ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས2021ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་མ་རྐང་དབང་ནུས་སྒྱུར་བཅོས་ལེགས་འགྲུབ་བྱ་རྒྱུ་རེད།

སྤེལ་དུས 2019-03-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
ཚོགས་འདུའི་ཡུལ་དངོས།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་3པའི་ཚེས་5ཉིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་དང་གཙང་བཤེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱིས་2019ལོར་གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་གྱི་མ་དངུལ་རྩིས་བཤེར་ལས་དོན་ལེགས་འགྲུབ་བྱ་རྒྱུ་དང་། 2021ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་གྱི་མ་རྐང་དབང་ནུས་བསྒྱུར་བཅོས་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཟོས།
           མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་རྫོང་དང( ཆུས)ཡོངས་ཀྱིས་རྒྱུ་ནོར་གཙང་རྩིས་རྒྱག་པའི་ལས་ཀ་སྤེལ་འགོ་ཚུགས་པ་དང་།  ཐོག་མའི་སྡོམ་རྩིས་བྱས་པ་ལྟར་ན།  ལྷ་ས་གྲོང་ཁྱེར་གྱིས་རྩིས་ཐོ་ཐོག་གི་རྒྱུ་ནོར་སྒོར་དུང་ཕྱུར་55.76ཞིབ་དཔྱད་བྱས་པ་དང་། དེའི་ནང་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སྒོར་དུང་ཕྱུར་45.68ཡོད་པ་དང་། གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་སྒོར་དུང་ཕྱུར་10.08 དང་། ཐུན་མོང་གི་ས་ཞིང་མུའུ་ཁྲི་305.53བཅས་ཡོད་དེ་ཁྱོན་ཡོངས་ནས་ཞིབ་དཔྱད་བསྡུར་བཤེར་དང་རྒྱུ་ནོར་གྱི་ཁ་གསལ་པོ་བྱས་ཏེ་མང་ཚོགས་ཀྱི་ཁས་ལེན་འཐོབ་པ་དང་། མིག་སྔར་ལས་ཀའི་འཕེལ་རིམ་སྤྱི་ཡོངས་ནས་བརྟན་བརླིང་ཡིན།
           ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་པད་སྒྲོན་གྱིས་བཤད་རྒྱུར། གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་དེ་གྲོང་གསེབ་དར་རྒྱས་དང་འཐབ་ཇུས་ལག་བསྟར་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་འཛུགས་རྒྱུ་དང་འབྲེལ་བས། དེ་ཏང་གི་གཞི་རིམ་སྲིད་འཛིན་གྱི་གོ་གནས་དང་བྱེད་ནུས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཁེ་དབང་འགན་ལེན་དང་། གྲོང་གསེབ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་ཡིན། ཐབས་བརྒྱ་ཇུས་སྟོང་སྒོས་གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་གྱི་རིན་ཐང་འགན་སྲུང་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཞིང་འབྲོག་མང་ཚོགས་ལ་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་བཤད།
           ད་ཐེངས་ཀྱི་གཙང་བཤེར་ལས་དོན་གྱི་ཁྲོད་དུ་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དེ་རྒྱལ་ཁབ་རིམ་པའི་བསྒྱུར་བཅོས་ཚོད་ལྟའི་རྫོང་ཞིག་ཡིན་པའི་ཆ་ནས་གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུའི “རྒྱུ་ནོར་ལ་གཙང་བཤེར་དང་། ཁོངས་མི་གཏན་ཁེལ། ཐོབ་སྐལ་ཚད་ལེན། དཔལ་འབྱོར་གཞིས་ཁུལ་འཛུགས་སྐྲུན་དང་། དབང་ནུས་སྤྲོད་པ། འཕེལ་རྒྱས་དོན་གཉེར་བྱེད་པ”ཞེས་པའི་ལས་འགན་གཙོ་བོ་ཁག་དྲུག་རྩ་བའི་ཆ་ནས་ལེགས་འགྲུབ་བྱུང་སྟེ། 2018ལོའི་ལོ་མཇུག་ཏུ་ཞིང་ལས་དང་གྲོང་གསེབ་པུའུ་ལ་སྤྱི་སྡོམ་གྱི་སྙན་ཞུ་ཕུལ་ཟིན། 2018ལོའི་ཟླ་11པའི་ཚེས་16ཉིན།  ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཆུ་ཤུར་རྫོང་ཚལ་སྣེ་གྲོང་ཚོར་ཐོ་འགོད་ལག་ཁྱེར་སྤྲད་པར་མ་ཟད་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་གནང་སྟེ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་གཏན་ཁེལ་བྱུང་ནས་ཁྲོམ་རར་འཛུལ་ཆོག་པའི“ ཐོབ་ཐང་ལག་ཁྱེར” ཡོད་པ་རེད།
           རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཐུན་མོང་བདག་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱས་ཏེ་གྲོང་གསེབ་ཀྱི་ཐུན་མོང་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་ཡོང་བའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། རྒྱུ་ནོར་གཙང་རྩིས་རྒྱག་པའི་ལས་ཀ་བོད་རང་སྐྱོང་ལྗོངས་ཀྱི་སྔོན་དུ་བསྐྱོད་པར་འགན་ལེན་ཏན་ཏིག་བྱས་ཏེ་བོད་ལྗོངས་ཀྱི་ཆེད་དུ་ཉམས་མྱོང་འཚོལ་ཞིབ་བྱས།
རྩོམ་སྒྲིག་པ། སངས་སྐྱབས།