ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་ཅིན་ཕིང་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དགོས་པའི་སྐུལ་མ་གནང་།

སྤེལ་དུས 2019-02-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཡན་ཨན་ལ་རྒྱང་བལྟ་བྱེད་པ་ཞེས་པའི་གློག་བརྙན་འདི་བལྟས་རྗེས་ད་གཟོད་གཞི་ནས་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་པའི་གསང་བ་རྟོགས་ཐུབ། ཟླ་བ་འགའ་ཤས་སོང་རྗེས། ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་གྲོས་ཚོགས་ཀྱི་དམག་དཔུང་ཏང་འཛུགས་ཆེད་མཁས་པ་ལེའུ་ཤིང་ཤིང་གིས་ཡན་ཨན་ལ་རྒྱང་བལྟ་བྱེད་པ་ཞེས་པའི་ལོ་རྒྱུས་གློག་བརྙན་དེ་སེམས་ལ་གསལ་པོ་ངེས་ཡོད།
            སྤྱི་ལོ་༢༠༡༨ལོའི་ཟླ་བ་༨པར། ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། གྲོས་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ ཆོག་མཆན་གནང་ནས་པར་ལེན་བྱས་པའི་ལོ་རྒྱུས་གློག་བརྙན་དེ་བསྟན་པས་ཚོགས་ཞུགས་འཐུས་མིའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།
            ཞི་ཀྲུའུ་ཞིས་སྤྱི་ལོ་༢༠༡༥ལོར་ཧྲའན་ཤི་རུ་རྟོག་ཞིབ་གནང་སྐབས། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་སྐབས་མུ་མཐུད་དུ་ཡན་ཨན་སྙིང་སྟོབས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་ནན་སྟོན་གནང་མྱོང་། ལེའུ་ཤིང་ཤིང་གིས་གསར་འགོད་པར། ཡན་ཨན་དུས་སྐབས་ང་ཚོའི་ཏང་གིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕན་ཡོད་ནུས་ལྡན་གྱི་ལམ་ལུགས་སྒྲིག་སྲོལ་མང་པོ་ཞིག་བཟོས་གནང་བས་དེང་གི་ཆར་ཡང་བློ་འབྱེད་ཀྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་ཡོད།
            ཐམས་ཅད་མདུན་ཕྱོགས་སུ་བསྐྱོད་ཐུབ་རུང་བསྐྱོད་མྱོང་བའི་ལམ་བུ་བརྗེད་མི་རུང་། རྒྱང་རིང་དང་ཐ་ན་འོད་སྟོང་འཕྲོ་བའི་མ་འོངས་པ་གང་ཞིག་ཏུ་སླེབས་རུང་བསྐྱོད་མྱོང་བའི་ལམ་བུ་བརྗེད་མི་རུང་། ཡན་ཨན་གྱི་ས་ཕུག་མདུན་དང་། ཤི་པའེ་ཕོའི་སྒོ་རའི་ནང་། ཅིང་ཀང་རི་བོའི་བརྒྱད་ཟུར་ཐོག་ཁང་། ནན་ཧུ་ཡི་གྲུ་ཆུང་སྟེང་བཅས་གནས་གང་ཞིག་ཡིན་རུང་། ཞི་ཀྲུའུ་ཞིས་ཏང་ཡོངས་དང་དམག་ཡོངས་ཀྱི་སྣེ་ཁྲིད་དེ་དཀའ་ཚེགས་ཆེ་བའི་གསར་བརྗེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་བསྐྱོད་བྱེད་དགོས་པའི་བཀའ་མངགས་ཡང་སེ་གནང་ཡོད། ཏང་དང་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་རིམ་བཞིན་སླར་གསོ་ཐུབ་བཞིན་ཡོད་ལ། དམག་དཔུང་གི་ཏང་གོ་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་སྔར་བས་ཡག་ཏུ་འགྲོ་བཞིན་ཡོད།
            ཧྲང་ཧའེ་ཤིང་ཡེ་ལམ་སྒོ་རྟགས་བདུན་ཅུ་དོན་དྲུག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སའི་གནས་ཤིག་རེད། ལོ་གཅིག་རིང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྲང་ཧའེ་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་རུ་ཡན་ལག་རུ་ཁག་བཞི་པའི་རུ་ཆེན་གསུམ་པའི་འཐབ་འཛིང་པ་ཞུལ་ཕོང་ཧའོ་ཡིས་གནས་དེར་ཐེངས་མང་ཡོང་ནས་ས་གནས་ཁག་གི་སྐུ་མགྲོན་ལ་སྔར་སོང་གི་ལོ་རྒྱུས་གསལ་བཤད་བརྒྱབ་ཡོད།
            ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་འགྲིལ་མ་ཐག་པའི་གཟའ་འཁོར་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་གནས་དེ་གར་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་འཚོལ་བར་ཕེབས་ཡོད། ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་ཤུལ་རྙིང་པའི་དྲན་གསོ་ཁང་གི་འགྲེལ་བརྗོད་པ་ཞིག་ཡིན་པའི་ཆ་ནས་ཞུལ་ཕོང་ཧའོ་ཡིས་ཁང་ཆུང་དེའི་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པས་རྒྱུན་དུ་སྐུ་མགྲོན་མང་པོའི་དྲི་བ་འདྲ་མིན་ལ་འགྲེལ་བཤད་བརྒྱབ་ཀྱི་ཡོད། ཞི་ཀྲུའུ་ཞི་གནས་དེར་ཕེབས་པས་ཞུལ་ཕོང་ཧའོ་ཡི་སེམས་སུ་རང་ཉིད་ལས་བཞིན་པའི་འོས་འགན་ལས་དོན་དེ་སྔར་བས་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པའི་ཚོར་སྣང་བྱུང་ཡོད།
            ད་ཐེངས་ཀྱི་གཟིགས་སྐོར་ཁྲོད། ཞི་ཀྲུའུ་ཞིས་ཐོག་མའི་བསམ་འདུན་ཞེས་པའི་ཡིག་འབྲུ་བཞི་པོ་ཐེངས་མང་གླེང་གནང་ཡོད། གྱང་སྟེང་དུ་བཀལ་བའི་ཀྲུང་གོ་གུང་ཀྲན་ཏང་གི་ཏང་དར་གཟིགས་སྐབས། ཁོང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་བློ་མཐུན་ཚོའི་སྣེ་ཁྲིད་དེ་ཏང་ཞུགས་མནའ་ཚིག་ལ་བསྐྱར་ཀློག་གནང་ཡོད།
            ཞི་ཀྲུའུ་ཞིས་གསུངས་པ་བཞིན་ཏང་ཞུགས་མནའ་ཚིག་ལ་ཡིག་འབྲུ་མང་པོ་མེད་པས་བློ་ལ་ངེས་པར་དཀའ་ལས་ཁག་པོ་མེད། དཀའ་ལས་ཁག་པོ་ཡོད་པ་དེ་ནི་མི་ཚེ་ཧྲིལ་པོར་བརྟན་སྲུང་བྱ་རྒྱུ་དེ་རེད། ཧྲང་ཧའེ་དང་བར་ཐག་ལེ་བར་སྟོང་ཕྲག་ཆོད་པའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་མཱ་ལི་ཕོའི་རུ་འབྲིང་གི་རིམ་བཞིའི་ཉེན་རྟོག་དཔོན་ལི་གོ་ཤིན་དང་འཐབ་འཛིང་པ་རྣམས་ནས་ཉིན་དེའི་གསར་འགྱུར་བལྟས་རྗེས། ཞི་ཀྲུའུ་ཞིའི་བཀའ་མོལ་གྱིས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
            ལི་གོ་ཤིན་གྱིས་ང་རང་མཱ་ལི་ཕོར་སླེབས་ནས་ལོ་ངོ་བཅོ་ལྔ་ཕྱིན་སོང་། ཆུ་ཚོད་ཉིས་ཁྲི་ཡན་གྱི་སོ་བལྟ་བྱེད་མྱོང་། ཆུ་ཚོད་ཉིས་ཁྲི་མ་གཞི་བྱས་ན་སྤྱིར་བཏང་གི་གྲངས་ཀ་ཙམ་ཞིག་ཡིན་རུང་། ངའི་ལོ་ངོ་བཅོ་ལྔའི་དམག་ཞུགས་ལང་ཚོ་བསྡུས་ཡོད་ཅེས་དང་། ཁོང་གིས་མཐའ་མཚམས་འཐབ་ས་དང་པོའི་དཀའ་ཚེགས་ཆེ་ཞིང་ཁེར་རྐྱང་ཡུལ་པོའི་ཁོར་ཡུག་ནང་གི་ལོ་ངོ་བཅོ་ལྔའི་རིང་ང་ལ་དེ་སྔ་ཐེ་ཚོམ་དང་གཡོ་འགུལ་ཐེབས་མྱོང་། འོན་ཀྱང་མཐའ་མཚམས་ཀྱི་ས་ཐིག་ཐོག་ཏུ་བསྐྱོད་སྐབས་ང་རང་ནས་དམག་དཔུང་ནང་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་རྙེད་ཀྱི་འདུག་ཅེས་གསུངས་ཡོད།
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཡོངས་དང་དམག་ཡོངས་ནས་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་གྱི་དད་མོས་ཅེས་པའི་བསམ་བློའི་ལས་གྲྭར་དམ་འཛིན་བྱས་པ་དང་། སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོའི་བཅོས་སྒྲིག སྦྱོང་བ་དང་གཉིས་ལ་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སོགས་རབ་དང་རིམ་པ་སྤེལ་ཡོད། སྤྱི་ལོ་༢༠༡༨ལོར་དམག་ཡོངས་ནས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་སྟོབས་ཆེའི་དམག་དཔུང་འཛུགས་པའི་འགན་འཁྲི་ཁུར་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། ཀྲུང་དབྱང་དམག་ཨུད་ནས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་པའི་ལག་བསྟར་རྩ་འཛིན་ཞེས་པ་དམིགས་སུ་པར་འགྲེམས་བྱས་ནས་རིམ་པ་ཁག་གིས་གསར་བརྗེའི་གཞི་རྒྱུ་རང་ཉིད་ཀྱི་ཁྲག་རྒྱུན་ནང་བླུགས་རྒྱུར་ཁྲིད་སྟོན་བྱས་ཡོད།
