ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་1.35ཆག་ཡང་དང་རྩ་ཆག་བཏང་བ།

སྤེལ་དུས 2018-12-28 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
          ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་11པའི་ཟླ་མཇུག་བར། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཁྲལ་དོན་སྡེ་ཚན་གྱིས་ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་1.35ཆག་ཡང་དང་རྩ་ཆག་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་ཁྲི་7347འཕར་ནས་དུས་མཚུངས་ལས་119%འཕར་བ་དང་ཁེ་སྤོགས་ཆུང་བའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཁྲལ་འཇལ་དུད་ཚང་ཁྲི་13ལྷག་ཟིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་ཆ་རྐྱེན་ཚང་བའི་ཁེ་སྤོགས་ཆུང་བའི་ཁེ་ལས་ལ་ཁེ་སྤོགས་ཆུང་བའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་རང་བཞིན་དུ་རེ་ཞུ་དང་རང་བཞིན་དུ་ཆག་ཡང་དང་རྩ་ཆག་གཏོང་བའི་སྟབས་བདེའི་གོ་རིམ་ལག་བསྟར་བྱས་ཏེ་འཕྲལ་དུ་བདག་སྤྲོད་དང་། ག་དུས་ཡིན་རུང་གཉེར་ཆོག་པ། དུས་བཀག་ནང་གཉེར་ཚར་བ། བདག་སྤྲོད་ཀྱི་གོ་རིམ་སྔར་བས་སྟབས་བདེ་བཟོ་བ། ཁྲལ་འཇལ་བའི་ཁུར་པོ་ཡང་དུ་གཏོང་བ། དཔྱད་གཞི་ཐོལ་པ་མི་དགོས་པ་བཅས་བྱས་ཏེ་ཁྲལ་འཇལ་བར་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།
          ན་ནིང་ང་ཚོའི་ཀུང་སིའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་804.8ཟིན་པ་དང་། འདི་ལོ་སྔོན་དཔག་བྱས་ན། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་860ཟིན་རྒྱུ་རེད་འདུག གནས་ཐང་འཕར་ཁྲལ་ཆག་རྗེས་སྔོན་རྩིས་བྱས་ན་སྒོར་ཁྲི་8ལྷག་གི“ཁྲལ་ཆག་ཡང་གི་ཤོག་ཆག”ལེན་རྒྱུ་འདུག་ཅེས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཨར་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སིའི་འགན་འཁུར་བ་འཆི་མེད་ཀྱིས་བཤད།
          གཞན་ཡང་ཁྲལ་ཆག་ཡང་གི་ཕན་འབྲས་མགྱོགས་མྱུར་ཐོན་ཆེད། བོད་ཀྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་ལས་སྒོའི་རྐང་འཛིན་པ་ས་གནས་དེ་གའི་དམངས་གཉེར་ཁེ་ལས་སུ་མཛུབ་ཁྲིད་བྱེད་པར་བཏང་ནས་ཁེ་ལས་ཀྱིས་སྲིད་ཇུས་ཤེས་རྟོགས་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འདང་ངེས་དང་གང་ལེགས་སྤྱོད་ཐུབ་པའི་རོགས་རམ་བྱས་ཡོད། “ད་ནས་བཟུང་ང་ཁྱེད་ཚོའི་ཁེ་ལས་ཀྱི་ཁྲལ་བསྡུའི་འབྲེལ་གཏུག་པ་ཡིན། ཁྲལ་བསྡུའི་ཐད་དོགས་ཡོད་གནད་དོན་གང་ཞིག་འཕྲད་ཀྱང་ང་དང་ཐད་ཀར་འབྲེལ་བ་བྱས་ན་འགྲིག”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཆུ་གྲོང་རྡལ་བོད་ཕག་ཐོན་ལས་གླིང་གི་ཁྲལ་བསྡུའི་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་ཀོང་པོ་རྒྱ་མདའ་རྫོང་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་པད་མ་དབང་རྒྱལ་གྱིས་ཁྲལ་འཇལ་བ་ཚོར་དེ་ལྟར་བཤད།
          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དེ“དམངས་ལ་ཁྲལ་གཉེར་སྟབས་བདེ་སྐྲུན་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་དྲ་ཚིགས་དང་སྐད་འཕྲིན་གྱི་སྤྱི་རྟགས་སོགས་གང་ལེགས་སྤྱད་དེ་ཁྲལ་འཇལ་བར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་ངང་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད།