ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་རིང་གཞི་རིམ་དུ་སྐྱོད་ཅེས་པའི་དྲོ་སྐྱིད་གྲོང་ཚོའི་བདེ་སྐྱིད་འཚོ་བ།

སྤེལ་དུས 2019-02-11 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ། སྣང་རྡོས་བསྒྲིགས།

       དཔྱིད་གསར་རིང་གཞི་རིམ་དུ་སྐྱོད་ཅེས་པའི་བཅར་འདྲི་ཚོགས་པ་ཉེ་དུས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་དྲོ་སྐྱིད་གྲོང་ཚོར་སླེབས་པ་དང་།  གྲལ་བསྟར་འགྲིག་པའི་བཀོད་སྒྲིག་ཁང་པ་རེ་རེ་དང་བཀོད་པ་གཙང་ཞིང་རྒྱ་ཆེ་བའི་གྲོང་ཚོའི་ལམ་བུ་ལས་དེ་ཁུལ་མང་ཚོགས་ཚོའི་ད་ལྟའི་འཚོ་བའི་གནས་བབ་རོབ་ཙམ་ཤེས་ཐུབ།  དྲོ་སྐྱིད་གྲོང་ཚོ་ནི་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོ་གསར་པ་ཞིག་ཡིན་ཅིང།  སྤྱི་ལོ ༢༠༡༧ དང་ ༢༠༡༨ ལོར་ཁྱོན་གནས་སྤོས་བྱས་ཡོང་བའི་དབུལ་པོའི་དུད་ཁྱིམ ༡༠༤ ལ་མི་གྲངས ༤༢༡ ཡོད་པའི་ནང་གཱ་དང་ཡིག་ཚགས་བཟོས་པའི་དུད་ཁྱིམ ༩༡ ཡོད་པའི་ནང་མི་གྲངས ༣༧༩ ཡོད།  ད་ལྟ་མང་ཚོགས་ཚོས་ལོ་གསར་གྱི་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད།

དྲོ་སྐྱིད་གྲོང་ཚོའི་གནས་སྤོས་ས་ཚིགས་སུ་གཅིག་གྱུར་འཆར་འགོད་བྱས་ཏེ་ཆུ་དང་གློག  ལམ།  འཕྲིན་གཏོང་།  གྲོང་ཚོ་ཨུ་ལྷན།  བུ་བཅོལ་ཁང་།  སྒོ་རྩིས་ཚོང་ཁང་སོགས་སྤྱི་པའི་སྒྲིག་བཀོད་ཁག་ཀྱང་འཐུས་སྒོ་ཚང་པོ་ཡོད་པའི་ཁར།  གྲོང་ཚོ་དེར་ཐོན་ལས་ཐད་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་བའི་ས་ཞིང་མུའུ ༤༣༠ གསར་སྦོལ་བྱས་པ་དང་དྲོད་ཁང་ ༡༦༠ བརྒྱབ་པ་མ་ཟད་ཞིང་ནང་ཆུ་བེད་སྒྲིག་བཀོད་ཆ་ལག་ཆ་ཚང་དུ་སྐྲུན་པ་སོགས་བྱས་ཏེ།  དཔལ་འབྱོར་ཤིང་འབྲས་འདེབས་འཛུགས་དང་རྩྭ་འདེབས་པའི་རྣམ་གྲངས་ལག་བསྟར་བྱས་པས་དབུལ་སྐྱོར་གནས་སྤོས་ཁུལ་གྱི་དབུལ་ཕོངས་མང་ཚོགས་དེ་དག་ལ་ལས་ཀར་འགྲོ་ས་ཡོད་པ་དང་མ་འོངས་པར་ཡོངས་འབབ་ཀྱི་བརྟེན་ས་ཡོད་པའི་དམིགས་ཚད་སྒྲུབ་བཞིན་ཡོད།།