ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས།

སྤེལ་དུས 2019-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1ཚེས12ཉིན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པའི་མཛད་སྒོ་དང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་ཁྲེང་ཏུའུ་རུ་འཚོགས། སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལིས་བྱེད་སྒོར་ཞུགས་ནས་གཏམ་བཤད་གནང་།
སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལིས་བྱེད་སྒོར་ཞུགས་ནས་གཏམ་བཤད་གནང་།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན། དམར་པོའི་རིག་གནས་དགོན་སྡེ་དང་། “ཅན་བཞིར་འགྱུར་བའི་” སྔོན་ཐོན་དགོན་སྡེ་བསྐྲུན་པ་དང་། “ཆོས་ལུགས་བཅའ་སྲོལ་འཛུགས་སྐྲུན་གྱི་ལོ་”དང་“ལྔ་གཉིས་གསུམ་སློབ་གསོའི་”བྱེད་སྒོ་སྤེལ་ནས། ཧུར་ཐག་གིས་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་ཐང་ག་འགྲེམས་སྟོན། དགོན་པ་ཡོངས་ཁྱབ་ཏུ་རྒྱལ་དར་སྒྲེང་ནས་ཏང་ཨུ་དང་སྲིད་གཞུང་ལ་བློ་ཁ་གཅིག་མཐུན་དང་། ལས་རིགས་གཅིག་པའི་བློ་མཐུན་རྣམས་ལ་སྣང་བརྙན་བཟང་པོ་བསྐྲུན་དགོས། གྲོས་ཚོགས་ཀྱིས་བསྟན་དོན། བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་ནི། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། དགེ་འདུན་པ་ཡོངས་ཀྱི་བསམ་འདུན་དང་མི་དམངས་ཀྱི་བསམ་ཕྱོགས་ལ་མཐུན་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ལག་ལེན་གསོན་པོ་དང་ཕན་ཡོད་འཚོལ་ཞིབ་ཐེངས་ཤིག་ཡིན།
ཚོགས་ཞུགས་མི་སྣས་དྲན་རྟེན་མཉམ་པར།
          གྲོས་ཚོགས་ཀྱིས་ནན་གྱིས་གནང་དོན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲྭ་བ་དང་མང་ཚོགས་དབར་མཐུན་སྒྲིལ་བྱེད་པའི་འབྲེལ་ཟམ་ལྟ་བུ་བྱེད་པ་དང་། ཤུགས་ཆེན་པའི་ལས་ཀའི་དྲ་བ་བཙུགས་ནས། དགོན་སྡེའི་རྩ་འཛུགས་ཁྱོན་ཡོངས་སུ་ཁེབས་པ་དང་ལས་དོན་ཁྱོན་ཡོངས་ལ་ཁྱབ་སྟེ། དུས་ཐོག་ཏུ་ཏང་ཨུད་སྲིད་གཞུང་གི་གསུང་སྐད་གཤམ་དུ་བརྒྱུད་བསྒྲགས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་གྱི་དཀའ་ངལ་དང་རེ་བ། བསམ་འཆར་གྲོས་གཞི་ཡར་ཞུ་བྱེད་དགོས།
          ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར། མི་རིགས་ས་ཁོངས་རང་སྐྱོང་ལ་བརྩི་བཀུར། ཏང་ཨུད་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཁྲིམས་ལྟར་དགོན་སྡེ་ལ་དོ་དམ་བྱ་རྒྱུ་ཤུགས་སྣོན་དགོས། གྲྭ་བ་མང་ཚོགས་ཡོངས་ཁྱབ་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་གོང་བུར་གཅིག་ཏུ་བསྒྲིལ་ནས། ཆོས་ལུགས་ཀྱི་གོམས་སྲོལ་ལེགས་པོ་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཏུ་འགྱུར་བ་བྱ་དགོས། ཨུ་ཡོན་རྣམ་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་དགའ་བའི་མིག་དཔེ་བཟང་པོ་དང་ཡང་དག་དད་པའི་སྤྱོད་ལེགས་ཀྱི་མིག་དཔེ་བཟང་པོ། ཁྲིམས་བཀུར་སྲོལ་བརྩིའི་མིག་དཔེ་བཟང་པོ། འགྲོ་དོན་སེམས་ཅན་ལ་དགེ་བའི་མིག་དཔེ་བཟང་པོ་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་སྣང་བརྙན་ལེགས་པོ་བསྐྲུན་དགོས།
སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཡུལ་དངོས།
          སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་རྒྱལ་བསྟན་བློ་བཟང་བྱམས་པ། ཀྲུའུ་རེན་གཞོན་པ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། པདྨ་རིན་ཆེན། ཡོན་ཏན་རྒྱ་མཚོ་དང་ཨུ་ཡོན་རྣམ་པ་དང་། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཨུད་བོད་རིགས་ས་ཁུལ་གཞུང་དོན་ཁང་། ཞིང་ཆེན་མི་རིགས་ཆོས་དོན་ཨུ་ལྷན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ཡོད།