ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2019-02-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་གྲོང་མིར་ཁེ་འབབ་བགོ་བཞིན་པ།
             ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ཕྱིར་གླ་པར་བསྐྱོད་རྒྱུ་དང་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱ་རྒྱུ་དེ་གཞི་རིམ་རྩ་འཛུགས་དང་གྲོང་སྡོད་ལས་དོན་རུ་ཁག་གི་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པའི་ཁར། མང་ཚོགས་ལ་གླ་ཆའི་ཡོང་འབབ་དང་གཉེར་སྐྱོང་ཡོང་འབབ་མང་དུ་གཏོང་རྒྱུའི་ཁྲིད་སྟོན་ཡང་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ལྟེ་བའི་ནུས་པ་དངོས་འབྲེལ་ཐོན་པར་བྱས་ཡོད།
             ཆུ་ཤུར་རྫོང་རྣམ་གླིང་ཤང་རྣམ་གླིང་གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ས་གནས་དེ་གའི་མང་ཚོགས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ། 2019ལོའི་ལོ་འགོར་གྲོང་མིར་ཁེ་འབབ་སྒོར་ཁྲི་33ལྷག་ཙམ་བགོས་པ་བཅས་ལས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་བྱེད་ཤུགས་སྔར་བས་ཆེ་རུ་སོང་ཡོད།