ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་མངའ་རིས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཟླ་2ཚེས་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་སྒེར་རྩེ་སོགས་རྫོང་དུ་ཕེབས་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་མཚོ་ཆེན་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དབུལ་སྒྲོལ་དུད་ཚང་དགྲ་ལྷའི(གཡས་ཀྱི་གཉིས་པ)ཁྱིམ་དུ་ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་བཞུགས་ནས་ཕྱུག་པོ་ཆགས་ཐབས་དང་འབབ་འཕར་ཇི་ཙམ་བྱུང་མིན་སྐོར་གླེང་གནང་བཞིན་པ།
           དབུལ་སྒྲོལ་འགག་སྒྲོལ་མཁྲེགས་སར་གཏུགས་པ་དང་། འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་གདོང་མཆོང་གི་དུས་སུ་སླེབས་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དེར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ་2ཚེས་19ཉིན་དབུལ་སྒྲོལ་ཇུས་ཆེན་ཐོག་མཐའ་བར་གསུམ་དུ་ཐུགས་ལ་འཆང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ས་ཐག་རིང་ཤོས་ཀྱི་མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་སྒེར་རྩེ་སོགས་རྫོང་དུ་ཕེབས་ཏེ་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་རྫོང་ཁག་གིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་དང་། གཙོ་གནད་ཐོག་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཁྲོད་གནས་པའི་གནད་དོན་བཙལ་འཚོལ་དང་ཐག་གཅོད། ས་གནས་ས་ཐོག་ཏུ་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཡོང་རྒྱུར་སྐུལ་འདེད་བཏང་གནང་ནས་ཤིན་ཏུ་དབུལ་བའི་རྫོང་དུས་བཀག་ནང་དབུལ་ཞྭ་འཕུད་ཐུབ་པ་བྱེད་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་པ་རེད། ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་ནས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད། འདི་ལོ་ལྗོངས་ཡོངས་སུ་རྫོང་19དབུལ་ཞྭ་འཕུད་དགོས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ནས་དཀའ་སྤྱད་དངོས་སྒྲུབ་བྱེད་པ་དང་། བརྩེ་སེམས་འཆང་ནས་འབད་འཐབ་དང་ལེགས་སྐྱེས་འབུལ་བ། གནད་སྨིན་ཤུགས་འདོན་གྱིས་འབད་བརྩོན་ལྷོད་མེད་བྱེད་པ། དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་དེའི་ནང་རྒྱལ་ཁ་ལེན་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གོང་དཔེ་འོག་སྟོན་དང་སྣེ་ཁྲིད་ནས་ཐག་རིང་ལུང་ཁུག་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤིན་ཏུ་དབུལ་བའི་རྫོང་དུས་བཀག་ནང་ཚང་མ་དབུལ་ཞྭ་འཕུད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ལྷན་དུ་ཕེབས་ཡོད་པ་རེད།
           མཚོ་ཆེན་རྫོང་དང་སྒེར་རྩེ་རྫོང་གི་ས་བབ་མཐོ་བ་དང་། ཆ་རྐྱེན་ཞན་པ། མི་འབོར་དབུལ་པོ་མང་བས་ཧ་ཅང་དབུལ་པོ་ཞིག་རེད། ད་ལོ་དབུལ་ཞྭ་ཕུད་རྩིས་ཡོད་སྟབས། མིག་སྔར་རྫོང་དེ་གཉིས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་ཞྭ་ཕུད་ཀྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད། མཚོ་ཆེན་རྫོང་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཐོག་ཁང་དེ་འབབ་འཕར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་པ་དང་། སྒེར་རྩེ་རྫོང་དུང་མཚོ་ཤང་གི་སློབ་ཆེན་སློབ་མའི་ལས་གཏོད་ཇ་ཁང་གི་ཚོང་ཡག་པ། འོ་མ་ཤང་འཆམ་གུག་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་དབུལ་པོ་སྔར་ལས་མང་བར་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་སོགས་ཕྱོགས་མང་པོའི་རོགས་རམ་དང་རྒྱབ་སྐྱོར་འོག་དེ་སྔ་དབུལ་ཕོངས་རྗེས་ལུས་ཀྱི་ཐག་རིང་རི་གྲོང་དག་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།
           ཝུའུ་དབྱིང་ཅེ་དང་བཅས་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཟིན་པའི་གཞུང་ལམ་ཐོག་ཆུ་ཚོད་9ཙམ་ངལ་གསོ་ཕྲན་ཙམ་ཡང་མ་བསྐྱོན་པར་ཕེབས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་དམིགས་ཚད་ལ་གཞིགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། དུད་ཚང་དབུལ་པོའི་ཁོངས་ནས་དོན་རྗེས་ཀྱི་སྲ་བརྟན་དང་མཐོར་གཏོང་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་ནན་ཏན་གནང་བ་རེད། མཚོ་ཆེན་རྫོང་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཐོག་ཁང་གི་ར་ཁུལ་སྨུག་པོའི་དྲ་ཕྱིའི་ཉམས་ལེན་ཁང་དུ་ཝུའུ་དབྱིང་ཅེས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་གི་སྤུས་ཀ་ལེགས་པས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་མོད། འོན་ཀྱང་ཐོན་ཚད་ཉུང་བ་དང་། གྲངས་འབོར་ཉུང་བ། ཟོག་འགྲེམས་བར་ཐག་རིང་བ། མ་གནས་མཐོ་བ་བཅས་ཡོད་པས། དྲ་ཐོག་ཚོང་དོན་ལས་སྟེགས་དང་འགན་ནུས་སྡེ་ཚན་ཁག་གིས་དབུལ་སྐྱོར་གྱི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་གནད་སྨིན་ཐབས་ཇུས་མི་འཛོལ་བ་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དོན་དངོས་དང་འཚམ་པའི་ཐོན་ལས་ཡག་པོ་འདེམས་པ་དང་ཚོང་ཟོག་གི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་ལག་ཤེས་བཟོ་རྫས་དང་འབྲོག་ཟོག་ཕྱིར་འཚོང་ལ་ཆ་རྐྱེན་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་སྔར་བས་མང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           མཚོ་ཆེན་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དབུལ་སྒྲོལ་དུད་ཚང་དགྲ་ལྷའི་ཁྱིམ་གྱི་ཚོམས་ཆེན་དབུས་སུ་གཙོ་འཛིན་གྱི་སྐུ་པར་མཐོན་པོར་བཀལ་ཡོད་པ་དང་། ཀྲུང་དབྱང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་མཚམས་སུ་རྒྱ་ཆེའི་ཞིང་འབྲོག་པར་བསྩལ་བའི་ཇ་ཕོར་སྒྲོག་རྩེའི་སྟེང་སྒྲིག་ཡོད་པ་དང་དགྲ་ལྷའི་འཚོ་བའང་ཇ་བསྲུབས་མ་ཇི་བཞིན་བྲོ་བ་ཞིམ་ལ་བདེ་སྐྱིད་ལྡན་པ་ཞིག་ཡོད། ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་བཞུགས་ནས་ཕྱུག་པོ་ཆགས་ཐབས་དང་འབབ་འཕར་ཇི་ཙམ་བྱུང་མིན་སྐོར་ལྷུག་པོར་གླེང་གནང་ཞིང་། ཚང་མས་ཧྲུའུ་ཅི་ཝུའུ་དབྱིང་ཅེར་རང་གི་ཕ་ཡུལ་དང་ཁྱིམ་ཚང་གི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་བྱུང་ཚུལ་ཧབ་ཐོབ་ཤིག་ཤིག་ངང་གླེང་བ་དང་། ཚང་མས་ཏང་ཨུད་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད། ཝུའུ་དབྱིང་ཅེས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ལ་གཟིགས་སྐྱོང་ཆེན་པོ་གནང་གི་ཡོད། བོད་ལ་འཕེལ་རྒྱས་དང་ཡར་རྒྱས་མྱུར་པོ་དེ་འདྲ་བྱུང་བ་དང་མི་སེར་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་ལས་བྱུང་བ། ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ། རང་རེའི་མི་སེར་ཚོས་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་ཐུན་མོང་ཐོག་གསར་གཏོད་བྱས་པ་ལས་བྱུང་བ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་ངང་མི་སེར་ཆེད་བདེ་སྐྱིད་དོན་གཉེར་བྱེད་མཁན་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་རེད། ང་ཚོས་ཏང་གི་བཀའ་ལ་ཉན་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཡག་པོ་སྤྱོད་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་ན་ང་ཚོར་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་ངེས་རེད་ཅེས་གསུངས།
