ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

སྤེལ་དུས 2019-01-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རླུང་འཕྲིན་དང་། བརྙན་འཕྲིན། སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་ཏེ་ཚོགས་འདུ་གཉིས་ལ་དོ་ཁུར་ཟབ་མོ་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
          ཉིང་ཁྲི་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས“འདི་ལོ་བོད་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མི་ལྷག་པ་བྱེད་པའི་གཏམ་བཟང་དེ་ང་ཚོའི་ངོས་ནས་བརྗོད་ན་མི་སེམས་ལ་སྐུལ་མ་ཐེབས་པའི་བྱ་བཟང་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་ད་ཆ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་གྱི་ཚད་གཞི་བརྟན་པོ་སྲུང་བ་དང་དཔྱད་ཞིབ་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ཏེ་དེ་བས་འགན་འཁྲི་ནན་ཏན་འཁུར་བའི་ཐོག་ནས་དཀའ་བ་དུ་མ་ཁྱད་བསད་ཀྱིས་དབུལ་སྒྲོལ་གྱི་ལས་དོན་ཁག་ལེགས་གྲུབ་ཧུར་ཐག་བྱ་རྒྱུ་རེད”ཅེས་བཤད།
          “སྲིད་གཞུང་གིས་ང་ཚོར་ཁང་པ་གསར་པ་བརྒྱབ་པ་མ་ཟད། ལམ་ཡང་གསར་པ་བཟོས་ནས་ད་ཆ་ཤང་དང་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་ཡོད། འདི་ལོ་ང་དང་གྲོང་མི་གཞན་མཉམ་དུ་ཕ་ཡུལ་དུ་ཤིང་འབྲས་འདེབས་རྩིས་ཡོད། ད་ཆ་ཕྱིར་ཨར་པོ་རྒྱུག་པར་འགྲོ་འདོད་མི་འདུག”ཅེས་མེ་ཏོག་རྫོང་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོའི་གྲོང་མི་དཀོན་མཆོག་ཚེ་རིང་གིས་བཤད། སྔོན་ཆད་རང་བྱུང་ཆ་རྐྱེན་ཞན་པ་དང་།
          ཐོན་སྐྱེད་རྒྱུ་ཆ་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་དབང་གིས་གྲོང་ཚོ་དེའི་གཞོན་ནུ་མང་ཆེ་བས་ལོ་མང་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕྱིར་ཡོང་འབབ་གསོག་པར་འགྲོ་གི་ཡོད། ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་པས། མེ་ཏོག་གི་དཔལ་འབྱོར་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་སྟེ་དེ་སྔ་ཕྱིར་སྤོས་པའི་མང་ཚོགས་རྣམས་ད་ཆ་མེ་ཏོག་ཏུ་ལོག་འདོད་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་མེ་ཏོག་རྫོང་གིས་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་བསམ་འདྲེན་ཁ་གྲོང་ཚོའི་གཤམ་གྱི་ན་པའི་ཚུར་ལོག་གནས་སྤོའི་བཀོད་སྒྲིག་ས་ཚིགས་བསྐྲུན་པ་རེད། དེ་དང་དུས་མཚུངས་བོད་ཕག་དང་། སྔོ་ཚལ་དྲོད་ཁང་ཆེན་པོ། ཇ་ལོ་སོགས་འདེབས་པ་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་སྟེ་ཚུར་ལོག་གནས་སྤོའི་མང་ཚོགས་དུད་ཚང་328རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་པར་བྱས་པ་རེད།
          ཆུ་གསུམ་རྫོང་ཤག་བྱང་ཤང་སྐྱ་བ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བསམ་གཏན་གྱིས“ད་ཆ་གྲོང་མིའི་འཚོ་བ་ལེགས་སུ་ཕྱིན་པས་ཁྱིམ་ཚང་ཚང་མར་བརྙན་འཕྲིན་ཆེན་པོ་ཡོད་ལ། གྲོང་མིའི་བསམ་བློའི་འཁྱེར་སོར་ཡང་འགྱུར་ལྡོག་ཕྱིན་ནས་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ་མ་ཟད། ཏང་དང་སྲིད་གཞུང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཀྱང་རང་འགུལ་ངང་ཤེས་རྟོགས་བྱེད་བཞིན་ཡོད། འདི་ལོའི་ཚོགས་འདུ་གཉིས་ཀྱི་མགོ་ནས་མཇུག་བར་གླེང་བ་ཚང་མ་ང་ཚོ་མི་སེར་དང་འབྲེལ་བ་འདུག་པས། དེ་དག་གོ་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་། གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་སླད་ཕྱིན་ངས་མུ་མཐུད་གྲོང་མིའི་སྣེ་ཁྲིད་དེ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་དཀའ་སྤྱད་ལག་ཟུང་ལ་བརྟེན་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་བཤད།