ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཉེན་ཟོན་མཇུག་རྫོགས་ཀྱང་གཅེས་སེམས་ཟམ་མི་ཆད།” ཆབ་མདོ་གྲོང་ཁྱེར་སྤོ་ལོ་ཤང་གི་མི་སེར་གྱིས་སྒོ་འགྲམ་དུ་འཁྲབ་སྟོན་ལ་བལྟས་ཤིང་དངོས་ཟོག་བླངས།

སྤེལ་དུས 2019-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
འཁྲབ་སྟོན་བྱེད་ཡུལ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཁང་བཀྲ་ཤིས་བཀོད་སྒྲིག་བྱེད་ཡུལ་གྱི་མང་ཚོགས་དཔལ་འཛིན་གྱིས་དགའ་ཚོར་ཆེན་པོས་བརྗོད་རྒྱུར། “དེ་རིང་གི་ལེ་ཚན་ཧ་ཅང་ཡག་པོ་རེད།”  ཟླ1ཚེས4ཉིན། བོད་ལུགས་ལོ་སར་འཆར་ལ་ཉེ་བའི་དུས་སུ། ཆབ་མདོ་གྲོང་ཁྱེར2019ལོའི་“གཤམ་སྤེལ་ལྔའི”གཅིག་སྡུད་ཞབས་ཞུའི་བྱེད་སྒོ་ཁང་བཀྲ་ཤིས་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་སླེབས་ཏེ། ས་གནས་དེ་གའི་མང་ཚོགས་ཚོར་རིག་རྩལ་འཁྲབ་སྟོན་དང་རིན་ཐང་སྒོར་ཁྲི52.62ཡི་འཚམས་འདྲིའི་དངོས་རྫས་ཀྱིས་གནང་སྦྱིན་བྱས།
ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤོ་ལོ་ཤང་དུ་གཅེས་སེམས་སྤྱི་ཕན་ཞལ་འདེབས་བྱང་བུ་སྤྲོད་བཞིན་པ།
            འཇོ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་པད་མ་དབང་མོས་གསར་འགོད་པར་བརྗོད་རྒྱུར། བཀོད་སྒྲིག་བྱེད་ཡུལ་གྱི་མང་ཚོགས་ལ་ལྟད་མོ་ཡག་པོ་འཁྲབ་སྟོན་བྱེད་ཆེད། ང་ཚོ་འཇོ་མདའ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྔོན་ནས་འཁྲབ་ཚན་ཞིབ་ཚགས་དང་ལེགས་སྒྲིག་ཡག་པོ་བྱས། གནམ་གཤིས་ཅུང་གྲང་ངར་ཆེ་ན་ཡང་ཚང་མའི་སྤྲོ་སེམས་རབ་ཏུ་ཆེ་ལ། ང་ཚོས་ཀྱང་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ཏེ་འབད་བརྩོན་ཆེར་བསྐྱེད་ཀྱིས་ཐེངས་འདིར་འཁྲབ་སྟོན་བྱས་པ་ཡིན།”
            རིག་རྩལ་འཁྲབ་སྟོན་ནི་འཇོ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཞབས་བྲོ་《བོད་ཀྱི་ཤར་སྒོ། ཁམས་ཀྱི་འཇོ་མདའི་》 ཁྲོད་འགོ་ཚུགས་པ་རེད། ཞབས་བྲོ་《རྗེ་བཙུན་མི་ལ་》《བདེ་སྐྱིད་ལྡན་པའི་ཁྱིམ་གཞིས།》 གླུ་གཞས་《ཁ་བ།》《ཨ་མ་ལགས།》སོགས་ལེ་ཚན་ལ་ཡུལ་དངོས་མང་ཚོགས་ཀྱིས་དགའ་བསུ་ཞུ་བའི་ཐལ་སྒྲའི་མཐོ་རླབས་ཡང་ཡང་འཕྱུར། སྤོ་ལོ་ཤང་གི་མང་ཚོགས་700ལྷག་གིས་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད།
འཁྲབ་སྟོན་བྱེད་ཡུལ།
            ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར། འཇོ་མདའ་རྫོང་སྤོ་ལོ་ཤང་དུ་“10•11”“10•03”ཐེངས་གཉིས་ལ་རི་ཉིལ་བས་འབྲི་ཆུ་འགག་སྟེ་འཁྱིལ་མཚོ་གྲུབ་པའི་ཉེན་ཁ་བྱུང་། མིག་སྔར་ཉེན་ཟོན་མཇུག་རྫོགས་ཀྱང་གནོད་ཕོག་པའི་མང་ཚོགས་ད་ལྟ་སྔར་བཞིན་གནས་སྐབས་ཀྱི་བཀོད་སྒྲིག་རས་གུར་དུ་བསྡད་ཡོད།
            ཧྥུའུ་ཅན་བོད་སྐྱོར་ལས་བྱེད་པ། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སུའུ་ཧྲེང་ཚའེ་ཡིས་བརྗོད་རྒྱུར། “ཐེངས་འདིའི་2019ལོའི་ཆབ་མདོ་གྲོང་ཁྱེར་གྱི་“གཤམ་སྤེལ་ལྔའི་”བྱེད་སྒོ་འཇོ་མདའ་རྫོང་སྤོ་ལོ་ཤང་གནོད་ཕོག་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་སླེབས་པའི་དམིགས་ཡུལ་ནི། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་དམ་པོར་དམིགས་ནས། སྲིང་བལ་བར་འཚང་སྟོད་གོས་དང་གོས་ཐུང་སོགས་དངོས་རྫས་སྣ་ཚོགས་གྲབས་གསོག་དང་། སྨན་བཅོས་སྨན་རྫས་སྦྱིན་པ། ཚན་རྩལ་དར་སྤེལ་དང་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཏང་དང་སྲིད་གཞུང་གི་དྲོད་སྐྱིད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁོངས་སུ་བསྐྱལ་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་གིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་ཀྱིས་ཚོར་ཐུབ་པ་རེད།”
མང་ཚོགས་ཀྱིས་གྲལ་བསྒྲིགས་ནས་འཚམས་འདྲིའི་དངོས་ཟོག་ལེན་བཞིན་པ།
            འཁྲབ་སྟོན་མཇུག་སྒྲིལ་རྗེས། བཀོད་སྒྲིག་བྱེད་གནས་ཀྱི་མང་ཚོགས་ཀྱིས་གྲལ་རིང་བོར་བསྒྲིགས་ནས་རིམ་པ་ལྟར་ལག་ཐོགས་གློག་ཞུ་དང་ཇ་དཀར། ལག་ཕྱིས། ཆར་གདུགས། སྨན་རྫས་སོགས་དངོས་ཟོག་རིགས་སྣ་ཚོགས་བླངས། བཀོད་སྒྲིག་བྱེད་ཡུལ་གྱི་མང་ཚོགས་བུ་སྐྱིད་ཀྱིས་བརྗོད་རྒྱུར།  “ཐེངས་འདིའི་ཞབས་ཞུའི་བྱེད་སྒོ་ཧ་ཅང་ཡག་པོ་རེད། ང་ཚོར་འཁྲབ་སྟོན་བྱས་པ་མ་ཟད་ང་ཚོར་དངོས་ཟོག་སྤྲད། ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བར་ཡིད་ཆེས་ཡོད།”