ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁུ་ནུའི་བརྩེ་བ་ཆུ་བོའི་འགོ་ཁུངས་དང་སྤྲེལ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
—— མཚོ་སྔོན་མཚོ་ནུབ་ཁུལ་གྱིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དཀའ་ཁག་ལས་སྒྲོལ་བར་རོགས་སྐྱོར་བྱས།
           དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ། ཡོད་ཚད་ཁ་སང་ནང་བཞིན་སྣང་།
           2010ལོར་ཡུལ་ཤུལ་ས་འགུལ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཨུད། ཞིང་ཆེན་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། འཕྲལ་མར་མི་ཤུགས་དང་དངོས་ཤུགས་བསྡུས་ནས། ཡུལ་ཤུལ་གེགས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ནང་ཞུགས། ཡིན་ནའང་ཁོ་ཚོའི་རོགས་སྐྱོར་ས་ཚིགས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པའི་ཡུལ་ཤུལ་འབྲི་སྟོད་རྫོང་རྒྱ་རྗེ་ཕོ་བྲང་གྲོང་བརྡལ་ཡིན། གནས་འདིར་མཚོ་ནུབ་ཀྱི་རོགས་སྐྱོར་དཔུང་ཆེན་ངོས་ནས་ཚད་མཐོའི་འགྲན་སློང་བ་ཡིན་པས། ས་མཐོའི་“ཚྭ་འདམ་ཀྱི་སྙིང་སྟོབས་”དར་སྤེལ་བྱས། དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཆེད་ལོ་གསུམ་རིང་དཀའ་སྤྱད་སྡུག་རུས་ཀྱིས་འཐབ་འཛིང་བྱས་མཐར། ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་བདེ་ལེགས་ངང་ལེགས་འགྲུབ་བྱུང་བས། འབྲི་སྟོད་རྫོང་མི་དམངས་ལ་རྒྱུགས་གཞི་ལེགས་པོ་སྤྲད། འབྲི་སྟོད་རྫོང་བདེ་སྐྱིད་གཞིས་ཁུལ་དུ་སྡོད་པའི་མི་སེར་གྱིས་ཀྲང་བཀོད་འདོམས་པ་དང་ཀྲུའུ་བཟོ་བ། ད་དུང་འཛུགས་བསྐྲུན་ཆེད་ཚེ་སྲོག་བློས་བཏང་བའི་སྤུན་ཟླ་ཀྲུ་ཆང་རྣམས་ད་ལྟའི་བར་དྲན་བཞིན་ཡོད།
           མཚོ་ནུབ་ཁུལ་དང་ཡུལ་ཤུལ་ཁུལ་བར་གྱི་མཛའ་བརྩེའི་འབྲེལ་བ་ཉིན་བཞིན་གོང་འཕེལ་དུ་སོང་བ་དང་ས་ཁུལ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་རིག་གནས་སྤེལ་རེས་དེ་ནས་བཟུང་སྔར་བས་གཏིང་ཟབ་ཏུ་ཕྱིན།
           ན་ནིང་དགུན་ཁ་ནས་བཟུང་ཡུལ་ཤུལ་ས་ཁུལ་དུ་བསྟུད་མུར་ལོ་བཅུའི་རིང་མ་བྱུང་བའི་ཁ་བ་ཆེན་པོ་བབས་ཏེ། འབྲོག་ལས་ཐོན་སྐྱེད་དང་མང་ཚོགས་ཀྱི་འཚོ་བར་གྱོང་གུན་ཚབས་ཆེན་བཟོས་ཡོད། གནས་ཚུལ་དེ་ལ་དམིགས་ནས་མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་བྱས། ཡང་བསྐྱར་བརྩེ་བའི་ལག་པ་བསྲིངས་ནས་འཕྲལ་མར་མ་དངུལ་སྒོར་ཁྲི་300གཏོང་སྤྲོད་བྱས། གོར་མོ་གྲོང་ཁྱེར་གྱིས་སྒོར་ཁྲི་100ཞལ་འདེབས་སུ་ཕུལ་ནས་གངས་འཁྱག་ཁྲོད་འཐབ་འཛིང་བྱེད་བཞིན་པའི་ཡུལ་ཤུལ་ལ་རོགས་སྐྱོར་བྱས།
           ཟླ་2ཚེས་18ཉིན། མཚོ་ནུབ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་འོག་ནས་ཏུན་100དང་སྔོ་རྩྭ་སྐམ་པོ་ཏུན་100  གཟན་ཆས་རིལ་བུ་ཏུན་100  དང་འབྲུ་རིགས་བླུགས་ཡོད་པའི་ལྗིད་འཁོར་ཆེ་གྲས་11ཏི་ཧྭ་མྱུར་ལམ་བརྒྱུད་ཡུལ་ཤུལ་ཕྱོགས་སུ་བསྐྱོད། ཆབས་ཅིག་གོར་མོ་གྲོང་ཁྱེར་གྱི་གཟན་ཆས་ཏུན་100དང་རྡོ་སོལ་ཏུན་160 དམག་སྤྱོད་རས་གུར་160 སོག་གུར་40སོགས་བཅུག་ཡོད་དངོས་ཟོག་རླངས་འཁོར་9ཡིས་རྒྱལ་ལམ་109བརྒྱུད་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དང་འབྲི་སྟོད་རྫོང་དུ་དབོར་འདྲེན་བྱས།
           རང་བྱུང་གནོད་འཚེས་བཟོས་པའི་གྱོང་གུན་ནི་ཧ་ཅང་ཆེ་ཡང་། དུས་རབས་གསར་པའི་ནང་“ཕྱོགས་གཅིག་དཀའ་ངལ་འཕྲད་ཚེ་ཀུན་གྱིས་རོགས་རམ་བྱེད་པའི་”སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། དེ་བཞིན་ཡུལ་ཤུལ་དང་མཚོ་ནུབ་ཁུལ་གཉིས་བར་གྱི་སྲུབ་མེད་མཛའ་མཐུན་དང་ཤ་ཁྲག་གཅིག་ཏུ་འདྲེས་པའི་སྤུན་ཟླའི་བརྩེ་སེམས་མཚོན་པའི་དཔང་པོར་གྱུར།
རྩོམ་སྒྲིག་པ། སངས་སྐྱབས།