ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་དྲ་ཐོག་ནས་སྤྲོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ།

སྤེལ་དུས 2019-01-15 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རིག་རྡོར་གྱིས་བསྒྱུར།
          ཉེ་ཆར། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་ཆེད། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས།《འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་ལ་འགན་ལེན་ཡག་པོ་བྱེད་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་ནས། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་པ་རེད།
          ཞིང་པ་ལས་མིའི་ཁེ་དབང་སྔར་བས་འགན་སྲུང་བྱེད་ཆེད། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་་གིས་སྣེ་ཁྲིད་དེ་བོད་ལྗོངས་དངུལ་ཁང་དང་མཉམ་ལས་བྱས་ནས། ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་དང་གླ་ཆ་དྲ་ཐོག་ནས་སྤྲོད་པའི་ཞབས་ཞུའི་ལས་སྟེགས་བཏོད་པ་དང་འབྲེལ།རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་དང་། མི་སྤྱི་ཐིང་། ཆུ་བེད་ཐིང་། རྒྱལ་ཁབ་ས་ཆ་ཐིང་བཅས་དང་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ཨར་ལས་ཁྱབ་ཁོངས་ཀྱི་ངལ་རྩོལ་མི་སྤྱོད་ཀྱི་རང་མིང་འགོད་ལམ་གྱི་དོ་དམ་དང་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་ཀྱི་ཞབས་ཞུའི་ལས་སྟེགས་རྣམ་གྲངས་ཀྱི་ཚོད་ལྟའི་ལག་བསྟར་ཇུས་གཞི》བཀྲམ་པ་རེད། ཉེ་ཆར་སྡོད་ཁང་འཛུགས་སྐྲུན་དང་། གྲོང་སྲིད།འགྲིམ་འགྲུལ། ཆུ་བེད། རྒྱལ་ཁབ་ས་ཆ་སོགས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནས་ལས་གྲྭའི་འཛུགས་སྐྲུན་གྱི་་རྣམ་གྲངས་6བདམས་ཏེ་རྣམ་གྲངས་ཚོད་ལྟ་བྱས་ཤིང་།རྣམ་གྲངས་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ལྗོངས་ཡོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཨར་ལས་བྱེད་མཁན་ལ་རང་མིང་འགོད་ལམ་གྱི་དོ་དམ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་རེད།
          “གོམ་སྟབས་རྗེས་མར་ང་ཚོས་ཞིང་པ་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་དང་གླ་ཆ་དྲ་ཐོག་ནས་སྤྲོད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་རང་མིང་་འགོད་ལམ་གྱི་དོ་དམ་དང་གླ་ཆ་དྲ་ཐོག་ནས་སྤྲོད་པའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ངལ་རྩོལ་པ་དང་། ལས་གྲྭའི་རྣམ་གྲངས། མི་སྤྱོད་ཚན་པ་བཅས་ཀྱི་རྨང་གཞིའི་ཆ་འཕྲིན་དོ་དམ་དང་། ལས་མིའི་གན་རྒྱ་དོ་དམ། ལས་མིའི་ལས་ཞུགས་ཞིབ་བཤེར་གྱི་དོ་དམ། ངལ་རྩོལ་གླ་ཆ་རྩིས་རྒྱག་དང་མི་སྣ་གསོ་སྦྱོང་དོ་དམ། ལས་རྨས་འགན་བཅོལ་དོ་དམ་སོགས་ནུས་པ་ལྡན་པ་བྱས་ཏེ། ཨར་ལས་ཁེ་ལས་ཀྱི་ཞིང་པ་ལས་མིའི་རང་མིང་འགོད་ལམ་ལ་ལྟ་འདོམས་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཞིང་པ་ལས་མིའི་གླ་ཆ་རྩིས་ཁྲ་ཕྱེ་ནས་སྤྲོད་ཐུབ་པ་དང་། ཨར་སྐྲུན་ལས་གྲྭའི་ངལ་ནུས་བགོ་བཤའ་དང་། ངལ་རྩོལ་མི་སྤྱོད། གླ་ཆ་སྤྲོད་པ་བཅས་ཀྱི་ལས་སྒོ་སྔར་བས་ཚད་ལྡན་དུ་བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཀག་འགོག་བྱེད་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཨར་སྐྲུན་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད།