ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་ཚོགས་ཆེན་གཉིས་ལས། ཆུ་དྭངས་མོ་དང་གནམ་སྔོན་པོ། ས་གཙང་བ་བཅས་ལེགས་པར་སྲུང་སྐྱོབ་བྱེད་དགོས་པ་བསྟན།

སྤེལ་དུས 2019-01-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པའི་ཚེས་7ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཀྱི་ཚོགས་ཆེན་གཉིས་ལས་ཤེས་གསལ་ལ། 2018ལོར་ལྷ་ས་གྲོང་ཁྱེར་ཀྱིས་བཙོག་སྐྱོན་འགོག་བཅོས་ཀྱིས་ལས་དོན་གཏིང་ཟབ་ཏུ་སྤེལ་ནས། ཆུ་དྭངས་མོ་དང་གནམ་སྔོན་པོ།  ས་གཙང་བར་འགོག་སྲུང་བྱེད་པའི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོན།
ལྷ་ས་གྲོང་ཁྱེར་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ།
          ཆུ་མགོ་སྲུང་སྐྱོང་དང་བཙོག་སྐྱོན་འགོག་སྲུང་ལ་ཤུགས་སྣོན་པ། བཟོ་གྲྭའི་ཁུལ་དང་ཁེ་ལས་དང་གནད་ཆེན་ལས་གྲྭའི་བཙོག་ཆུ་ཕྱིར་གཏོང་ལ་ལྟ་སྐུལ་དང་དོ་དམ་བྱས་ཏེ།  ཁོར་ཡུག་ཁྲིམས་ལུགས་དང་འགལ་བའི་ཁེ་ལས་112ལ་སྒོར་ཁྲི་1504ཡི་ཆད་པ་བཅད།  ཉེན་ཁ་ཅན་གྱི་རྫས་འགྱུར་དངོས་པོ་དང་སྲ་གཟུགས་གད་སྙིགས་ཏུན་1258བདག་གཉེར་བྱས།  སྐྱིད་ཆུའི་འབབ་ཡུལ་གྱི་སྤྱིའི་གཙང་བཅོས་ལས་གྲྭ་དང་ལྷ་ཀླུའི་འདམ་རའི་སྲུང་སྐྱོང་ལས་གྲྭ་དངོས་སུ་བསྒྲུབས་པ་དང་། རྫོང་ཁུལ་གྱི་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ་ཡོངས་འཛུགས་སྐྲུན་བྱེད་འགོ་ཚུགས།  རྒྱུག་ཆུ་དང་གཙང་བོ་གལ་ཆེན།  རྒྱལ་ཁབ་ཀྱི་ཚད་བཀག་བཅད་ངོས་དང་འཐུང་ཆུའི་ཆུ་མགོའི་ཆུའི་དག་ཚད་100%ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ཡག་པོར་གནས་ཡོད།
          ནུས་ཚད་གྲོན་ཆུང་དང་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བར་གོམ་པ་བརྟན་པོས་སྐུལ་འདེད་གཏོང་བ།  གྲོང་ཁྱེར་རྙིང་པའི་ཁུལ་དུ་སོལ་བསྒྱུར་དབུགས་དང་སོལ་བསྒྱུར་གློག་གི་ལས་གྲྭ་བསྒྲུབས་པ་དང་། འབར་རྫས་སོལ་ཐབ་22དང་།  བཙོག་ལྡན་རླངས་འཁོར་དང་རླངས་འཁོར་རྙིང་པ་2014བཅས་བེད་མེད་དུ་དོར། གྲོང་ཁྱེར་གྱི་ནུས་ཚད་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་60%ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་ལ་དག་ཚད་98%ལ་སླེབས་ཡོད། 
ལྷ་ས་གྲོང་ཁྱེར་ཚོགས་ཆེན་གཉིས་ཀྱི་སྐབས་སུ་འཐུས་མི་སྐྱེལ་བསུ་བྱེད་པའི་གློག་སྒུལ་མགྲོན་འཁོར།
          མངའ་ཁོངས་ལྗང་མདོག་ཅན་དུ་བསྒྱུར་བ།  རྒྱལ་ཁབ་སྤྱི་གླིང་གྲོང་ཁྱེར་གསར་འཛུགས་ཀྱི་ཆུ་ཚད་སྲ་བརྟན་ངང་མཐོར་འདེགས་བཏང་ནས། ལྗང་མདོག་གིས་གྲོང་ཁྱེར་བསྐོར་བ་དང་མཐའ་འཁོར་གྱི་རིར་སྡོང་འཛུགས་ནགས་སྐྲུན་བྱེད་པ།
