ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འབྱོར་འབྲིང་གི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས།
—— 2018ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
           2018ལོར་ཕྱིར་མིག་ལྟ་སྐབས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཡང་དག་ངང་ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ལ་གཙོ་གནད་དུ་དམིགས་པ། ཁྱད་ལྡན་ཐོན་ལས་ཆེན་པོ་བདུན་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོཌ་པོ་གཏོང་བ་བཅས་བྱས་པས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་བྱུང་ཡོད།
ནང་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
           2018ལོར་རང་ལྗོངས་ཀྱིས་ཀྲུང་དབྱང་གི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྤྱི་ཚོགས་ཀྱི་མ་འཇོག་དང་དམངས་ཁྲོད་ཀྱི་མ་འཇོག་བྱེད་མང་དུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། འཕེལ་རྒྱས་ཀྱི་འཇུར་མིག་བསལ་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ། ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
           ལོ་འགོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས། ལྗང་མདོག་བཟོ་ལས། དྭངས་གཙང་ནུས་རྒྱུའི་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་གཞིའི་ཐོན་ལས། མཐའ་མཚམས་ཉོ་ཚོང་དང་ཟོག་འགྲེམས་ཐོན་ལས་བཅས“ཐོན་ལས་ཆེན་པོ་བདུན”ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཏོན་གནང་ཡོད།
           ས་མཐོའི་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ཅུང་མགྱོགས་པོ་ཕྱིན་པ་དང་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ནས་དང་། འབྲི་གཡག བོད་ཕག་སོགས་ཀྱི་ཐོན་ལས་གསར་གཏོད་བྱས་པ་བརྒྱུད་ཞིང་འབྲོག་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་དང་ཞིང་འབྲོག་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། སྔོན་དཔག་ལྟར་ན་འདི་ལོའི་འབྲུ་རིགས་ཐོན་ཚད་མུ་མཐུད་ཏུན་ཁྲི་100ཡན་ཟིན་རྒྱུ་དང་། རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་125ཟིན་རྒྱུ་རེད།
           ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས་ས་ཁོངས་ཧྲིལ་པོར་འཕེལ་རྒྱས་ཕྱིན་ཞིང་། “ས་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་ཕྱོགས་ཡོངས་ནས་བཏོད་དེ“དགུན་དུས་བོད་ལ་ཡུལ་སྐོར་དུ་བསྐྱོད་པ”དང་། གུང་གསེང་ཡུལ་སྐོར། ཉིན་གཅིག་གི་ཡུལ་སྐོར་བཅས་རྒྱུན་མཐུད་ངང་འཕར་ནས་ས་ཁོངས་ཧྲིལ་པོ་དང་དུས་ཚིགས་ཡོངས་རྫོགས་དང་། ཡུལ་སྐོར་ལ་ཡོང་མཁན་མང་པོ་མེད་པའི་དུས་སུ་ཡུལ་སྐོར་བ་མང་བ། དུས་ཚིགས་ཡག་ཤོས་སུ་ཡུལ་སྐོར་བ་དེ་བས་མང་བ་བཅས་ཀྱི་རྣམ་པ་ཡག་པོ་མངོན་ཡོད་པ་རེད། ན་ནིང་ཟླ་དང་པོ་ནས་བཅུ་པ་བར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3240.53ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་28.6%འཕར་ཡོད་པ་རེད།
           ལྗང་མདོག་བཟོ་ལས་གཞི་ཁྱོན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཕྱིན་ཞིང་། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ལས་རིགས་བཅུ་ཆ་དྲུག་མུ་མཐུད་འཕར་བ་དང་། ན་ནིང་ཟླ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་རིན་ཐང་འཕར་མ་འགྱུར་མེད་རིན་གོང་ལྟར་རྩིས་ན་13%འཕར་བ་དང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.6གིས་མཐོ་བ་ཡོད་པ་དང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་མུ་མཐུད་སླེབས་ཡོད།
           དྭངས་གཙང་ནུས་རྒྱུའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ཞིང་། གློག་ཤུགས་ཕྱིར་སྐྱེལ་བགྲོད་ལམ་དང་བསྡུ་ཉར་གཙང་སེལ་ཁྲོམ་ར་ཧུར་ཐག་བཏོད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་གློག་ཤུགས་ཉོ་ཚོང་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད།
           དེང་རབས་ཞབས་ཞུའི་ལས་རིགས་སྤྱི་ཡོངས་ནས་འཕེལ་རྒྱས་ཕྱིན་ཞིང་། “ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི”སྐོར་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་པ་དང་འབྲེལ“ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང་། རྒན་གསོ། སློབ་གསོ། གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྔར་བས་ཆེ་རུ་གཏོང་རྒྱུའི”ལག་བསྟར་ཇུས་གཞི་ཡང་བཟོས་ནས་ཞབས་ཞུའི་སྤུས་ཀ་རྒྱུན་ཆད་མེད་པར་མཐོ་རུ་དང་ཞབས་ཞུའི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཡོད།
           མཐོ་གསར་གྲངས་གཞིའི་ཐོན་ལས་གསར་གཏོད་འཕེལ་རྒྱས་བཏང་ཞིང་། ཆ་འཕྲིན་ཅན་གྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ལྷན་དང་རང་སྐྱོང་ལྗོངས་ཀྱི་གཞི་གྲངས་ཆེ་མོའི་འཕེལ་རྒྱས་ལྟེ་གནས་བཙུགས་ཏེ་རྨང་གཞིའི་སྤྲིན་ཚོམས་ལས་སྟེགས་དང་། “དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་སྟེགས། གཞི་གྲངས་ཆེ་མོའི་བཀོལ་སྤྱོད་ཚོད་འཛིན་ལྟེ་གནས་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱས་པ་དང་། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད།
           རང་ལྗོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱི་སྦྲེལ་མཐུད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་། ཆེད་དོན་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཐབས་བརྒྱ་ཇུས་སྟོང་ངང་ཚོང་འགུགས་མ་འདྲེན་བྱས་པས་མ་འཇོག་མཁན་གྱི་ཡིད་ཆེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ན་ནིང་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་26.62ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.5%འཕར་ཡོད།
           བསྡོམས་རྩིས་ལས་མངོན་པར་གཞིགས་ན། ན་ནིང་ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1044.03ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་9.0%འཕར་བ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.3གྱིས་མཐོ་བ་ཡོད་པ་དང་འཕར་ཚད་དེ་ཀུའེ་ཀྲོའུ་དང་འདྲ་མཉམ་ངང་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་གོང་མའི་དུས་མཚུངས་ལས་9.7%འཕར་བ་དང་ཁྲོམ་རའི་བྱེད་པོ་ཅུང་མགྱོགས་ཙམ་འཕར་ཡོད། ན་ནིང་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་ལོ་གོང་མའི་དུས་མཚུངས་ལས་20.5%འཕར་བ་དང་། ལྗོངས་ཡོངས་ཀྱི་དམངས་ཁྲོད་མ་འཇོག་འཕར་ཚད་མགྱོགས་སུ་ཕྱིན་ནས་ན་ནིང་ཟླ་དང་པོ་ནས་བཅུ་པའི་བར་དུས་མཚུངས་ལས་17.2%འཕར་ཡོད་པ་རེད།
འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་བརྒྱབ་པ།
           2018ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་མཐའ་འཁྱོངས་བྱས་ནས་གནད་སྨིན་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ཡོད། དེའི་གཙོ་གནད་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས་དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ནས་ཐོན་ལས་དབུལ་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཡོད། ཆབ་མདོའི་ས་ངན་ཡུག་ཁུལ་གྱི་གྲོང་ཁྱེར་ལས་བརྒལ་བའི་ཡུལ་གཞན་དུ་གནས་སྤོ་དང་ས་བབ་མཐོ་བ་སོགས་དམིགས་བསལ་ས་ཁོངས་ཀྱི་ཞིང་འབྲོག་པ་ཡུལ་གཞན་དུ་གནས་སྤོ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ཡོད། བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་སྐྱོར་གྱི་མ་དངུལ་དང་། ཤེས་ལྡན་པ། རྣམ་གྲངས་བཅས་དེ་བས་མང་བ་ཤིན་ཏུ་དབུལ་བའི་ས་ཁུལ་དང་གཞི་རིམ་ལ་གཟིགས་སྐྱོང་བྱ་རྒྱུའི་འགན་ལེན་བྱས་ཡོད། ལོ་ཧྲིལ་པོར་ཤིན་ཏུ་དབུལ་བའི་རྫོང་25དབུལ་ཞྭ་ཕུད་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།
           ཉེན་ཁ་གལ་ཆེན་སེལ་བ་དང་སྔོན་འགོག་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཅིང་། སྤྱི་ཁོག་འདེགས་ཤིང་གི་ཚད་གཞི་ཚོད་འཛིན་ནུས་ལྡན་བྱས་ཏེ་ཚད་ལྡན་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་དང་། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་ཆེ་རུ་བཏང་བ། ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ཡོད། དངུལ་རྩའི་ཁྲོམ་ར་མུ་མཐུད་བརྟན་དུ་ཕྱིན་ཞིང་། 2018ལོའི་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་5081.75ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.5%འཕར་ཡོད་པ་རེད།
དམངས་འཚོར་སྣང་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་བཏང་བ།
           རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དམངས་འཚོ་ལེགས་གཏོང་དང་མང་ཚོགས་ལ་ཕན་པ་འདོགས་རྒྱུའི་ཐད་དོན་འཁྱོལ་བྱས་ཡོད། ལས་ཞུགས་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ། སློབ་གསོ་སོགས་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་ཐད་ཐབས་ཇུས་དངོས་འདོན་པ་དང་། དཀའ་གནད་སེལ་བ། བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་འཚོར་དྲོ་སྐྱིད་གསར་པ་སྦྱིན་ཡོད།
           རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མ་འཇོག་གི་གཙོ་གནད་དེ་དམངས་འཚོའི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་སློབ་མ་རེར་ལོར་ཆ་སྙོམས་སྒོར་3720ཟིན་ཡོད། སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ཆབ་མདོ་བཅས་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་སྔ་རྗེས་སུ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་བསྐྲུན་ཏེ་འདུས་འདྲིལ་གཅོང་ནད་དང་། གློ་ནད། ས་མཐོའི་གྲུམ་བུའི་ནད་བཅས་གྲལ་བཤེར་སྐྱོབ་བཅོས་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཀྱི་རིམ་ཁག་སྲིད་གཞུང་གི་རོགས་སྐྱོབ་ཚད་གཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི། དབང་པོ་སྐྱོན་ཅན་གྱི་ཁ་གསབ་གཉིས་སོགས་སྔ་རྗེས་སུ་མཐོ་རུ་བཏང་ཡོད།
           གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་དང་ལས་གཏོད་ལས་ཞུགས་ཀྱི་ཐེབས་རྩ་སྤྱོད་ཚད་མཐོ་རུ་བཏང་སྟེ་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་ལས་ཞུགས་དང་། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་ཞུགས་བཅས་ལ་སྐུལ་ལྕག་བྱས་ཁར་གཞུང་ལས་པ་བསྡུས་པས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་ཡོད།
           མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་མགྱོགས་མྱུར་འཛུགས་སྐྲུན་བྱས་ཤིང་། ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ཤུགས་ཆགས་པར་བྱེད་པ། མཉམ་འདྲེས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། མཐའ་མཚམས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ནས་མཐའ་མཚམས་མང་ཚོགས་ཚོ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དུ་བཅུག་སྟེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད།