ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲོན་བོད་ལྕགས་ལམ་བསྐྲུན་པས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་རྙིད་མི་སྲིད།

སྤེལ་དུས 2018-12-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།2018ལོའི་ཟླ10པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་གཙོ་སྐྱོང་གནང་སྟེ། ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས།
           ཡང་བསྐྱར“མཁའ་ལམ”གསར་པ་ཞིག་གདིང་རྒྱུའི་གཏམ་སྙན་གངས་ལྗོངས་ས་མཐོར་ཁྱབ་པས་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ཡོད་ཅིང་། ལྕགས་ལམ་འདིའི་སྤྱིའི་རིང་ཚད་ལ་སྟོང་སྨི1659ཡོད་ལ་ཕྱོགས་གཅིག་ནི་ལྷོ་ནུབ་མཐའ་ཁུལ་གྱི་བོད་ལྗོངས་དང་སྦྲེལ་ཡོད་པ་དང་། ཅིག་ཤོས་ནས་སི་ཁྲོན་གྱི་ཁྲེང་ཏུའུ་ལ་སྦྲེལ་ཡོད་པས་དེ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་སྲ་བརྟན་དུ་གཏོང་པའི་མཛའ་མཐུན་གྱི་ལམ་བུ་ཞིག་རེད། ལྕགས་ལམ་འཛུགས་སྐྲུན་གྲུབ་རྗེས།དེ་ནི་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་འདེགས་ཐུབ་པའི་མྱུར་བགྲོད་ལམ་བུ་ཞིག་ཏུ་གྱུར་ངེས་སོ།
           སྔར་ནས་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་དེ། ཁོང་གིས་ཐེངས་མང་པོར་ཚང་མས“རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱེད་དགོས”ཞེས་རེ་བ་ནན་མོ་བཏོན་ཡོད། བཅོས་བསྒྱུར་སྒོ་འབྱེད་ཚུན་ལ། རང་རྒྱལ་ནི་མི་རིགས་ཁག་ས་ཁོངས་ལས་བརྒལ་ནས་སྐོར་སྐྱོད་འཁྲུག་ཆ་ཆེ་ཤོས་ཀྱི་དུས་སྐབས་ཞིག་ཏུ་སླེབས་ཡོད་ཅིང་། མི་རིགས་ས་ཁུལ་ཁག་དང་དེ་བཞིན་མི་རིགས་མི་འདྲ་བའི་དབར་གཞི་ཁྱོན་ཆེན་པོའི་མཉམ་འདྲེས་བྱེད་ཀྱི་ཡོད་པ་རེད།མང་ཚོགས་རྣམས་ཀྱི་བཤད་སྲོལ་ལྟར། སི་ཁྲོན་ཁུ་བ་ཁ་ཚས་མཐའ་མཚམས“ཚ་བར” བྱས་པ་དང་། བོད་ཀྱི་ཚགས་ཤ་ཡང་རྒྱལ་ཡོངས་སུ“སྐྱོད”ཡོད་ཅེས་པ་ལྟ་བུ་རེད། དེར་བརྟེན།མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྔར་ལས་གལ་འགངས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི” འཐབ་ཇུས་དགོངས་པ་གལ་ཆེན་ཁ་གསལ་སྒོས་བཏོན་པ་དང་། རྒྱལ་ཁབ་སྐྱོང་བ་དང་མཐའ་མཚམས་སྐྱོང་པ། བོད་བརྟན་ལྷིང་ཡོང་བ་བཅས་བར་གྱི་ནང་གནས་འབྲེལ་བ་ཕྱོགས་ཡོངས་ནས་གསལ་བཤད་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་། “ ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི” རིང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འབེབས་བྱས་པ་དང་།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་གཟིགས་སྐྱོང་སྲིད་རབ་དང་རིམ་པ་གཏན་འཁེལ་གནང་ཡོད། དེས་རྐྱེན་པས་ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་གྱིས་ནུབ་རྒྱུད་ཀྱི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དངོས་ཕན་ལོངས་སྤྱོད་བསྐྲུན་ངེས་པ་རེད། ཁྲོན་བོད་ལྕགས་ལམ་དེ2026 ལོར་རླངས་འཁོར་ཤར་གཏོང་གནང་འཆར་ཡོད་ཅིང་། སྐབས་དེ་དུས་ཁྲོན་བོད་ས་གནས་གཉིས་ཀྱི་མང་ཚོགས་ཕྱིར་སྐྱོད་ལ་དུས་ཚོད་དེ་ཧ་ཅང་ཐུང་དུ་འགྲོ་ཞིང་། དེས་བོད་དང་ནང་སའི་དབར་གྱི་བར་ཐག་ཇེ་ཉེར་བཏང་ཡོད་པ་མ་ཟད་ཁྲོན་བོད་ས་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་ལེགས་སུ་བཏང་ནས། ས་གནས་གཉིས་པོའི་མི་དམངས་ཀྱིས་འགྲིམ་འགྲུལ་སྟབས་བདེ་བའི་ཕན་ཁེ་བྱེད་ཐུབ་པ་དང་།ཁྲོན་བོད་སྔར་བས་གོང་འཕེལ་ལ་སྐུལ་འདེད་བྱེད་ཐུབ་པ་རེད།
           “འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ” ནི་ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཡིན་ལ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུར་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་། དེ་ལྟར་ནའང་ལྕགས་ལམ་འདི་ཉིད་ནི“སྐྲུན་ཁག་ཤོས་ཀྱི་ལྕགས་ལམ”ཞེས་འབོད་ཀྱི་ཡོད་དེ འཁྱག་སའི་གནད་དོན་ཐག་གཅོད་དགོས་པའི་མི་ཚད་ད་དུང་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་ཐག་གཅོད་བྱེད་དགོས་པས་དེར་དཀའ་ཚད་ཇི་ཙམ་ཡོད་པ་ནི་བློས་དཔོག་དཀའ་བ་ཞིག་རེད། དེས་ན་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ ། “ལམ་གཉིས” ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་བརྩོན་བཅས་ཀྱི“བོད་སྐྱོད་པ་རྒན་གྲས” ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དཀའ་ངལ་མི་འཛེམས་པ་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་རེད།
           གྲུ་རླུང་གཡོར་བརྟེན་ནས་ཁ་ལོ་སྒྱུར་དགོས་པ་དང་མིའི་སྟོབས་ཤུགས་ནི་སེམས་ན་ཡོད་པ་རེད། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་འོག་ཁྲོན་བོད་ལྕགས་ལམ་དུས་ཐོག་ཏུ་གྲུབ་ངེས་ཤིང་།བོད་དང་ནང་སའི་མི་དམངས་དབར་གྱི་མཛའ་གྲོགས་ཟམ་པ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ ནམ་ཡང་རྙིད་དུ་འཇུག་མི་སྲིད་པར་ཡིད་ཆེས་ཡོད།