ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ནས་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལག་ལེན་བསྟར་བ།

སྤེལ་དུས 2019-02-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
མེ་ཏོག་རྫོང་།
            སྤྱི་ལོ༢༠༡༣ལོའི་ཟླ་བ་གསུམ་པའི་ཚེས་དགུ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། དམངས་ཀྱི་འཚོ་བར་རྒྱུན་བསྲིངས་ལྷོད་མེད་ཀྱིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ཀྱིས་སྲ་བརྟན་དང་གོང་འཕེལ་བཏང་ནས། སྤྱི་ལོ༢༠༢༠ལོར་སླེབས་སྐབས་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་བརྗིད་ཆེའི་དམིགས་འབེན་སྒྲུབ་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ལོ་འདི་དག་ནང་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག གོང་འོག་གཅིག་ཏུ་སྒྲིལ་ནས་བོད་ལྗོངས་ཀྱི་མཆོངས་བརྒལ་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་བཞིན་ཡོད་པ་རེད།
            བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཞི་ཅིན་ཕིང་གིས། ཀྲུང་དབྱང་གིས་སྔར་ནས་བོད་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་མཐོང་ཆེན་པོ་བྱེད་པ་དང་། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་དོ་ཁུར་ཆེན་པོ་བྱེད་པ། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ཐོག ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ཕུགས་ཕན་སྒྲིག་གཞི་ཧུར་ཐག་བསྐྲུན་པ། བོད་ལྗོངས་ཀྱི་མཆོངས་བརྒལ་རྣམ་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། སྤྱི་ལོ༢༠༢༠ལོར་སླེབས་སྐབས་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་བརྗིད་ཆེའི་དམིགས་འབེན་སྒྲུབ་རྒྱུར་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ལྷ་ས་གྲོང་ཁྱེར་ཕྱོགས་སུ་འཐེན་པའི་རིམ་མཐོའི་གཞུང་ལམ།
            སྤྱི་ལོ༢༠༡༩ལོའི་བོད་ལོའི་ལོ་གསར་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་བ་དང་། དུས་ཡུན་ཉིན་བཅོ་ལྔའི་བོད་ལོའི་ལོ་གསར་ད་དུང་བཏང་ཚར་མེད། ཡིན་ནའང་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཁེར་རི་ཤང་གི་དབུལ་སྐྱོར་ལས་བྱེད་པ་བསམ་གཏན་ནོར་བུ་ལས་གནས་ཐོག་ལོག་ཚར་བ་དང་། གསར་སྣོན་བྱས་པའི་གནས་སྤོའི་དབུལ་སྐྱོར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་བཞིན་ཡོད། ས་ངན་ཁུལ་ནི་འབྲི་ཆུའི་ངོགས་སུ་གནས་པ་དང་། ཕྱོགས་གཅིག་གི་ས་ཆུས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི་ཆེས་དབུལ་ཕོངས་ཁུལ་ཞིག་རེད། ས་གནས་དེ་གའི་དབུལ་ཕོངས་མང་ཚོགས་རྣམས་ཀྱི་དབུལ་ཕོངས་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཆེད། བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་གནས་སྤོས་དབུལ་སྐྱོར་བྱེད་པའི་གལ་ཆེའི་ཇུས་འགོད་བྱས་པ་རེད། སྟེང་པ་གྲོང་ཚོའི་གྲོང་མི་ངག་དཔལ་དེའི་གོང་གནས་སྤོ་བྱེད་འདོད་མེད། ཡིན་ནའང་བསམ་གཏན་ནོར་བུ་སོགས་དབུལ་སྐྱོར་ལས་བྱེད་པ་རྣམས་ནས་ཁ་བརྡ་བསླབ་བྱ་ཡང་ཡང་བྱས་མཐར། ལོ་གསར་གྱི་གོང་དུ་གཞི་ནས་གནས་སྤོ་བྱ་རྒྱུའི་ཐག་བཅད་པ་རེད།
            བསམ་གཏན་ནོར་བུས། ང་ཚོས་མང་ཚོགས་ལ་བསམ་ཤེས་ཐུབ་ཀྱི་འདུག དེར་བརྟེན་ང་ཚོས་ཆེད་མངགས་མང་ཚོགས་ཀྱི་འཐུས་མི་དང་རྫོང་དང་ཤང་གི་ལས་བྱེད་པ་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། གཞིས་ཀ་རྩེ་སོགས་སུ་བསྐྲུན་རྩིས་ཡོད་པའི་གནས་སྤོའི་ས་ཚིགས་བརྒྱད་བཅུ་ལྷག་ཙམ་དུ་བལྟ་བར་ཁྲིད་པ་དང་། ད་དུང་གནས་སྤོས་ཟིན་པའི་མང་ཚོགས་ལ་མྱོང་ཚོར་བརྗོད་རོགས་ཟེར་ནས་ཁོ་ཚོའི་གནས་སྤོའི་སེམས་ཤུགས་འཕེལ་བར་བྱས་ཡོད། གློག་མེད་པའི་རྐྱེན་གྱིས་ངག་དཔལ་ཚང་གི་ལོ་གསར་སྐབས་ཀྱི་དགོང་མོའི་མུན་སེལ་དེ་འཕྲལ་སྤྱོད་གློག་བཞུར་བརྟེན་དགོས་བྱུང་། ཡིན་ནང་ཁོང་གི་ངོས་ནས་བརྗོད་ན་ལོ་གསར་རྗེས་མ་དེ་རྣམ་པར་བཀྲ་བའི་གློག་འོད་ནང་གཏོང་རྒྱུ་ཡོང་ངེས།
            ན་ནིང་ཆབ་མདོ་ས་ངན་ནས་མི༡༦༣༩བོད་ལྗོངས་ཀྱི་གྲོང་ཁྱེར་གཞན་དུ་སྤོས་པ་མ་ཟད། བོད་ལྗོངས་ཀྱི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་འབྱུང་ཁམས་གནས་སྤོ་ཡང་ལེགས་གྲུབ་བྱུང་བ་རེད། ན་ནིང་ལོ་ཧྲིལ་པོར་བོད་ལྗོངས་ཀྱིས་གནས་སྤོའི་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར༡༤༤དང་བྱེ་བ༩བཏང་བ་དང་། མི་༢འབུམ༡ཁྲི༨སྟོང་གནས་སྤོ་བྱས་པ་རེད། བོད་ལྗོངས་ཀྱི་ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་གཏོར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་དབུལ་ཕོངས་མི༡འབུམ༥ཁྲི་དབུལ་གྲོལ་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་རྫོང༡༩ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱས་ནས། ལྟོས་མེད་དབུལ་ཕོངས་གཞི་རྩའི་ཆ་ནས་སེལ་ཐུབ་པ་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཡིས་ངོ་སྤྲོད་གནང་བར། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་ཡོང་འབབ་འཕར་བ་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་ཀྱིས་མང་ཚོགས་ལ་འབྱུང་ཁམས་ལས་གནས་༧འབུམ་མཁོ་འདོན་བྱས་ནས། མང་ཚོགས་རྣམས་ནགས་སྲུང་བ་དང་། རྩྭ་ཐང་ལྟ་སྡོམ་པ། ཤང་གྲོང་འབྱུང་ཁམས་ལྟ་སྐུལ་བ་སོགས་བྱེད་དུ་བཅུག་ཅིང་། མི་རེར་ལོ་རེར་ཡོང་འབབ་སྒོར༣༥༠༠ཡན་ཡོང་གི་ཡོད་པ་རེད།
            འདས་པའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་བསྟུད་མར་དམངས་ཀྱི་འཚོ་བ་དང་འབྲེལ་བའི་དོན་དངོས་བཅུ་སྒྲུབ་པ་དང་། ལོ་རེའི་ནོར་ཤུགས་ཀྱི་བཅུ་ཆ་བདུན་ཡན་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་སུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་གྲོང་མི་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་དགུ་བཅུ་གོ་ལྔ་ཟིན་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད་པ་རེད། དེ་མིན་སྤྱི་ལོ༢༠༡༨ལོར་བོད་ལྗོངས་ཡོངས་ཀྱིས་འགྲིམ་འགྲུལ་ཐད་མ་འཇོག་བྱས་པའི་དངུལ་འབོར་དུང་ཕྱུར༦༥༢ཟིན་པ་དང་། ལོ་ཧྲིལ་པོར་གསར་དུ་འཕར་བའི་གཞུང་ལམ་སྤྱི་ལེ༨༠༤༤ཟིན་པ། ལྗོངས་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་བུའི་རིང་ཚད་སྤྱི་ལེ་༩ཁྲི༧སྟོང་༤བརྒྱ་ཟིན་ཡོད་པ། ཁྲོན་བོད་གཞུང་ལམ་གྱི་སྔས་ལ་དང་། མོན་ལ། གྲུ་གུ་ལ་སོགས་ཀྱི་ཕུག་ལམ་ཤར་གཏོང་ཐུབ་པ་དང་། དམངས་ཀྱི་འཚོ་བའི་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་རྣམ་གྲངས་ཆེ་གྲས་མཐུན་སྦྱོར་ངང་གོང་འཕེལ་ཕྱིན་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་འགྲོ་རྒྱུར་ནུས་ཡོད་ཀྱི་འགན་སྲུང་བྱས་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས། བོད་ལྗོངས་ཀྱི་འགན་སྲུང་མ་ལག་ནི་འགན་གཙང་ལེན་ཡིན། ཁེ་ལས་ནས་རྒན་གཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་ལོ་བཅུ་གསུམ་བསྟུད་ནར་སྤར་བ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་བཅོལ་ཐད་སྲིད་གཞུང་ནས་ཁ་གསབ་སྤྲོད་ཚད་རྒྱལ་ཡོངས་སུ་མཐོ་ཤོས་ཡིན་པ་དང་། དེའི་ཐོག་ནས་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་མཚོན་གྱི་ཡོད་ཅེས་གསུངས་འདུག