ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཁེ་ཆང་གིས་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་གསུམ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

སྤེལ་དུས 2018-12-18 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་གསུམ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད། 
            རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་གསུམ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད། འཛམ་གླིང་གི་མིང་དུ་གྲགས་པའི་སྔོན་ཆད་ཀྱི་ཆབ་སྲིད་འགོ་ཁྲིད་པ་དང་འཐབ་ཇུས་པ། ཁེ་ལས་པ་དང་རིག་གཞུང་ལས་རིགས་ཀྱི་མི་སྣ་བཅས་མི་སུམ་ཅུ་ལྷག་བཞུགས་མོལ་ལ་ཞུགས།
            ལི་ཁེ་ཆང་གིས་ཚོགས་ཞུགས་འཐུས་མིས་གཏམ་བཤད་ལ་ཉན་པར་མ་ཟད། དྲི་བར་ལན་བཏབ།
            ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཚོགས་ཞུགས་འཐུས་མིས་ཀྲུང་གོ་དང་འཛམ་གླིང་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འཐབ་ལྷོད་མེད་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ལོ་ངོ་བཞི་བཅུའི་རིང་། ཀྲུང་གོའི་འཕེལ་རྒྱས་ཐད་ནས་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་བླངས་པ་དང་། དེ་ནི་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ་ཡིན་ལ། ང་ཚོས་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྒོ་འབྱེད་སྔར་ལས་རྒྱ་སྐྱེད་དེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་འབད་འཐབ་བྱེད་རྒྱུ་ཡིན། ཀྲུང་གོར་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཆ་རྐྱེན་དང་ནུས་པ་ཡོད་ལ། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
            ལི་ཁེ་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་ངོ་བདུན་ཅུའི་རིང་ལ། མིའི་རིགས་ཀྱིས་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་དང་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་དེ། གཙོ་བོར་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་། སྒྲིག་ལམ་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བཅས་ལ་རག་ལས་པས། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་མཐོང་རྒྱ་བཅངས་ནས་གནད་དོན་ལ་ལྟ་བར་རྒྱུན་འཁྱོངས་བྱེད་འོས་ལ། ཀྲུང་གོས་བབ་བསྟུན་མདུན་སྐྱོད་ཀྱི་བཅོས་སྒྱུར་དང་འཚམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་ལམ་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། བཅོས་སྒྱུར་བྱེད་ན་ཉོ་ཚོང་རང་དབང་ཅན་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་སོ་སོའི་སེམས་ཁུར་བྱེད་པའི་གནད་དོན་དང་ཁེ་ཕན་ལ་ལྟ་སྐྱོང་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་བར་ཐག་ཇེ་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
            ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱིའི་རྒྱལ་ཁབ་བར་གྱི་འགྲོ་འོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་པ་དང་། འཛམ་གླིང་གིས་ཀྱང་ཀྲུང་གོར་ཡོང་ནས་ཀྲུང་གོ་ལ་རྒྱུས་ལོན་བྱེད་འོས། ཚོགས་ཞུགས་འཐུས་མི་རྣམས་ཀྲུང་གོ་དང་འཛམ་གླིང་བར་གྱི་བརྗེ་རེས་ཀྱི་ལྕགས་ཟམ་དང་མཉམ་ལས་ཀྱི་སྦྲེལ་ཐག་ལྟ་བུ་བྱས་ནས། ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
            ཚོགས་ཞུགས་འཐུས་མིས་བསྟན་དོན། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་སྤེལ་བའི་ཚུན་དུ་ཁྱབ་ཁོངས་སོ་སོ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་རྟེན་འབྲེལ་ཞུ་བ་དང་། འཛམ་གླིང་ཅན་གྱི་དུས་རབས་ལ་གླེང་མོལ་དང་མཉམ་ལས་བྱེད་དགོས་ལ། རྒྱལ་ཁབ་སོ་སོས་མཉམ་དུ་རྒྱལ་སྤྱིའི་སྒྲིག་ལམ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཡར་ཐོན་ཡོང་བའི་ཐད་བྱས་རྗེས་འཇོག་འོས་ཟེར།
            ཧི་ལིས་ཧྥུན་བྱ་འགུལ་ལ་ཞུགས།