ཁྲིད་བྱེད་པ་གཙོ་བོར་བཟུང་སྟེ། ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་དོ་དམ་བྱེད་པའི་ལས་རིམ་ལ་སྐུལ་འདེད་དང་། ཁས་ལེན་ལྔ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ་གནད་དོན་མངོན་གསལ་དོད་རིགས་ཚད་ལྡན་ངང་ཐག་གཅོད་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་པ་བསྐྲུན་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་དུ་སྤེལ་དགོས་ཞེས་གསུངས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་བཞིན་པ།
           ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་སྔ་རྗེས་སུ་དགོན་པ་༢༠༠དང་ཕུལ་བྱུང་གྲྭ་བཙུན་༦༠༠ལྷག་ལ་གཟེངས་བསྟོད་གནང་ཞིང་། དེས་ཆོས་ལུགས་ལས་རིགས་ཁག་ཏུ་མིག་དཔེ་བསྐྲུན་པར་མ་ཟད། འཆམ་མཐུན་དགོན་པའི་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་གང་ལེགས་སུ་བཏང་བ་ཕུད། རྒྱ་ཆེའི་གྲྭ་བཙུན་གྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོར་གྱུར་བ་དང་། རྒྱལ་གཅེས་སྔོན་ཐོན་གྱི་སྟོབས་ཤུགས་སྔར་ལས་ཆེར་བསྐྱེད་དེ་བོད་ཁུལ་དུ་རྣམ་པ་ཡག་པོ་ཞིག་ཆགས་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་གོང་འཕེལ་ཡོང་བ་བཅས་ལ་ནུས་པ་བླ་ལྷག་ཐོན་ཡོད་པ་རེད།