ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོར་གཞི་ཁྱོན་དེ་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་དེ་བས་མངོན་གསལ་དོད་པའི་གྲོན་དངུལ་དམའ་རུ་གཏོང་རྒྱུ་ཡིན་པ།

སྤེལ་དུས 2019-01-17 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། གཡུ་སྒྲོན་གྱིས་བསྒྲིགས།
          ཟླ་1ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གིས་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནོར་སྲིད་པུའི་པུའུ་ཀྲང་ལས་རོགས་ཞུས་ཧུང་ཚའེ་ཡིས་2019ལོར་2018ལོའི་ཁྲལ་རིན་གཉིས་ཆག་གི་རྨང་གཞིའི་ཐོག་ད་དུང་དེ་བས་གཞི་ཁྱོན་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་དེ་བས་མངོན་གསལ་དོད་པའི་གྲོན་དངུལ་དམའ་རུ་གཏོང་རྒྱུ་ཡིན་པ་གཙོ་བོ་ཕྱོགས་བཞི་ཚུད་ཡོད་པ་གཤམ་གསལ།
          གཅིག་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡོངས་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། སྲིད་ཇུས་དེ་ཟླ་1ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་རྗེས་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་ཞིག་རེད། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་ཁྲལ་བསྡུའི་ཚད་འཛིན་ས་མཐོ་རུ་བཏང་ནས་ཟླ་རེར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་3དེ་སྒོར་ཁྲི་10ལ་ལེགས་སྒྲིག་བྱ་རྒྱུ་སྟེ། ཟླ་རེར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་10མན་ཡིན་ཚེ་གནས་ཐང་འཕར་ཁྲལ་སྐྱེལ་དགོས་མེད། ཁེ་བཟང་ཉུང་བའི་ཁེ་ལས་ཆུང་གྲས་ཀྱི་ཚད་གཞི་ལྷུག་ཏུ་གཏོང་བ་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལྷུག་ཏུ་བཏང་རྗེས་ཀྱི་ཆ་རྐྱེན་ནི། ཁེ་ལས་ཀྱི་མ་རྩ་བསྡོམས་འབོར་སྒོར་ཁྲི་5000མན་དང་། ལས་ཀ་བྱེད་མཁན་མི་གྲངས་300མན། ཁྲལ་འཇལ་གྱི་ཐོབ་ཁྲལ་སྒོར་ཁྲི་300མན་བཅས་རེད།
          “དེ་གོང་གཏན་འཁེལ་བྱས་པའི་ཚད་གཞི་ལས་ཆེས་ཆེར་མཐོ་རུ་སོང་ཡོད་པ་དེ་ནི་དེ་བས་མང་བའི་ཁེ་ལས་མང་པོ་ཞིག་ཁེ་བཟང་ཉུང་བའི་ཁེ་ལས་ཆུང་གྲས་ལ་གཏན་འཁེལ་བྱས་ཡོད། ཚད་ལེན་ཞིབ་རྩིས་ལ་གཞིགས་ན། ཁེ་བཟང་ཉུང་བའི་ཁེ་ལས་ཆུང་གྲས་བསྡོམས་ཁྲི་1798ཡོད་པར་གཏན་འཁེལ་བྱས་པ་དེས་ཁྲལ་འཇལ་ཁེ་ལས་ཡོངས་ཀྱི་བསྡུར་ཚད་ཀྱི་95%ལྷག་བཟུང་ཡོད”ཅེས་ཞུས་ཧུང་ཚའེ་ཡིས་བརྗོད་ཅིང་། ཁོང་གིས་ཁྲལ་ཚད་གཟིགས་སྐྱོང་ཐད་ཁྲལ་འཇལ་གྱི་ཐོབ་ཁྲལ་མི་འདྲ་བར་གཞིགས་ཏེ་ཐོབ་ཁྲལ་གྱི་གཟིགས་སྐྱོང་ཁྲལ་ཚད་ཁག་སོ་སོར་སྤྱོད་རྒྱུ་ཡིན་ཞིང་། དེའི་ནང་ཁྲལ་འཇལ་གྱི་ཐོབ་ཁྲལ་སྒོར་ཁྲི་100མན་དང་ཁྲལ་འཕྲི་5%ཟིན་ནས་ཚད་ལྡན་ཁྲལ་ཚད་ཀྱི་བརྒྱ་ཆའི་གྲངས་20ཡིས་དམའ་བ་ཡོད། ཁྲལ་འཇལ་གྱི་ཐོབ་ཁྲལ་སྒོར་ཁྲི་100ནས་300བར་དང་ཁྲལ་འཕྲི་10%ཟིན་ནས་ཚད་ལྡན་ཁྲལ་ཚད་ཀྱི་བརྒྱ་ཆའི་གྲངས་15ཡིས་དམའ་བ་ཡོད་ཅེས་བརྗོད་པ་རེད།
          གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱིས་སྐྱེལ་བའི་ས་གནས་ཀྱི་ཁྲལ་རིགས་ཁག་གཅིག་ལ་ཕྱེད་ཀ་ཉུང་དུ་བཏང་ནས་བསྡུས་ན་ཆོག ས་གནས་ཁག་གིས་གོ་རིམ་ལྟར་50%ཡི་ཚད་གཞིའི་ནང་ཐོན་ཁུངས་ཀྱི་དཔྱ་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་དཔྱ་ཁྲལ། འཛིན་ཁྲལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ། རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་སོགས་ས་གནས་ཀྱི་ཁྲལ་རིགས་དང་དེ་བཞིན་སློབ་གསོའི་གྲོན་དངུལ་ཟུར་བསྣན་དང་ས་གནས་ཀྱི་སློབ་གསོའི་ཁ་གསབ་སོགས་ཆག་ཡང་གཏོང་ཆོག
          གཉིས་ནི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ངོ་བོའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
          གསུམ་ནི་བཟོ་བཅོས་བརྒྱབ་རྗེས་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆེད་གཉེར་ཟུར་སྣོན་འཐེན་འཕྲིའི་སྲིད་ཇུས་ཁག་དྲུག་དོན་འཁྱོལ་ཡག་པོ་བྱས་ནས་ཡུལ་མིའི་ཁྲལ་འཕྲིའི་ཁུར་པོ་ཡང་དུ་གཏོང་རྒྱུ།
          བཞི་ནི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་རྒྱུའི་ཕྱོགས་བསྡུས་ཇུས་གཞི་བཟོས་ནས་ཞིབ་འཇུག་ཧུར་ཐག་བྱས་ཏེ་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྐྱེལ་བའི་ཁུར་པོ་ཡང་དུ་གཏོང་རྒྱུ། དེ་དང་ཕྱོགས་མཚུངས་འགྲོ་གྲོན་བསྡུ་རྒྱུ་གཙང་བཤེར་དང་ཚད་ལྡན་ཡོང་བ་བྱས་ནས་གང་བྱུང་དུ་གྲོན་དངུལ་བསྡུ་བར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་བརྗོད།
          རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལེན་ཝུའེ་ལེང་གིས་འདི་ལོ་མ་འཇོག་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དུས་ཚོད་ཚད་གཞི་ཐུང་དུ་གཏོང་རྒྱུ་མ་ཟད། ས་ཁུལ་16ལ་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་སུ་ལས་གྲའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དུས་ཚོད་ཕྱེད་ཀ་ཐུང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁྲོམ་རའི་འཇུག་འཐུས་སྔར་བས་ལྷུག་ཏུ་གཏོང་རྒྱུའི་ཐད་འདི་ལོ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ། གྲོང་ཁྱེར་22ལ་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་དང་རྒྱལ་ཁབ་རིམ་པའི་ཁུལ་གསར་དུ་གཉེར་ཚོང་ཁོར་ཡུག་ཚོད་ལྟའི་གདེང་འཇོག་ཕྱོགས་ཡོངས་ནས་བྱ་རྒྱུ་རེད་ཅེས་བརྗོད།