ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སི་ཁྲོན་དཀར་མཛེས་རྫོང་གིས་ཚད་མཐོན་པོའི“གེ་སར་རྒྱལ་པོའི་སྐུ་མཁར”བསྐྲུན།

སྤེལ་དུས 2019-01-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ།
འདྲ་རིས།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ལ་རིག་གནས་གཏིང་ཟབ་ཡོད་པ་སྟེ། གེ་སར་སྒྲུང་གི་རིག་གནས་དང་དམངས་སྲོལ་རིག་གནས། ཚོང་དོན་རིག་གནས། ཆོས་ལུགས་རིག་གནས། ལོ་རྒྱུས་རིག་གནས་བཅས་སྣ་མང་རིག་གནས་ཕྱོགས་འདིར་འདུས་ཡོད། དཀར་མཛེས་རྫོང་ཁོངས་སུ་གླིང་གེ་སར་རྒྱལ་པོའི་ངག་རྒྱུན་དང་གནའ་ཤུལ་ཡང་མང་པོ་ཡོད། རྫོང་གིས་གཏིང་ཟབ་པའི་རིག་གནས་རྨང་གཞི་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་ཆེད། རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ་དང་རྣམ་གྲངས་ཐུན་མོང་མ་ཡིན་པ་འཆར་འགོད་བྱས་ཏེ། ཚད་གཞི་མཐོ་ལ་བསམ་ཕྱོགས་གསར་བ། འཆར་འགོད་རྒྱ་ཆེན་པོ་ལྡན་པའི་གེ་སར་རྒྱལ་པོའི་སྐུ་མཁར་བསྐྲུན་རྒྱུ་འཆར་འགོད་བྱས།
             རྣམ་གྲངས་དེའི་བསྐྲུན་ཡུལ་ནི་དཀར་མཛེས་རྫོང་གི་ཤར་ལྷོའི་རྒྱུད་དུ་ཡོད་པ་དང་། བྱང་ཕྱོགས་སུ་རྒྱལ་ལམ་317དང་འབྲེལ་ལ། ལྷོ་ཕྱོགས་སུ་ཉག་ཆུ་དང་འབྲེལ། རྒྱལ་ལམ་317བརྒྱུད་དཀར་མཛེས་གེ་སར་གནམ་གྲུ་ཐང་བར་ལམ་ཐག་སྤྱི་ལེ་45ཙམ་ཡོད་པ་དང་།  རྣམ་གྲངས་ཀྱིས་ས་བཟུང་བའི་རྒྱ་ཁྱོན་ལ་མུའུ་1455ཡོད། ཚོད་རྩིས་བྱས་པ་ལྟར་ན་མ་འཇོག་སྒོར་དུང་ཕྱུར་6.3ཟིན། 2018ལོའི་ཟླ་12པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་། སྔོན་དཔག་བྱས་པ་ལྟར་ན་གེ་སར་གནམ་གྲུ་ཐང་དང་དུས་མཉམ་དུ་ད་ལོ་དངོས་སུ་སྤྱོད་གྲབས་ཡོད། རྣམ་གྲངས་དེ་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་དབུལ་པོའི་གྲོང་ཚོས་འཛུགས་སྐྲུན་གཙོ་གཟུགས་བྱས་པ་ལ་བརྟེན་ནས། གྲོང་ཚོ་དབུལ་པོ་རེར“དོན་གཅིག་གྲོས་གཅིག”དང“དམངས་གཉེར་གཞུང་སྐྱོར།”“གཅིག་གྱུར་འཆར་འགོད་དང་རང་བསྐྲུན་བྱེད་པ་”བཅས་ཀྱི་བྱེད་སྟངས་ལྟར་ཨར་ཁང་ཚན་པ་རེ་འགན་ཁུར་བྱས། ཨར་ཁང་ཚན་པ་ཡོངས་ཀྱི་སྒུལ་མེད་རྒྱུ་དངོས་འཛིན་ཡིག་གི་ས་ཞིང་བདག་དབང་གཅིག་གྱུར་གྱིས་རྫོང་གཞུང་གཏོགས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཀུང་སིར་ཐོ་འགོད་བྱས། ས་སྟེང་གི་བཟོ་སྐྲུན་གྱི་བདག་དབང་ཐོ་འགོད་ནི་གྲོང་ཚོའི་དབུལ་པོ་ཡིན། འཛུགས་བསྐྲུན་གྲུབ་རྗེས་གཙོ་བོར་ཟ་ཁང་དང་སྤྲོ་གསེང་རོལ་རྩེད། འགྲུལ་ཁང་། ཁྱད་ལྡན་ཐོན་རྫས་བྲིན་ཚོང་བཅས་གཉེར་འཆར་ཡོད། གྲོང་ཚོའི་དབུལ་པོ་མི་སྣའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། གྲོང་ཚོ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་མཐར་ཕྱིན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་འགན་ལེན་ཏན་ཏིག་བྱེད་ཐུབ།
རྒྱལ་པོའི་སྐུ་མཁར་གྱི་འདྲ་རིས།
བསྐྲུན་བཞིན་པའི་རྒྱལ་པོའི་སྐུ་མཁར།
