ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

【དུས་རབས་གསར་པའི་ཁྲིད་སྟོན།】གངས་ལྗོངས་ས་མཐོའི་རྣམ་པ་གསར་པ།

སྤེལ་དུས 2019-02-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             སྤྱི་ལོ་༢༠༡༣ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། བོད་སྐྱོད་རྒན་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་གཏོང་བ། འབད་འབུངས་ཆེར་བསྐྱེད། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
             ལོ་དྲུག་སོང་རིང་། བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། འབྱོར་འབྲིང་ལ་དཔེ་བསྡུར་བྱས་ནས་མི་འདང་ས་ཁ་གསབ། དམངས་ཕྱུག་བོད་དར་དང་དམངས་ལ་ཕན་པ། འབད་བརྩོན་ཆེན་པོས་མཆོང་བརྒལ་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་ཡོང་ཐབས་བྱས་ཡོད་པ་རེད།
             ད་ལོ་བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་མཉམ་དུ་འཁེལ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་དར་དམར་གྲོང་ཚོར་དགའ་སྟོན་གྱི་རྣམ་པས་ཁེངས་ཡོད་པ་རེད། གྲོང་མི་ཚོས། དར་དམར་གྲོང་ཚོར་ལོ་གཉིས་ནང་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་བྱུང་ཡོད་པ་སྟེ། སྤྱི་ལོ་༢༠༡༧ལོར། མཐའ་མཇུག་གི་དབུལ་ཕོངས་དུད་ཚང་༢༦དབུལ་གྲོལ་བྱུང་བ་དང་། སྤྱི་ལོ་༢༠༡༨ལོར། གྲོང་ཚོའི་ནང་གི་དུད་ཚང་༩༩༧ཚང་མ་ཐོག་བརྩེགས་ཁང་པའི་ནང་སྤོས་ཟིན་པ། ལོ་རེའི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་༢ཁྲི་ལྷག་ཙམ་བྱུང་ཡོད་ཅེས་བཤད།
             ལྷ་ས་གྲོང་ཁྱེར་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས། དེ་སྔོན་ང་ཚོས་གནོན་ལེན་དོང་ཆུ་འཐུང་དགོས་པ་དང་། ད་ཆ་རང་འབབ་ཆུ་ཀ་ལ་འཐུང་རྒྱུ་ཡོད་པ་དང་། ཁྱིམ་ཚང་མི་རེ་ངོ་རེར་དྲོད་གཏོང་དང་སོལ་རླངས་མཁོ་འདོན་བྱ་ཐུབ་པ་བྱུང་ཡོད། གྲོང་ཚོའི་སྒོ་འགྲམ་དུ་ད་ཆ་ཚོད་ལྟའི་སློབ་ཆུང་ཡོད་པ་དང་། ད་དུང་ང་ཚོའི་གྲོང་ཚོར་སྡེ་ཁུལ་སྨན་ཁང་ཡང་ཡོད་ཅེས་གསུངས་འདུག
             སྤྱི་ལོ་༢༠༡༣ལོའི་ཟླ་༣པའི་ཚེས་༩ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བོད་ལྗོངས་ནས་འབད་བརྩོན་ལྷོད་མེད་ཀྱིས་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱ་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། བཀའ་མོལ་དེ་ཚོགས་འདུར་ཞུགས་མཁན་སྐལ་བཟང་སྒྲོལ་དཀར་གྱི་སེམས་ནང་བརྟན་པོར་ངེས་ཡོད། ཉེ་བའི་ལོ་ཤས་ནང་། ཁོང་དང་གྲོང་ཚོའི་ནང་གི་མི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་པ་དང་། ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་ལ། ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་དང་། དྲོད་དང་སོལ་རླངས་མཁོ་འདོན་ལས་གཞི་སོགས་དམངས་འཚོའི་རྣམ་གྲངས་རབ་དང་རིམ་པ་དོན་འཁྱོལ་བྱུང་བ་ཡང་བདེན་དཔང་བྱས་ཡོད།
             ལྷ་ས་གྲོང་ཁྱེར་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབད་བརྩོན་ལྷོད་མེད་ཀྱིས་དམངས་འཚོ་ལེགས་བཅོས་གཏོང་དགོས་ཞེས་གསུངས་གནང་སོང་། མང་ཚོགས་ཀྱི་སྨན་བཅོས་དང་། རྒན་གསོ། སྡོད་ཁང་། འགྲིམ་འགྲུལ། འགྲོ་ལམ་སོགས་གང་ས་ཅི་ཐད་ལ་ལེགས་བཅོས་བྱུང་བ་ནི། ང་ཚོའི་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་རེད་ཅེས་གསུངས།
             སྤྱི་ལོ་༢༠༢༠ལོར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་འཚོ་བ་མངོན་འགྱུར་ཡོང་བར་འགན་ལེན་བྱ་ཆེད། བོད་ལྗོངས་ཀྱིས་ཉེ་བའི་ལོ་ཤས་ནང་དབུལ་སྐྱོར་ཐད་གནད་འཕིགས་ཤུགས་འདོན་བྱས་ཡོད་པ་རེད། སྤྱི་ལོ་༢༠༡༧ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་༦༢༨འཛུགས་བསྐྲུན་བྱེད་པའི་རྣམ་གྲངས་འགོ་ཚུགས་པ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་མ་དངུལ་སྒོར་དུང་ཕྱུར་༣༠༠ལྷག་ཙམ་བཏང་ཚར་བ་བྱ་རྒྱུ་ཡིན་པ་རེད། ཟླ་བ་གསུམ་གྱི་གོང་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་ཀྱི་ལ་རྒྱབ་གྲོང་ཚོར་སྔོན་མའི་གནས་ཡུལ་སྐྱར་བསྐྲུན་བྱས་ཟིན་མ་ཐག་ཡིན་པ་རེད།
             བོད་ལྗོངས་ལྷོ་ཁ་ལྷོ་བྲག་རྫོང་ལ་རྒྱབ་གྲོང་ཚོའི་གྲོང་མི་མིག་དམར་བསམ་གྲུབ་ཀྱིས།ད་ཆ་ཡག་པོ་ཡོད། སྲིད་གཞུང་ནས་ཀྱང་ང་ཚོར་ཁང་པ་གསར་པ་རྒྱག་རོགས་གནང་བ་མ་ཟད། འཐུང་ཆུ་ཡོད་པ་དང་། གཞུང་ལམ་ཤར་གཏོང་བྱུང་ཡོད་པས། ཧ་ཅང་སྟབས་བདེ་པོ་འདུག ང་ཚོར་ད་དུང་སྒུལ་འཕྲིན་དྲ་བ་ཡང་ཡོད་ཅེས་གསུངས་འདུག
             ཕྱུག་འགྱུར་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པ། ད་ཆ་ལ་རྒྱབ་གྲོང་ཚོས་རིམ་པ་ཁག་གི་སྲིད་གཞུང་གི་རོགས་རམ་འོག་ཐོན་ལས་རིམ་སྤོར་གྱི་འཆར་འགོད་བཟོ་བཞིན་ཡོད་ཅིང་། སྨྱུག་ཆས་སླས་འཐག་དང་། སྨན་རྩྭ། མོག་རོ། སྔོ་ཚལ་འདེབས་འཛུགས་སོགས་ལ་བརྟེན་ནས་གྲོང་མིའི་ཡོང་འབབ་མཐོ་རུ་གཏོང་རྩིས་ཡོད་པ་རེད།
             བོད་ལྗོངས་ལྷོ་ཁ་ལྷོ་བྲག་རྫོང་ལ་རྒྱབ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་བསམ་གྲུབ་ཀྱིས། དྲོད་ཁང་ཁ་ཤས་བརྒྱབ་ཡོད། ཚལ་རིགས་གཞན་དག་འདེབས་པ་དང་། དེ་ནས་གྲོང་ཁྱེར་ནང་འཚོང་རྩིས་ཡོད། སྤྱི་ལོ་༢༠༡༩ལོ་ནས་བཟུང་། ཁྱིམ་ཚང་མི་རེ་ངོ་རེར་ཁེ་སྤོགས་བགོ་རྒྱུ་ཡིན་ཞེས་གསུངས།
             སྡོམ་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་༢༠༡༦ལོ་ནས་བཟུང་བོད་ལྗོངས་ཀྱིས་ཁྱོན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་༢༢༠༠ལག་བསྟར་བྱས་པ་དང་། སྣེ་ཁྲིད་ཁེ་ལས་དང་། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་སྒྲིག་འཛུགས་གསོ་སྤེལ་དང་གོང་འཕེལ་བཏང་བ་བརྒྱུད། མི་ཉིས་འབུམ་ཆིག་ཁྲི་དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
             སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འབྱོར་འབྲིང་ལ་དཔེ་བསྡུར་བྱས་ནས་ཞན་ཆ་ཁ་གསབ་བྱེད་ཆེད། བོད་ལྗོངས་ཀྱིས་ད་དུང་སྤྱི་པའི་ཞབས་ཞུའི་ཐད་མ་འཇོག་བྱ་རྒྱུར་ནུས་ཤུགས་ཆེན་པོ་བཏོན་ཡོད། སྨན་བཅོས་དང་། སློབ་གསོ་སོགས་དེ་སྔའི་ཞན་ཆ་རྣམས་ལ་མགྱོགས་མྱུར་འགྱུར་བ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་མང་ཚོགས་ཀྱིས། འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།
