ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཛེས་སྡུག་འཆར་གཞིས་མི་སེམས་སྐུལ་མ་ཐེབས། རླུང་བརྟེན་རླབས་གཤགས་སེམས་མཐུན་མདུན་སྐྱོད་བྱེད།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
—— རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཟུར་བྲིས།
དམངས་གཙོའི་གྲོས་མོལ་ལས་ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས། མཐུན་སྒྲིལ་ཆེ་མོ་ལས་ཀུན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
              ཟླ་1ཚེས་13ཉིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པས་སྔོན་གཏན་འཁེལ་བའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་འདུའི་རིང་། རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་མངགས་བཅོལ་ཟབ་མོ་དང་རེ་སྒུག་བློ་ལ་འཆང་བཞིན་ཚད་མཐོའི་འགན་འཁྲི་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་འགན་འཁྲི་གཙང་སྒྲུབ་ནན་ཏན་དང་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་ཞིང་། གྲོས་གཞི་ཁྱོན་405འབྱོར་བའི་ནང་ཨུ་ཡོན་མི་སྒེར་གྱི་གྲོས་གཞི་276དང་། མིང་མཉམ་འགོད་ཀྱི་གྲོས་གཞི་127 མཉམ་སྡེབ་ཀྱི་གྲོས་གཞི་2བཅས་ཡོད།
              2019ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་སོགས་ལག་བསྟར་དོན་འཁྱོལ་བྱེད་པ། སྲིད་གྲོས་ཏང་ཙུའི་ཞིབ་ཕྲའི་བཀོད་སྒྲིག་ལྟར། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་དམ་པོར་དམིགས་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམིགས་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། ཐབས་འདོན་སྲིད་སྐྱོངདང་ཐུན་མོང་ངོས་འཛིན་གཅིག་བསྒྲིལ་བྱ་རྒྱུར་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་འགན་སྒྲུབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པར་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་ལེན་ནན་ཏན་བསྟར་བ། སྲིད་གྲོས་ཀྱི་ལེགས་ཆ་དང་། ཁྱད་ཆོས། ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་པ། དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུག་གི་བསམ་པ་དང“ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པའི”སྙིང་སྟོབས་ལ་བརྟེན་ནས་རྒྱུན་རྣམ་གསར་པའི་འོག་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད། 
          ཟླ་1ཚེས་13ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་མཇུག་འགྲིལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
          ཟླ་1ཚེས་13ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་ཏེ་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གསབ་འདེམས་བྱས་ཤིང་། འདི་ནི་འདེམས་བསྐོའི་ཚོགས་ཆེན་འཚོག་ཡུལ་ཡིན་པ།
          ཟླ་1ཚེས་13ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་ཏེ་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གསབ་འདེམས་བྱས་ཤིང་། འདི་ནི་ཨུ་ཡོན་ཚོས་ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ལ་གྲོས་འཆམ་གནང་བཞིན་པ།
          འདི་ནི་ཟླ་1ཚེས་13ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུ་གྲོལ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
          འདི་ནི་ཟླ་1ཚེས་13ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཨུ་ཡོན་ཚོས་ཚོགས་འདུ་གྲོལ་རྗེས་མཉམ་དུ་པར་རྒྱག་བཞིན་པ།
          ཟླ་1ཚེས་13ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་ཏེ་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གསབ་འདེམས་བྱས་ཤིང་། འདི་ནི་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུའི་ཐོག་འདེམས་ཤོག་འཕེན་བཞིན་པ།
          ཟླ་1ཚེས་13ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གིས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་ཞིང་། འདི་ནི་ནག་ཆུའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་ཟུར་ཞིག་ཡིན་པ།
          ཟླ་1ཚེས་13ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གིས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་ཞིང་། འདི་ནི་མངའ་རིས་ཀྱི་འཐུས་མི་ཚོགས་པའི་འཐུས་མིས་ཕྱག་བརྐྱངས་ནས་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་དང་འདེམས་ཤོག་ལྟ་སྐུལ་པ་འོས་འདེམས་གནང་བཞིན་པ།