             རྣམ་གྲངས་སྐུལ་འདེད་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་སྤེལ་འགོ་ཚུགས་པ་ནས་བཟུང་དཀར་མཛེས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་རིག་ལ་བརྟེན་ནས། རིམ་པ་དུ་མའི་ཚོགས་འདུ་ཐེངས་མང་སྐོང་ཚོགས་བྱས་ནས་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས། རྒྱ་ཁྱབ་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། ལས་འཁྱུར་ངལ་གསོའི་ལས་བྱེད་པ། གཞུང་ཞབས་ལས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཆེད་ལས་མཁས་པ་གྲགས་ཅན་རྣམ་གྲངས་ཀྱི་རིག་གནས་བློ་འདོན་པར་གདན་དྲངས་ནས། དཀར་མཛེས་རྫོང་གི་“གེ་སར་རྒྱལ་པོའི་སྐུ་མཁར་”འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས། གེ་སར་རྒྱལ་པོའི་སྐུ་མཁར་ནང་དུ་གླིང་གི་དཔའ་རྟུལ་སུམ་ཅུའི་མཁར་གྲོང་ནི་བོད་ཀྱི་དེང་རབས་རི་མོ་བ་ཆེན་མོས་《གེ་སར་སྒྲུང་》ནང་དུ་འཁོད་པའི་དཔའ་རྟུལ་སུམ་ཅུའི་མཁར་གྲོང་གི་བཀོད་པ་ལྟར་ཇུས་འགོད་བྱས་པས། ལོ་རྒྱུས་སྙན་ངག་ནང་གི་གླིང་གི་དཔའ་རྟུལ་སུམ་ཅུའི་མཁར་གྲོང་དང་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་དེ་ཡུལ་སྐོར་བའི་མིག་ངོར་མངོན་ཡོད། གླིང་སྒྲུང་རིག་གནས་དེ་ཞིབ་འཇུག་གི་གྲུབ་འབྲས་ལས་བརྒལ་བ་དང་།“ཞི་འཇགས་གསོན་ཉམས་”ཁོ་ན་ལས་“མངོན་སུམ་དངོས་བྱུང་”མེད་པའི་རྣམ་པ་མཇུག་སྒྲིལ།
             དུས་མཚུངས་སུ། གེ་སར་རྒྱལ་པོའི་སྐུ་མཁར་དུ་ཡུལ་སྐོར་བའི་འགྲོ་སྡོད་ཟ་བསྐྱོད་པའི་རེ་བ་མངོན་འགྱུར་བྱུང་ཡོད། ཡུལ་སྐོར་བས་གེ་སར་རྒྱལ་པོའི་སྐུ་མཁར་དུ་ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ལོངས་སྤྱོད་ཐུབ་པ་མ་ཟད། བོད་ལུགས་རྩེར་སོན་གསོལ་མགྲོན་ཁང་དུ་བསྡད་ཆོག ལོ་རྒྱུས་སྙན་རྩོམ་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ལ་གཟིགས་རྟོག་བྱས་ཆོག་པ་མ་ཟད། བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ཐོན་ཟོག་ཉོ་སྒྲུབ་དང་། ལོ་རྒྱུས་སྙན་རྩོམ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་གི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རིག་གནས་ལ་མྱོང་རོལ་བྱས་ཆོག  《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་བཤད་པ་ལ་ཉན་པ་དང་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ཟློས་གར་ལ་བལྟས་ཆོག
             ད་ལོ། གེ་སར་རྒྱལ་པོའི་སྐུ་མཁར་དང་དཀར་མཛེས་གེ་སར་གནམ་གྲུ་ཐང་གཉིས་མཉམ་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་གྲབས་ཡོད། གེ་སར་རྒྱལ་པོའི་སྐུ་མཁར་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། བོད་རིགས་ཀྱི་རིག་གནས་དང་དེང་རབས་ཀྱི་དཔལ་ཡོན་མཉམ་འདྲེས་བྱས་པའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱིས་ཐོན་ལས་གསུམ་ཕན་ཚུན་འདྲེས་པའི་འགྲེམས་སྟོན་སྐར་ཁུང་དུ་གྱུར་ཏེ། ཁམས་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མཛེས་ལྗོངས་ཀྱི་མིག་དང་བསྡུ་འགྲེམས་ལྟེ་གནས་སུ་གྱུར་ཡོད།