ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཐབས་ཤེས་མང་པོས་ལོ་གསར་འགྲོ་འོང་གི་ཕྱིར་ལོག་འགྲུལ་སྐྱོད་མཐོ་རླབས་ལ་ཁ་གཏད་གཅོག་པ།

སྤེལ་དུས 2019-02-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
QQ截图20190219160846.jpg
           ཚེས་18ཉིན་གསར་འགོད་པས་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོ་རིང་པོ་མཇུག་རྫོགས་རྗེས། བོད་བསྐྱོད་དམངས་ལས་པ་དང་སློབ་མ་དང་གཉེན་ཉེ་སྐོར་མཁན་བཅས་མུ་མཐུད་ནས་ཇེ་མང་དུ་སོང་བ་དང་བསྟུན་ནས། ལྕགས་ལམ་འགྲུལ་སྐྱོད་ལའང་ཕྱིར་ལོག་འགྲུལ་སྐྱོད་ཀྱི་མཐོ་རླབས་བྱུང་། རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་ཀྱི་བདེ་འཇགས་འགྲོ་འོང་ལ་འཁྲི་ལེན་པའི་སླད་དུ། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་སྔོན་ལ་འཆར་ཅན་གྱིས་ཉེན་རྟོག་པའི་དཔུང་ཤུགས་ཡོངས་མངགས་ཏེ། བདེ་སྲུང་ཁག་གཟབ་ནན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་གིས་མུ་རུ་འབྱུང་རྒྱུའི་འགྲུལ་སྐྱོད་མཐོ་རླབས་ལ་ཁ་གཏད་གཅག
           རྒྱུས་ལོན་བྱས་པ་ལྟར་ན་ཉེ་ལམ་གྱི་ཕྱིར་ལོག་མཐོ་རླབས་ཀྱི་དུས་ཡུན་ནང་དུ། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་མངའ་ཁུལ་ལྷ་ས་དང་གཞིས་ཀ་རྩེ་དང་ནག་ཆུ་བཅས་འགྲུལ་སྐྱོད་མང་པའི་འགྲུལ་སྐྱོད་ས་ཚིགས་གཙོ་བོར་བཟུང་ནས། འགྲུལ་སྐྱོད་སྡེ་ཁག་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་བཏང་བ་དང་། དུས་བསྟུན་གྱིས་ཉིན་རེའི་འགྲུལ་སྐྱོད་འགུལ་ཚུལ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ཏེ། དུས་ཐོག་ཏུ་ཉེན་རྟོག་པའི་དཔུང་ཤུགས་བཀོད་སྒྲིག་དང་བྱ་བའི་བྱེད་ཐབས་དག་སྒྲིག་གིས་གཙོ་གནད་འཁོར་རིམ་དང་གཙོ་གནད་དུས་ཚད་དང་གཙོ་གནད་གནས་རིམ་གྱི་ཡུལ་སྐོར་བའི་འགྲོ་འོང་ལམ་སྟོན་ལེགས་པར་སྒྲུབ་དགོས། དེ་དང་མཉམ་དུ་ད་དུང་དངོས་མིང་པ་སེ་རྩིས་བཤེར་དང་བདེ་འཇགས་ཞིབ་བཤེར་གྱི་བྱ་བའི་ལས་རིམ། ལས་ཀའི་ཚད་གཞི་བཅས་ཇེ་དམ་དུ་བཏང་བར་མ་ཟད། འགྲུལ་ཁྲེས་བཅོལ་སྐུར་ཁང་དང་ཉེ་འཁོར་གྱི་མགྲོན་ཁང་སོགས་གནས་གཙོ་བོ་རྣམས་ལ་ལྟ་རྟོག་ཞིབ་བཤེར་ཆེ་རུ་བྱས་ཏེ་ཆ་ཡོངས་ནས་མངའ་ཁུལ་གྱི་བདེ་འཇགས་སྲུང་རགས་བརྟན་པོར་བཟོས།
           རྒྱུས་ལོན་ལྟར་ན་ཉེ་ལམ་བྱུང་བའི་འགྲུལ་སྐྱོད་མཐོ་རླབས་ལ་ཁ་གཏད་ནས། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་འགྲུལ་སྐྱོད་ས་ཚིགས་སོ་སོའི་བདེ་སྐྱོང་ལེགས་བཅོས་ཤུགས་ཚད་ཇེ་དམ་དུ་བཏང་བར་མ་ཟད། སྣེའུ་སྤྱི་བདེ་ཡན་ལག་ཅུས་དང་བཅའ་སྡོད་དྲག་ཤུགས་ཉེན་རྟོག་པར་མཉམ་འབྲེལ་གྱིས་དུས་ཚོད་ཉེར་བཞིའི་རིང་རྒྱུན་ཆགས་ངང་དྲག་ཆས་ལྟ་མྱུལ་བྱས་ཏེ། པ་སེ་ལྡོག་མར་འཚོང་བ་དང་ཟིང་སློང་གཡོ་ཁྲིད་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། བརྐུ་འཕྲོག་དང་མགོ་སྐོར་སོགས་འབབ་ཚིགས་སུ་འབྱུང་མང་རང་བཞིན་གྱི་རྒྱུ་ནོར་ལ་འཚེ་བའི་ནག་ཉེས་ཀྱི་སྤྱོད་པར་ལྟ་རྟོག་དང་རྡུང་རྡེག་ནན་ཏན་སྒོས། འཁོར་སྡོད་ཀྱི་ཁོར་ཡུག་སྔར་བས་གཙང་མར་བཟོས་ཏེ་རྒྱ་ཆེ་བའི་ཡུལ་སྐོར་མགྲོན་པོ་བདེ་འཇགས་ངང་ཕྱིར་ལོག་པར་འཁྲི་ལེན་བྱ་དགོས།
རྩོམ་སྒྲིག་པ། སངས་སྐྱབས།