ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ལས་བྱེད་པ་གྲོང་སྡོད་ཁག་བདུན་པའི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བརྒྱད་པའི་སྐུལ་སློང་ཚོགས་ཆེན་འཚོགས་པ།

སྤེལ་དུས 2018-12-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཟླ་12ཚེས་27ཉིན་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ། འདི་ནི་ཚོགས་ར་ཡིན་པ།
            ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་དང་། ལས་དོན་བཀོད་སྒྲིག རྒྱ་ཆེའི་ལས་བྱེད་པས་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ནས་གྲོང་སྡོད་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་བཅས་བྱས་ནས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།
            རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་མ་ཟད། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གོམ་སྟབས་རྗེས་མའི་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞིབ་ཕྲའི་བླང་བྱའང་བཏོན་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་བཅས་ཞུགས་པ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཕུལ་བྱུང་ཧྲུའུ་ཅི་དང་པོ་བཅས་ཀྱི་འཐུས་མིར་བྱ་དགའ་སྤྲད་པ་རེད།
            ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་བྱེད་པའི་གྲོང་སྡོད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་སྡོད་ལས་དོན་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རང་རྟོགས་ངང་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་བ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་ཐད“རང་འགུལ་དུ་འགྱུར་བའི”རྣམ་པ་བཟང་པོ་ཆགས་རྒྱུར་སྔར་བས་སྐུལ་འདེད་བཏང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ནང་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དངོས་པོའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་བཏང་བ། དམངས་འཚོ་འགན་ལེན་དང་ལེགས་གཏོང་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ། གྲོང་སྡོད་བྱ་རྒྱུ་དེ་ལས་བྱེད་པར་སྦྱོང་བརྡར་སྤྲོད་པའི་ལས་སྟེགས་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འཇོན་ཐང་སྔར་བས་ཆེར་གཏོང་དང་སྤྱོད་ཚུལ་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད།
            ཚོགས་འདུའི་ཐོག་མིག་སྔར་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། རྩ་ལག་མཉམ་བཅོས་དང་རྩ་བ་གཙོ་བཅོས་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས། མི་རྒྱུ་དངོས་གསུམ་མང་ཙམ་གཞི་རིམ་དུ་གཏོང་རྒྱུ་མཐའ་འཁྱོངས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ། གཏིང་ཟབ་པའི་འགལ་བ་དང་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་གྲོང་སྡོད་ལས་དོན་ཞིབ་ཚགས་དང་ཏན་ཏིག་གནད་སྨིན་ངང་སྒྲུབ་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་ཀྱི་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པའི་ནན་བཤད་བྱས་པ་རེད།
            ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་མི་ཚོས་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་འབད་འཐབ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི“གཙོ་གནད་ལས་འགན་ཁག་བདུན”ལ་དམ་པོར་དམིགས་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོམས་སྲོལ་ངན་པ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་ལ་ཤུགས་སྣོན་རྒྱག་པ། ཧྲུའུ་ཅི་དང་པོ་བརྗེ་རེས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་རྒྱག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་གཅིག་ཏུ་ཧུར་ཐག་སྒྲིལ་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ཐད་ཚད་བརྒལ་གསར་པ་ཧུར་ཐག་ཡོང་བ་བྱེད་དགོས་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཐད་བྱས་རྗེས་གསར་པ་ཧུར་ཐག་མངོན་དགོས་པ། བརྟན་ལྷིང་སྲུང་སྐྱོང་ལ་རྒྱལ་ཁ་གསར་པ་ཧུར་ཐག་ལེན་དགོས་པ། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་ཐད་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་སྟེ། གཅིག་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འཁྲིའི་འགན་འཁྲི་ཏན་ཏིག་ངང་འཁུར་ནས་ལྟེ་བའི་ལས་དོན་ལ་དམིགས་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་དོ་དམ་གྱི་དཔྱད་ཞིབ་ཡག་པོ་སྒྲུབ་པ་དང་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་སྡོད་བཀོད་པ་ལེགས་སྒྲིག་བྱས་ཏེ་གྲོང་སྡོད་ལས་དོན་སྤེལ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱེད་དགོས་པ། གསུམ་ནས་སྟོན་ཕྱོགས་བཟང་པོ་འཛུགས་དགོས་ཤིང་། གྲོང་སྡོད་ལས་བྱེད་པ་ཧྲག་པོ་མངགས་པ་དང་། བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་ཚད་བསྡུར་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ། བཞི་ནས་གྲོང་སྡོད་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་ཏན་ཞུས་ཏེ་སྤྱོད་གཙང་རང་འདོམས་དང་། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ། ལྔ་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་། རིམ་ཁག་དྲིལ་བསྒྲགས་སྡེ་ཚན། གསར་འགྱུར་སྨྱན་སྦྱོར་བཅས་ཀྱིས་གྲོང་སྡོད་ལས་དོན་གྱི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་སྔོག་འདོན་དང་། ཕྱོགས་སྡོམ། དྲིལ་བསྒྲགས། ཁྱབ་གདལ་བཅས་བཏང་ནས་ཕྱོགས་ཁག་གིས་མཐོང་ཆེན་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ཀུན་གྱིས་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
            གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་། ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།