ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐབས་བཞི་པའི“བདེ་སྐྱིད་ཀྱི་ཕུགས་འདུན་འཆར་གཞི”ཀོང་བོད་གཞོན་ནུའི་རིག་གནས་སྤེལ་རེས་ཀྱི་རྣམ་གྲངས་བདེ་ལེགས་ངང་མཇུག་འགྲིལ།

སྤེལ་དུས 2019-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྐབས་བཞི་པའི“བདེ་སྐྱིད་ཀྱི་ཕུགས་འདུན་འཆར་གཞི”ཀོང་བོད་གཞོན་ནུའིརིག་གནས་སྤེལ་རེས་ཀྱི་རྣམ་གྲངས་ནི2018ལོའི་ཟླ12ཚེས་28ཉིན་ནས་2019ལོའི་ཟླ་1ཚེས་7ཉིན་བར་བདེ་ལེགས་ངང་སྤེལ། རྣམ་གྲངས་དེ་ནི་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་གུང་གཞོན་ཚོགས་པའི་ཀྲུང་ཧྲན་སློབ་ཆེན་ཨུ་ཡོན་ལྷན་ཁང་གི་སློབ་སྟོན་འོག ཧྲེན་ཀྲེན་གྲོང་ཁྱེར་བདེ་སྐྱིད་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་དང་ཧྲེན་ཀྲེན་གྲོང་ཁྱེར་འོད་ཟེར་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི། ཉིང་ཁྲི་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་ཧྲན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་ཞིབ་ཕྲའི་ལག་བསྟར་བྱས། རྣམ་གྲངས་ཀྱིས་ཁྱོན་བསྡོམས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་འབྲིང་དང་པོའི་གྲངས་ཉུང་མི་རིགས་(བོད་རིགས་དང་མོན་པ་རིགས། ལྷོ་པ་རིགས། ཏེང་པ།)ཀྱི་སློབ་མ་31བདམས་ནས་ཀོང་ཏུང་དུ་བསྐྱོད་དེ་སྤེལ་རེས་བྱས།
            ཀོང་ཏུང་ཞིང་ཆེན་དུ་སློབ་སྦྱོང་བྱེད་རིང་། རྣམ་གྲངས་ཚོགས་པས་ཧྲེན་ཀྲེན་དང་ཀོང་ཀྲོའུ་ས་ཁུལ་གཉིས་ཀྱི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་འགྲེམས་སྟོན་ཁང་དང་། ལྕགས་ཕག་ལོའི་གསར་བརྗེའི་དྲན་གསོ་ཁང་། ཧོང་ཕུའུ་དམག་དཔོན་སློབ་གྲྭ། ཐེང་ཤུན་ཀུང་སི། ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི། འཛམ་གླིང་སྐར་ཁུང་། ཀོང་ཀྲུའུ་དཔེ་མཛོད་ཁང་། ཀོང་ཏུང་ཚན་རིག་ལྟེ་གནས་སོགས་སུ་ལྟ་སྐོར་བྱས་ནས་མིག་རྒྱ་བསྐྱེད་པ་དང་གོ་རྟོགས་གསར་བསྐྱེད་བྱུང་། དུས་མཚུངས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དང་བླངས་ཞབས་ཞུའི་བྱེད་སྒོ་ཀོང་ཏུང་དུ་སྤེལ། བོད་ཀོང་རིག་གནས་སྤེལ་རེས་བྱེད་པའི་དམིགས་ཡུལ་མངོན་འགྱུར་ལེགས་པོ་བྱུང་།
            ད་ལྟ་སློབ་སྐོར་བྱེད་སྒོ་མཇུག་སྒྲིལ་ཟིན་ཀྱང་། སློབ་མ་འདི་དག་གིས་“ཕུགས་མདུན་འཆར་གཞིའི”ཀོང་བོད་རིག་གནས་སྤེལ་རེས་ཀྱི་ཕོ་ཉའི་འགན་ཁུར་ཕྲག་ཏུ་འཁུར་ནས། སློབ་སྐབས་གསར་པའི་ནང་ཉིང་ཁྲི་གྲོང་ཁྱེར་ཉེ་འཁོར་གྱི་སློབ་གྲྭའི་སློབ་མ་ཡོངས་ལ་ཀོང་ཏུང་གི་མཐོང་ཐོས་མྱོང་གསུམ་འཆད་སྒྲོག་བགྱིས་ཏེ། བོད་ཀྱི་སློབ་མ་དེ་བས་མང་པོས་ཀོང་ཏུང་ལ་རྒྱུས་ལོན་བྱེད་པ་དང་། ཁོ་ཚོས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་བོད་ནས་ཕྱིར་བསྐྱོད་པར་སྐུལ་ལྕག་གཏོང་འཆར་ཡོད།
ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་གཟའ་མཇུག་གི་སློབ་སྐྱོར་བྱ་འགུལ་སྤེལ།
ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཁུལ་གྱི་དང་བླངས་པ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན།
རང་འགུལ་གྱིས་མཚོ་འགྲམ་དུ་གད་སྙིགས་གཙང་སེལ་བྱེད་བཞིན་པ།
ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཁུལ་གྱི་དང་བླངས་པ་ཚོ་དང་མཉམ་དུ་ཝན་ཆང་གྲོང་རྡལ་རྒན་གསོ་ཁང་དུ་བསྐྱོད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་བོད་བཟོའི་དྲན་རྟེན་གྱི་ལེགས་སྐྱེས་ཕུལ།
ཕྲུ་གུ་ཚོས་རྒན་རྒོན་རྣམས་ལ་འཁྲབ་སྟོན་བྱས།
ཕུགས་མདུན་འཆར་གཞིའི་དགེ་སློབ་རྣམས་ཀྱིས་ཐེང་ཤུན་མཚོ་འགྲམ་གྱི་ཁང་ཆེན་དུ་ལྟ་སྐོར་བྱས།
ཕུགས་མདུན་འཆར་གཞིའི་དགེ་སློབ་རྣམས་ཀྱིས་ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིར་ལྟ་སྐོར་བྱས།
ཕུགས་མདུན་འཆར་གཞིའི་དགེ་སློབ་རྣམས་ཀྱིས་ཀྲུང་ཧྲན་སློབ་ཆེན་དུ་ལྟ་སྐོར་བྱས།
ཀོང་ཏུང་མི་དམངས་ལ་བོད་ཀྱི་རིག་གནས་ངོ་སྤྲོད་བྱས།
ཕུགས་མདུན་འཆར་གཞིའི་དགེ་སློབ་རྣམས་ལམ་ལ་ཆས་སྐབས་ཀྱི་མཉམ་པར།