            དམག་དཔུང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་ཐོག་ཞི་ཀྲུའུ་ཞིས། དམག་ཡོངས་ནས་མི་དམངས་སེམས་དབུས་སུ་འཇོག་རྒྱུ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་མེ་མདའ་འཁྱེར་བ་དང་མི་དམངས་ཀྱི་ཆེད་དུ་དམག་རྒྱག་པའི་རླབས་ཆེའི་འགན་འཁྲི་སེམས་སུ་བརྟན་པོར་ངེས་ཏེ་མི་དམངས་ཀྱི་ཞི་བདེའི་ངལ་རྩོལ་དང་འཚོ་བར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་དམག་ཡོངས་ཀྱི་དཔོན་དམག་རྣམས་ལ་བཀའ་མངགས་གལ་ཆེན་གནང་ཡོད།
            ལོ་དེ་དག་རིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རང་སོའི་བཟང་ཆ་འདོན་སྤེལ་གྱིས་ས་གནས་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཧུར་ཐག་ཞུགས་པ་དང་། དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་སྟེང་དུ་ཁུར་ཞིང་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་མི་དམངས་ཀྱི་ཆེད་དུ་ཕན་བདེ་བསྐྲུན་བཞིན་ཡོད། ཡོམ་འགོག་གེགས་སེལ་དང་། ཆུ་ལོག་གེགས་སེལ། ཕྱིར་སྡོད་སྤུན་ཟླ་ཕྱིར་འཐེན་བཅས་ཕྱོགས་གང་ཞིག་ཡིན་རུང་ང་ཚོའི་བུ་ཕྲུག་དམག་གིས་མདུན་དུ་མཆོང་རྐྱང་དང་ཕྱིར་ཤུལ་སྤུ་ཙམ་མ་བྱེད་པའི་ཐོག་ནས་མི་དམངས་དམག་དཔུང་གི་ཐོག་མའི་བསམ་འདུན་མངོན་པར་བྱེད་ཀྱི་ཡོད།
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཞི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱིས་ལྕེ་རྩེའི་ཆུད་ཟོས་ནས། རླངས་འཁོར་ཐོག་གི་རུལ་སུངས། ཁེ་ཕན་ཐོག་གི་འདྲེ་ལག་སོགས་ཀྱི་དོན་ཆུང་ནས་དམ་འཛིན་གྱིས་སྟག་སྦྲང་མཉམ་རྡུང་དང་། རུལ་སུངས་ཆད་གཅོད་བྱེད་ཤུགས་བཅས་ཚང་མ་སྔར་བྱུང་མྱོང་མེད། དེ་དང་དུས་མཚུངས། དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྒྲིག་གཞི་ཡང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། སྤྱི་ལོ་༢༠༡༦ལོའི་ལོ་མགོར། ཀྲུང་དབྱང་དམག་ཨུད་སྒྲིག་བཤེར་ཨུ་ལྷན་དང་ཀྲུང་དབྱང་དམག་ཨུད་སྲིད་ཁྲིམས་ཨུ་ལྷན། ཀྲུང་དབྱང་དམག་ཨུད་རྩིས་བཤེར་ཧྲུའུ་བཅས་གསར་དུ་བསྐྱར་སྒྲིག་བྱ་རྒྱུའི་དམག་ཨུད་ཚན་པའི་ཁོངས་སུ་ཚུད་ཡོད། སྤྱི་ལོ་༢༠༡༨ལོའི་ལོ་མགོར། གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་དབྱང་དམག་ཨུད་ཀྱི་སྐོར་ཞིབ་ལས་དོན་སྲོལ་ཡིག་ཅེས་པ་པར་འགྲེམས་བྱས་ཡོད།
            སྤྱོད་གཙང་འཛུགས་སྐྱོང་བྱ་རྒྱུ་ནམ་ཡང་ལམ་དུ་ཡོད་པ་དང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའང་ནམ་ཡང་ལམ་དུ་ཡོད། དེ་བས་སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུའམ་ནམ་ཡང་ལམ་དུ་ཡོད། ཡན་ཨན་ནས་ཤི་པའེ་ཕོ་བར་དང་། གུ་ཐན་གྱི་དམག་ཡོངས་ཆབ་སྲིད་ལས་དོན་གྲོས་ཚོགས་ནས་ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་གྲོས་ཚོགས་བར། མིག་སྔ་ནས་མ་འོངས་པའི་བར་བཅས་ཚང་མར་ཞི་ཀྲུའུ་ཞིས་ང་ཚོའི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་གྱིས་སྟོབས་ཆེའི་རྒྱལ་ཁབ་དང་སྟོབས་ཆེའི་དམག་དཔུང་འཛུགས་པའི་རྒྱང་སྐྱོད་ལམ་བུའི་ཐོག་དུས་རབས་གསར་པའི་ལེའུ་གསར་པ་རྩོམ་དང་བརྩམས་མུས་ཡིན།