          མངའ་ཁོངས་ལྗང་བསྒྱུར་ནགས་སྐྲུན་གྱི་ཁེབས་ཚད་མུའུ་ཁྲི་6.92ཟིན་པ་དང་། རི་རྒྱ་བསྡམས་ནས་ནགས་སྐྱོང་ཚད་ས་མུའུ་ཁྲི་1.13ཟིན་པ།  བྱེ་འགོག་བཅོས་སྐྱོང་ཚད་ས་མུའུ་ཁྲི་3.51ཟིན་པ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་ཆད་ཀྱི་སྡོང་བོ་མེད་པའི་གྲོང་ཚོ་དང་སྡོང་བོ་མེད་པའི་དུད་ཁྱིམ་ཕྱོགས་ཡོངས་ནས་མེད་པར་བཟོས་བ། གྲོང་ཁྱེར་ཡོངས་ཀྱི་ནགས་ཁེབས་ཚད་19.49%ལ་སླེབས་པ་དང་། གྲོང་ཁྱེར་ལྗང་བསྒྱུར་ཁེབས་ཚད་37.8%ལ་སླེབས་ཡོད་ལ། མལ་གྲོ་གུང་དཀར་རྫོང་དང་འདམ་གཞུང་རྫོང་ནི་ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་རྫོང་དུ་གྱུར་ཡོད།  གཤིན་སའི་སྐྱེ་ཁམས་བཅོས་སྐྱོང་དང་བདག་གཉེར་ལ་སྐུལ་འདེད་གཏོང་བ་དང་།  རྫས་ལུད་དང་ཞིང་སྨན་དང་ས་ལྤགས་སོགས་ཀྱི་བཀོལ་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ།  འགྱིག་ཤོག་གི་རིགས་བཀོལ་མི་ཆོག་པ་སོགས་ཀྱི་བྱ་བ་རིམ་པ་བཞིན་སྤེལ་བ། ལོ་ཧྲིལ་བོར་འགྱིག་ཤོག་གི་རིགས་ཀྱི་བཀག་འགོག་ལྟ་སྐུལ་ཐེངས་6བྱས་ནས། ལྦུ་ལྡན་གཅིག་སྤྱོད་འགྱིག་ཁུག་རྒྱ་མ་ཁྲི་3.46 གཞུང་གཞེས་གནང་བ་དང་།  བཙོག་མེད་དྲུབ་མིན་རས་ཁུག་ཁྲི376.1ཚོང་རར་བཀྲམ། 
ལྷ་སའི་མལ་གྲོ་གུང་དཀར་རྫོང་ནས་ལྗང་མདོག་གཏེར་རིའི་སྡོང་འཛུགས་བྱ་འགུལ་སྤེལ་བཞིན་པ།
          2019ལོར་ལྷ་ས་གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་དུ་བརྩོན་ལེན་བྱས་ཏེ། བཙོག་བསྒྱུར་འགོག་བཅོས་ཀྱི་དཀའ་གནད་ལ་མུ་མཐུད་གདོང་ལེན་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ།  ལྟ་སྐུལ་སྤྱི་འདོམས་ཀྱི་གནད་དོན་དག་ཐེར་ལས་འགོ་མྱུར་བར་སྤེལ་བ།  བཙོག་བསྒྱུར་མགོ་ཁུངས་བཅོས་སྐྱོང་ལ་ཤུགས་བསྣན་ནས། ཐོག་མར་སྐྱིད་ཆུའི་མགོ་ཁུངས་ཀྱི་ཞང་དང་གྲོང་བརྡལ་7གྱི་བཙོག་ཆུ་འགོག་བཅོས་ལས་གྲྭ་ཐོག་མར་བསྒྲུབ་པ་དང་།  མལ་གྲོ་གུང་དཀར་རྫོང་གི་བཙོག་ཆུ་གཅིག་སྡུད་ཐག་གཅོད་ཆ་ཚང་ཡོང་བར་མངོན་འགྱུར་ཐུབ་པ་དགོས།  རི་བོ་དང་ནགས་ཚལ། ཞིང་ས། གཙང་པོ། རྩྭ་ལྗང་བཅས་ཀྱི་ཐུན་མོང་ཚེ་སྲོག་གཅིག་གྱུར་ངང་བཅོས་སྐྱོང་དང་།  ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དེ་མ་ལག་ལྡན་པའི་ངང་སྤེལ་བ། ལོ་འདིའི་ནང་རྫོང་རིམ་པའི་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ་ཡོངས་འཛུགས་སྐྲུན་ལེགས་འགྲུབ་ཐུབ་པ་བྱེད་པ།  མུ་མཐུད་ནས་གྲོང་ཁྱེར་མཐའ་འཁོར་དང་རི་ལ་སྡོང་འཛུགས་ནགས་སྐྲུན་བྱེད་པ།  གཙང་བོ་གཉིས་དང་ཆུ་བོ་བཞིའི་འབབ་རྒྱུད་ཀྱི་སྡོང་འཛུགས་ལག་བསྟར་བྱེད་པ་དང་།  གཙོ་བོ་ནགས་སྲུང་སོགས་སྐྱེ་ཁམས་སྲུང་སྐྱོང་གི་ལས་གྲྭ་འཛུགས་སྐྲུན་བྱེད་པ་བཅས་ཡིན། ལོ་འདིའི་ནང་སྡོང་འཛུགས་ནགས་སྐྲུན་གྱི་ཁེབས་ཚད་ས་མུའུ་ཁྲི་2.75ལ་སླེབས་པར་བྱེད་པ་དང་།  རི་རྒྱ་བསྡམས་ནས་ནགས་སྐྱོང་བྱེད་ཚད་ས་མུའུ་ཁྲི་2.08ལ་སླེབས་པར་བྱེད་པ།  ལམ་འགྲམ་དུ་ས་མུའུ་7700ཡི་རིའི་བྱེ་འགོག་བཅོས་སྐྱོང་ལག་བསྟར་བྱེད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་བྱ་བར་ཤུགས་སྣོན་པ་དང་། འགྱིག་ཤོག་གི་རིགས་བཀོལ་བར་སྔོན་འགོག་ཤུགས་སྣོན་བྱེད་པ།  མུ་མཐུད་ནས་ནུས་ཚད་གྲོན་ཆུང་དང་ཕྱིར་གཏོང་ཇེ་ཉུང་དུ་བཟོ་བ། རླངས་འཁོར་གྱི་མཇུག་རླངས་དང་བཟོ་གྲྭའི་བྱེ་ཕྱར་སོགས་ལ་ཆེད་དམིགས་ཀྱིས་དག་ཐེར་བཅས་བྱས་ནས། མཁའ་དབུགས་སྤུས་ཀའི་དག་ཚད་96%ཡན་དུ་ཁག་ཐེག་ཐུབ་པ་བྱ་རྒྱུ།