             བོད་ལྗོངས་དབུལ་སྒྲོལ་འགག་གཏོར་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཤིན་ཉན་གྱིས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀས། སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་ལག་བསྟར་བྱེད་པ་དང་། སྔ་བར་ཕྱི་གསུམ་དུ་གནད་འཕིགས་དབུལ་སྐྱོར་དང་། གནད་འཕིགས་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་། མི་ཉིས་འབུམ་དྲུག་ཁྲི་དྲུག་སྟོང་གནས་སྤོའི་འཆར་གཞི་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད། ང་ཚོས་ཡུལ་གཞན་དུ་གནས་སྤོ་བྱས་པའི་རྗེས་མཐུད་དོ་དམ་ཞབས་ཞུ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། དབུལ་གྲོལ་གྲུབ་འབྲས་སྲ་བརྟན་གཏོང་བ་དང་ཆབས་ཅིག་སྤྱི་པའི་ཞབས་ཞུའི་ཆ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
             རང་བྱུང་ཁོར་ཡུག་ཞན་པའི་ཆབ་མདོའི་ས་ངན་ཁུལ་ནས་ལྷ་སར་གནས་སྤོས་བྱས་པའི་ཕུར་བུ་ཚེ་རིང་གི་ཁྱིམ་ཚང་བཀོད་སྒྲིག་བྱས་མ་ཐག་ཚ་བོ་ཚ་མོ་བཞིའི་སློབ་གསོའི་གནད་དོན་ཐག་གཅོད་བྱུང་ཡོད་པ་རེད།
             ཡུལ་གཞན་ནས་གནས་སྤོས་བྱས་པའི་ཕུར་བུ་ཚེ་རིང་གིས། ཁྱིམ་ཚང་ནང་ཕྲུ་གུ་བཞི་ཡོད་པའི་ནང་ནས་གསུམ་སློབ་གྲྭར་འགྲོ་གི་ཡོད། གཅིག་ད་ལོ་སློབ་གྲྭར་འགྲོ་རྒྱུ་རེད། བུ་མོ་དང་བུ་གཉིས་ཀར་ལས་ཀ་རག་ཡོད། ཟླ་རེར་སྒོར་༣༧༠༠ཙམ་གྱི་གླ་ཕོགས་ཡོད་ཅེས་གསུངས།
             ད་ཆ་འབྱུང་འགྱུར་སློབ་ཁང་དང་། སྒྲ་འཇུག་སློབ་ཁང་། རིག་སྟོབས་ཅན་གྱི་སློབ་གྲྭའི་དོ་དམ་སྟེགས་བུ། དྲ་ཐོག་རྒྱུགས་ཤོག་དཔྱད་གཟིགས་ཞེས་པ་སོགས་ཆ་འཕྲིན་ཅན་གྱི་སློབ་ཁྲིད་མ་ལག་སྔར་བས་མང་བ་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཁྲོད་བེད་སྤྱོད་གཏོང་བཞིན་ཡོད་པ་རེད།
             བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སློབ་སྤྱི་གཞོན་པ་བསོད་གཡང་གིས། ང་ཚོའི་འདིར་ཆ་འཕྲིན་ཅན་གྱི་སློབ་གསོའི་བྱ་ཐབས་རྦད་དེ་ཁྱོན་ཡོངས་སུ་ཁྱབ་ཡོད། ས་སྨྱུག་དང་ནག་པང་གི་སློབ་ཁྲིད་བྱེད་སྟངས་དང་རིང་དུ་བྲལ་ནས། དེ་སྔོན་སློབ་དེབ་ཐོག་མངོན་ཐབས་མེད་པའི་གཟུགས་བརྙན་དང་རོལ་དབྱངས་སློབ་མ་ཚོའི་མདུན་དུ་མངོན་ཐུབ་པ་བྱུང་ཡོད་ཅེས་གསུངས།
             ས་མཐོའི་དག་པའི་ཞིང་ཁམས་སྲུང་སྐྱོང་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཉེ་བའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད། དཔྱིད་གསར་དུས་ཆེན་བཏང་མ་ཐག་འབྱུང་ཁམས་ཁོར་ཡུག་ཐིང་གི་ལས་དོན་མི་སྣས་འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཐོན་ཁུངས་བེད་སྤྱོད་ཀྱི་དམར་ཐིག ཁོར་ཡུག་སྤུས་ཚད་ཀྱི་དམར་ཐིག ཁོར་ཡུག་འཐུས་མཆན་གྱི་བཀག་རྒྱའི་གསལ་ཐོ་བཅས་དམར་ཐིག་གསུམ་དང་གསལ་ཐོ་གཅིག་གཏན་འབེབས་འཐུས་ཚང་དུ་གཏོང་རྒྱུར་བྲེལ་འགོ་ཚུགས་ཡོད་པ་རེད། 
             བོད་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་ཐིང་གི་འགོ་འཛིན་ནོར་རྒྱས་ཀྱིས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་བཅས་ལ་སྟོབས་ཤུགས་གཅིག་བསྡུས་བྱས་ནས། བོད་ལྗོངས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ཡག་པོ་ཡོང་བ་བྱ་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་འདུག
             ན་ནིང་། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཐད་མ་དངུལ་སྒོར་དུང་ཕྱུར་༡༠༧བཏང་ཡོད་པ་རེད། བོད་ལྗོངས་ཀྱི་འབྱུང་ཁམས་ལས་གནས་༦འབུམ་༦ཁྲི་༦སྟོང་༧བརྒྱ་མང་དུ་བཏང་བ་དང་། ལོ་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་༣༠༠༠ནས་༣༥༠༠བར་མཐོ་རུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་འབབ་འཕར་བར་ཕན་ཚུན་སྐུལ་འདེད་ཐུབ་པར་གྱུར་ཡོད།