ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་རང་ནུས་ཅི་ལྕོགས་བཏོན་གནང་ཡོད།

སྤེལ་དུས 2019-02-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            རྩོམ་སྒྲིག་པའི་གཏམ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་ཁབ་དང་མི་དམངས་ཀྱི་དོན་དུ་སྐུ་ངལ་ལ་མ་འཛེམས་པར་རང་ནུས་ཅི་ལྕོགས་བཏོན་ཡོན་པ་དང་།    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཁོང་ཉིད་ཐེངས་མང་རིང་སྐུ་དངོས་སུ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་ཁུལ་དུ་གཟིགས་ཞིབ་ཏུ་ཕེབས་ཏེ་ཁྱབ་རྒྱ་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ལ་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས། རང་རྒྱལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་ལ་ཐོབ་པའི་བྱས་རྗེས་རླབས་པོ་ཆེ་གསུང་སྒྲོག་གནང་པ་དང་། ས་གནས་ཁག་གི་ཏང་སྲིད་འགོ་ཁྲིད་དང་སྤུན་ཟླའི་མི་རིགས་ཀྱི་ལས་བྱེད་པ་དང་མཉམ་དུ་བསྒྱུར་བཅོས་སྒོ་འབྱེད་ཀྱི་གནས་བབ་གསར་པའི་འོག་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སློབ་གསོ། རིག་གནས་སོགས་ཀྱི་བྱ་གཞག་ཇི་ལྟར་འཕེལ་རྒྱས་གཏོང་ཐད་གྲོས་བསྡུར་གནང་པ་དང་འབྲེལ་དགོངས་འཆར་གལ་ཆེན་ལྷུག་སྩོལ་གནང་ཡོད་ཅིང་། ལེ་དབར་སྟོང་ཕྲག་གིས་ཆོད་པའི་ས་མཐོའི་གྲོང་ཁྱེར་གྲོང་གསེབ་བར་དང་བཟོ་གྲྭ  སློབ་གྲྭ   ལས་ཁུངས།  དགོན་སྡེ་བཅས་ག་ས་གང་དུ་རིན་པོ་ཆེས་ཞབས་རྗེས་འཁོད་ཡོད་པ་མ་ཟད་རང་ནུས་ཅི་ལྕོགས་རྩལ་དུ་སྤྲུགས་ནས་ཐུགས་རེའང་ཟབ་མོ་བཅངས་ཡོད་པ་རེད།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་པེ་ཅིང་གི་བཞུགས་སྒར་གྱི་གཞུང་ལས་ཁང་། པར་ནི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཚགས་བདམས་བསྒྲིགས》ལས་བསྐྱར་པར་བརྒྱབ་པ་ཡིན།
            1980ལོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་ཨུ་ཡོན་ཀྲང་གཞོན་པར་གསབ་འདེམས་བྱུང་པ་དང་། ཁོང་གིས་ཡང་བསྐྱར་རང་ནུས་ཡོད་ཚད་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་བྱ་གཞག་ཆེད་ཕུལ་འགོ་བརྩམས་པ་རེད།
མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་པ།
            1982ལོའི་སྟོན་ཁར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡང་བསྐྱར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞབས་སོར་འཁོད་དེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག7གྱི་ལས་དོན་ལ་གཟིགས་ཞིབ་གནང་པ་རེད།  དེའི་རིང་། རིན་པོ་ཆེ་མཆོག་ནས་བླ་བྲང་དགོན་པའི་ཉེ་འདབས་ཀྱི་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ལ་གཟིགས་ཞིབ་གནང་པ་དང་འབྲེལ་དགེ་སློབ་ཡོངས་ཀྱི་ཚོགས་ཆེན་ཐོག་ཞལ་གསུང་གནང་པར།  སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཡག་པོ་བྱ་དགོས་པ་དང་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཡག་པོ་གནང་དགོས་ཏེ། ཀུན་སྤྱོད་དང་ཤེས་རབ། ལུས་རྩལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་བྱས་ནས་བཟང་པོ་གསུམ་ལྡན་གྱི་སློབ་མར་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་མ་ཟད། མི་རིགས་སློབ་གསོའི་ཆུ་ཚད་ཇི་ལྟར་མཐོར་འདེགས་སུ་གཏོང་བའི་གནད་དོན་ཐད་དགེ་སློབ་ཚོར་ཐུགས་རེ་ནན་མོ་བཏོན་གནང་ཡོད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལྷ་ས་གྲོང་ཁྱེར་སྲིད་གྲོས་སུ་ཞབས་སོར་འཁོད་པ། པར་ནི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཚགས་བདམས་བསྒྲིགས》ལས་བསྐྱར་པར་བརྒྱབ་པ་ཡིན།
            པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས།  རིག་སྟོབས་སྤེལ་བར་ནུས་པ་བཏོན་ནས་མི་རིགས་རིག་གནས་འཕེལ་རྒྱས་སུ་གཏོང་དགོས་ཤིང་། ཏང་དང་མི་དམངས། མི་རིགས་སློབ་གསོར་བརྩེ་གདུང་ཟབ་མོ་ཡོད་པའི་དཔུང་ཁག་ཅིག་འཛུགས་དགོས་ཏེ། འདི་ནི་མི་རིགས་ཀྱི་དཔལ་འབྱོར་དར་རྒྱས་ཡོང་ཐབས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་ཅེས་ནན་གྱིས་བསྟན་མྱོང་ཡོད། རིན་པོ་ཆེ་མཆོག་གིས་ནམ་རྒྱུན་མང་ཚོགས་ཀྱིས་ཁོང་ལ་ཕུལ་བའི་འབུལ་བ་ཡོད་ཚད་སློབ་གསོའི་གྲོན་དངུལ་གྱི་དོད་དུ་སློབ་གྲྭར་ཞལ་འདེབས་སུ་ཕུལ་ཀྱི་ཡོད་ཅིང་། ད་དུང་སྐུ་དངོས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མཚན་འཛིན་སློབ་གཙོའི་འགན་བཞེས་ནས་སློབ་གྲྭའི་བྱ་བར་དུས་རྒྱུན་དུ་ཐུགས་ཁུར་དང་མཛུབ་ཁྲིད་གནང་གི་ཡོད་པ་རེད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་སི་ཁྲོན་མཛོད་དགེ་རྫོང་སློབ་འབྲིང་ལ་ཞལ་འདེབས་གནང་བཞིན་པ། པར་ནི《པཎ་ཆེན་རིན་པོ་ཆེ་སི་ཁྲོན་དུ་ཕེབས་པ》ཞེས་པ་ལས་བསྐྱར་པར་བརྒྱབ་པ་ཡིན།
            པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྣེ་ཁྲིད་འོག    བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་དག་གིས་ཡོངས་ཁྱབ་ཏུ་མི་རིགས་ཀྱི་སློབ་གསོ་ནི་མི་རིགས་ཤིག་འཕེལ་རྒྱས་ཡོང་བར་ནུས་པ་གལ་ཆེན་ལྡན་པའི་ཐད་ངོས་འཛིན་ཟབ་མོ་ཐོབ་པ་དང་། ཚང་མས་སྔ་གཞུག་ཏུ་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་སློབ་གསོའི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་པ་སྟེ། དཔེར་ན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་རིན་པོ་ཆེས་དེ་སྔར“བོད་མི་དམངས་ལ་མཚོན་ན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བ།  འཚོ་བ་ལེགས་བཅོས་བྱེད་པར་གནད་འགག་ནི་སློབ་གསོ་ཡིན”ཞེས་གསུང་པ་དང་། ཁོང་གིས་ནམ་རྒྱུན་གོ་སྐབས་ཅི་རིགས་བེད་སྤྱད་ནས“དཔལ་འབྱོར་འཕེལ་རྒྱས་གཏོང་པར་སློབ་གསོ་གཙོ་བོར་འཛིན་དགོས”པའི་གནས་ལུགས་སྩོལ་བ་དང་། འབྲོག་པ་མང་ཚོགས་ལ་བུ་ཕྲུག་སློབ་གྲྭར་གཏོང་པའི་ཞལ་ཏ་གནང་པ་མ་ཟད། ཀན་ལྷོའི་མི་རིགས་སློབ་གསོའི་ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ་རང་ཉིད་སྐུ་དངོས་ཀྱིས་མཚན་འཛིན་ཚོགས་གཙོའི་འགན་བཞེས་པ་རེད།