           སྒེར་རྩེ་རྫོང་གི་སློབ་ཆེན་སློབ་མ་ཉི་མ་ཚེ་རིང་གིས་སློབ་གྲྭ་ཐོན་རྗེས་གྲོང་ཁྱེར་ཆེན་པོར་ལས་ཞུགས་བྱེད་པའི་གོ་སྐབས་དོར་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་བསྐྱོད། ཝུའུ་དབྱིང་ཅེས་ཁོང་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཉི་མ་ཚེ་རིང་ལ་ཡིད་ཆེས་བརྟན་དུ་གཏོང་བ་དང་། ལྟ་བར་འགྱུར་ལྡོག་གཏོང་བ། སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རང་ཉིད་ལས་བརྩོན་ཕྱུག་འགྱུར་བྱེད་པའི་ཞོར་དུ་ཉེ་འགྲམ་གྱི་མང་ཚོགས་དབུལ་པོ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་པ་དང་། ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཉེ་འགྲམ་མང་ཚོགས་ལ“ཕན་པ་གང་ནས་ང་བ་དང་སུ་ལ་ཕན་པ་བ་པ”གསལ་པོ་ཤེས་སུ་བཅུག་སྟེ་ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
           སྒེར་རྩེ་རྫོང་དུང་མཚོ་ཤང་དུང་མཚོ་གྲོང་ཚོའི་ཡུལ་མི་བསོད་ནམས་དགྲ་འདུལ་ནི་2015ལོར་གནད་སྨིན་དབྱེ་འབྱེད་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་རྗེས་རླངས་འཁོར་ཉམས་གསོ་བྱེད་སྟངས་དང་ཚ་ལ་རྒྱག་སྟངས་ཧུར་ཐག་སྦྱངས་ནས་རླངས་འཁོར་ཉམས་གསོ་ཁང་ཞིག་བཙུགས་ཡོད། ད་ལོ་རང་ཉིད་ཀྱི་བསམ་འདུན་བཞིན་ཁོང་གིས་དབུལ་ཞྭ་ཕུད་ནས་འབྲོག་ཁུལ་མང་ཚོགས་ཀྱི“རང་འགུལ་དབུལ་སྒྲོལ”གྱི་བསམ་པའི་ཉམས་འགྱུར་ཧུར་ཐག་མངོན་ཡོད། ཝུའུ་དབྱིང་ཅེས་དེར་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ད་ཆ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་བ་དང་རྒྱབ་སྐྱོར་བྱ་ཤུགས་ཆེན་པོ་ཡོད་མོད། འོན་ཀྱང་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་མཐར་ཐུག་ང་ཚོའི་འབད་འཐབ་ལ་བརྟེན་དགོས་ཀྱི་ཡོད། རེ་བར་མང་ཚོགས་དབུལ་པོ་རྣམས་ཀྱིས་བསོད་ནམས་དགྲ་འདུལ་ལ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་སྒུག་བརྟེན་སློང་གསུམ་མི་བྱེད་པར་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་རེད།
           རང་སྐྱོང་ལྗོངས་ཀྱི་འབྲོག་ཁུལ་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་ཡིན་པའི་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོས“ཏང་དར་གྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ”བཅས་སྤྱིའི་བསམ་ཕྱོགས་ལ་བརྩི་བ་དང་། “མ་རྐང་ནང་ཞུགས་པ་བཞི”དང“གཅིག་གྱུར་དྲུག”དམ་འཛིན་བྱ་གཞི་ནུས་ལྡན་ལ་བརྩིས་ནས་འབྲོག་ལས་ཐོན་འཕར་བྱུང་བ་དང་འབྲོག་པར་འབབ་འཕར་བྱུང་ཡོད། འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཁོ་ནར་མི་100ལས་མེད་པའི“སྒྱུར་བཅོས་གདོང་ལེན་པའི”གཟི་བརྗིད་མཚན་སྙན་སྤྲད་ཡོད། ཝུའུ་དབྱིང་ཅེ་འབྲོག་ཁུལ་གྱི་སྒྱུར་བཅོས་ལྟེ་གནས་སུ་ཕེབས་ནས་ཉི་མ་དོན་གྲུབ་ལ་རྟེན་འབྲེལ་ཞུས་པ་དང་། འཆམ་གུག་གྲོང་ཚོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ནི་ཞིང་འབྲོག་ཁུལ་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། གྲོང་གསེབ་བཅོས་སྐྱོང་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་གཞིགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་བཏང་སྟེ་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས། མང་ཚོགས་དབུལ་པོའི་ཁེ་ཕན་དང་འབྲེལ་མཐུད་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། ས་ཞིང་དང་རྩྭ་ར་བརྒྱུད་བཤུག་དང་། ས་ཞིང་གི་མ་དངུལ་མ་རྐང་དུ་བསྒྱུར་བ། ཕྱིར་བོགས་མ་དང་འགན་གཙང་སྤྲོད་པ། ལས་ཞུགས་འགུགས་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཐོན་སྐྱེད་ཀྱི་རྒྱུ་ཆ་ལྡན་པ་དང་ངལ་རྩོལ་ནུས་ཤུགས་མེད་པའི་དུད་ཚང་དབུལ་པོར་ཡོང་འབབ་བརྟན་པོ་དང་དབུལ་སྒྲོལ་བརྟན་པོ་ཡོང་བར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
           དང་པོའི་བཅོ་ལྔའི་དུས་ཆེན་ལ་གཞི་རིམ་གྱི་ལས་བྱེད་པ་མང་པོ་ནང་མི་དང་མཉམ་འཛོམས་མ་ཐུབ་པར་སྔར་བཞིན་རང་འཁྲིའི་ལས་གནས་ཐོག་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་། ཝུའུ་དབྱིང་ཅེས་ཆེད་མངགས་གཞི་རིམ་གྱི་ལས་བྱེད་པར་གཟིགས་ནས་ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།