བསྒྱུར་བཅོས་སྒོ་འབྱེད་ཐད“རང་གཏོད”ལ་བརྟེན་རྒྱུ་རྟོགས་པ།
            པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཀྱི་འཛུགས་སྐྲུན་བྱ་གཞག་ལ་དུས་གཏན་དུ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་ལ། ཁོང་གིས་བོད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྐལ་བ་བཟང་པོ་འདི་དང་བསྟུན་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པའི་ཐུགས་དགོངས་བཞེས་ཡོད་ལ། བོད་ཀྱི་ས་གནས་ཁག་དང་ཞིང་ཆེན་གཞན་པའི་བོད་ཁུལ་གྱི་ལས་བྱེད་པ་དག་ལ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ལ་རྒྱབ་སྐྱོར་བྱ་དགོས་པ་ལས་ཕྱི་ནུར་བྱེད་མི་རུང་ཞིང་། བསྒྱུར་བཅོས་མ་བྱས་ན་མདུན་ལམ་མེད་པའི་སྐོར་ཞལ་གསུང་གནང་ཡོད་པ་རེད།
རིན་པོ་ཆེ་མཆོག་གིས་ཁོང་གི་མཆོད་ཁང“བཀྲ་ཤིས་རྣམ་རྒྱལ” བསྐྱར་བཞེངས་ལ་ཞིབ་བཤེར་གནང་བཞིན་པ། པར་ནི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཚགས་བདམས་བསྒྲིགས》ལས་བསྐྱར་པར་བརྒྱབ་པ་ཡིན།
            པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་དེ་སྔར་བོད་རང་སྐྱོང་ལྗོངས་སུ་གཟིགས་ཞིབ་གནང་སྐབས། ཐུགས་རེ་ཁེངས་བཞིན“ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག   དཔལ་འབྱོར་དང་རིག་གནས་འཛུགས་བསྐྲུན་ཐད་ཤུགས་ཆེན་པོ་རྒྱག་དགོས་ཤིང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མི་དམངས་ཀྱིས་རྒྱལ་གཅེས་དང་མཐུན་སྒྲིལ། ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་སེམས་ཤུགས་གཅིག་བསྒྲིལ་དང་འབད་བརྩོན་ལྷུར་ལེན་བྱས་པ་ཡིན་ན།  ལོ3དང་ཡང་ན་ལོ5ཡང་ན་ལོ10ཡི་རིང་འབད་བརྩོན་ལ་བརྟེན་ང་ཚོའི་གཅེས་སུ་འོས་ཤིང་མཛེས་སྡུག་ལྡན་པའི་ཕ་ཡུལ་སྟེ་བོད་རང་སྐྱོང་ལྗོངས་ནི་འཛམ་གླིང་ཡང་རྩེ་རུ་འོད་སྟོང་འཕྲོ་ཞིང་མཛེས་སྡུག་ལྡན་པའི་ཡུལ་ཁམས་ཤིག་ཏུ་འཛུགས་སྐྲུན་བྱེད་ཐུབ་ངེས”ཞེས་བཀའ་གསུང་བསྩལ་པ་རེད།
            པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་ལ་ཆིབས་བསྒྱུར་གནང་ཐེངས་མཐའ་མ་དེར། གཞིས་རྩེ་ས་ཁུལ་གྱི་ལས་བྱེད་པར་གཞིས་རྩེ་ས་ཁུལ་གྱིས་ཆུ་གློག་ཁང་བཙུགས་ནས་གཞི་ཁྱོན་ཆེ་བའི་ཐན་པ་སྒྱུར་བཀོད་དང་། ས་རྒོད་རྨོ་འདེབས་ཀྱི་འཆར་འགོད་རི་མོ་བསླངས་ནས། ཁོང་གིས་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་མ་འཇོག་ལ་བརྟེན་པ་དང་། ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་མ་དངུལ་ཁག་གཅིག་ནང་འདྲེན་བྱེད་པ། དུས་མཚུངས་སུ་ཁོང་གི་གདན་ས་བཀྲ་ཤིས་ལྷུན་དགོན་འདུས་པའི་གཞིས་རྩེ་ས་གནས་ཀྱིས་ཀྱང་མ་དངུལ་ཁག་ཅིག་བསྡུས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འཆར་གཞི་རླབས་པོ་ཆེ་འདི་མངོན་འགྱུར་བྱེད་དགོས་པར་མ་ཟད། གཞིས་རྩེའི་འབྲེལ་ཡོད་འགོ་ཁྲིད་དང་མཉམ་དུ་འཆར་གཞི་འདི་དོན་འཁྱོལ་ཡོང་ཐབས་ལ་ཞིབ་འཇུག་གནང་པ་རེད།
མང་ཚོགས་ཀྱི་རེ་འདོད་ཅི་ནུས་ཀྱིས་བསྐང་པ།
            བོད་ཁུལ་གྱི་དད་ལྡན་མང་ཚོགས་ལ་མཚོན་ན་རིན་པོ་ཆེའི་མཇལ་ཁ་ཐོབ་རྒྱུ་དེ་ནི་རང་གི་ཚེ་བསོད་ཅིག་ཏུ་བསམ་གྱི་ཡོད་པ་རེད། རིན་པོ་ཆེས་དུས་རྟག་ཏུ་དད་ལྡན་མང་ཚོགས་ཐུགས་ལ་དམ་པོར་བཅངས་ཡོད་དེ། བོད་དུ་གཟིགས་ཞིབ་ཏུ་ཕེབས་ཐེངས་རེར། ཆེད་དུ་དུས་ཚོད་བཀོད་སྒྲིག་གནང་ནས་མང་ཚོགས་ལ་མཇལ་ཁ་གནང་པ་དང་བཀའ་ཆོས་གསུང་པ་བཅས་ཁོ་ཚོའི་རེ་འདོད་སྐོང་ཇི་ཐུབ་གནང་གི་ཡོད།
རིན་པོ་ཆེ་མཆོག་ནས་ལྷ་སར་མང་ཚོགས་ཀྱི་བསམ་འཆར་ལ་གསན་པ་དང་འབྲེལ་ཟིན་བྲིས་སུ་འགོད་བཞིན་པ། པར་ནི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཚགས་བདམས་བསྒྲིགས》ལས་བསྐྱར་པར་བརྒྱབ་པ་ཡིན།
            1989ལོའི་ཟླ1པོའི་ཚེས26ཉིན།  རིན་པོ་ཆེ་མཆོག་གིས་བཞུགས་སྒར་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་གཞིས་རྩེའི་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་པ་རེད། ཉིན་དེར། མི་མང་གིས་གྲལ་ཕྲེང་ཤིན་ཏུ་རིང་པོ་སྒྲིག་ཡོད་ནའང་ཁོང་གིས་སྔ་དྲོ་ནས་སྲོད་ཁའི་བར་མང་ཚོགས་གཅིག་ཀྱང་མ་ལུས་པར་རེ་རེ་བཞིན་བྱམས་བརྩེའི་མཇལ་ཁ་གནང་པ་རེད།ཚེས25ནས26ཉིན་གཉིས་རིང་། ཁོང་གིས་མཇལ་ཁ་གནང་པའི་མི་གྲངས་ཁྲི5 ལྷག་ཙམ་ཟིན་ཡོད། སྤྱིར་དུ་རིན་པོ་ཆེའི་མཛད་རིམ་གྱི་བཀོད་སྒྲིག་ཤིན་ཏུ་ཚགས་དམ་ཞིང་སྐུ་ངལ་ཡང་མི་ཉུང་པ་བཞེས་སྲིད་ནའང་། ཁོང་གིས་སྐུ་འཁོར་ལ་མཇལ་ཁ་གནང་པའི་མཛད་རིམ་མང་ཙམ་བཀོད་སྒྲིག་གནང་ནས་མང་ཚོགས་ཀྱི་རེ་འདོད་ཅི་ནུས་ཀྱིས་སྐོང་གང་ཐུབ་བྱེད་དགོས་ཞེས་བཀའ་གསུང་གནང་ཡོད་པ་རེད།
            གྲལ་ཕྲེང་སྒྲིག་པའི་མཇལ་བ་རྣམས་ཀྱི་ཁྲོད།  བོད་རིགས་བཟའ་ཟླ་གཉིས་ཀྱིས་ཁོ་ཚོའི་བྱིས་པ་མཚེའུ་གཉིས་སྦྲུམ་ནས་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་དེ་གཉིས་ལ་མིང་ཞིག་གདག་རྒྱུའི་རེ་བ་ཞུས་པར། རིན་པོ་ཆེས་ཐུགས་ཤིན་དགྱེས་པའི་ངང་བུ་ལ་བཀྲ་ཤིས་དོན་གྲུབ་དང་བུ་མོར་ཤེས་རབ་སྒྲོལ་མ་ཞེས་བཏགས་པ་ན། བཟའ་ཟླ་དེ་གཉིས་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་བྱུང་ལ།  རིན་པོ་ཆེར་བསྟུད་མར་ཐུགས་རྗེ་ཆེ་ཞུས་པ་རེད།
            པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་ཟིན་པ་རེད། ཁོང་གིས་སྐུ་ཚེ་ཧྲིལ་པོར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གནང་པ་དང་། མཐུན་སྒྲིལ་དང་སྟོབས་འབྱོར། ཤེས་དཔལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། བོད་རིགས་ས་ཁུལ་གྱི་མི་མང་གིས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཆེད་མཛད་རྗེས་མི་དམན་པ་བཞག་ཡོད་དོ།།