ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ན་གཞོན་ཞིབ་འཇུག་པས་བོད་ཡིག་གནའ་དཔེར་བཀོད་པའི་གནས་ཚུལ་ཞིབ་ཕྲ་ལས་ལོ་རྒྱུས་ཆེན་པོ་དཔྱད་བསྡུར་བྱས།

སྤེལ་དུས 2019-03-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
དཔྱད་བསྡུར་ཚོགས་འདུའི་ཡུལ་དངོས།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། “གུས་ལུགས་དང་ནང་བསྟན་གྱི་བཅའ་སྲོལ། —— བོད་ཀྱི་ཉིན་རེའི་འཚོ་བ་དང་ལོ་རྒྱུས་དྲན་ཤེས་ཁྲོད་ཀྱི་གུས་སྲོལ་”བརྗོད་དོན་དཔྱད་བསྡུར་ཚོགས་འདུ་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཀྲུང་གོའི་ཤེས་རིག་ཁང་དུ་འཚོགས་པ་རེད།
ན་གཞོན་ཞིབ་འཇུག་པ་སུན་ཕུང་ཧའོ།
             ན་གཞོན་ཞིབ་འཇུག་པ་སུན་ཕུང་ཧའོ་ཡིས་བོད་རིགས་ཀྱི་གུས་སྲོལ་འཇུག་སྒོར་བཟུང་ནས། ཁོང་གིས་བོད་ཡིག་གནའ་དཔེ་ཡིག་ཆ་ལས་གསར་རྟོགས་བྱུང་བ་དང་། དེ་བཞིན་གནའ་དཔེ་མི་གཅིག་པའི་ནང་དུ་དོན་གཅིག་ཞིབ་བརྗོད་མི་འདྲ་བའི་ཁྱད་པར་དེ་ལོ་རྒྱུས་ཀྱི་སྐད་བརྡའི་ཁྲོད་བཞག་ནས། ཡང་དག་ཚད་མས་རིག་འདེད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱབ་ངོས་ཀྱི་གཏིང་ཟབ་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས། དཔེར་ན་ནང་བསྟན་ཆོས་ལུགས་ཀྱིས་ཇི་ལྟར་རང་གཅུན་ལེགས་སྒྲིག་བྱས་ཏེ་བོད་ཀྱི་རིག་གནས་དང་ཟུང་འབྲེལ་གནང་བ་རེད། མིའི་བྱ་སྤྱོད་དང་འབྲེལ་བའི་ཀུན་སློང་ལ་དབྱེ་ཞིབ་བྱས་ཏེ་མི་དང་དུས་རབས་ཀྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱས།
དགེ་རྒན་ཆེ་མོ་ཧྲེན་ཝེ་རུང་།
             སློབ་གསོ་པུའུ་ཡི་འབྲི་ཆུའི་མཁས་དབང་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧྲེན་ཝེ་རུང་སོགས་ཆེད་ལས་མཁས་པ་མི་སུམ་ཅུ་ལྷག་དཔྱད་བསྡུར་ཚོགས་འདུར་ཞུགས།
དཔྱད་བསྡུར་ཚོགས་འདུའི་ཡུལ་དངོས།
             ཆུ་ཚོད་གཉིས་ཙམ་གྱི་དུས་ཡུན་ནང་། ཚོགས་ཞུགས་མི་སྣས་ལོ་རྒྱུས་ཚད་ལྡན་ཡིག་ཆ་དང་འབྲེལ་ནས་གུས་སྲོལ་དང་སྐད་ཡིག དམངས་སྲོལ། མིའི་རིགས་རིག་པ་སོགས་ཕྱོགས་མང་པོའི་ཐད་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་བྱེད་ཐབས། རང་ཉིད་ཀྱིས་སྒྲུབ་འདོད་པའི་གནད་དོན་ཐད་དཔྱད་བསྡུར་ཞིབ་ཕྲ་གནང་། ནང་དོན་གསོན་ཉམས་ལྡན་ལ་ཚོགས་རའི་རྣམ་པ་སྤྲོ་སེམས་འཁོལ་བ་རེད། དགེ་རྒན་ཆེན་མོ་བ་ཧྲེན་ཝེ་རུང་གིས་བརྗོད་རྒྱུར། གནའ་དཔེ་ཞིབ་འཇུག་བརྒྱུད་བོད་ཀྱི་གུས་སྲོལ་གནད་ལ་འཕིགས་པའི་སྒོ་ནས་འགྲེལ་བཤད་བྱེད་པ་ནི་གསར་གཏོད་ཅིག་རེད། དེའི་ཁྲོད་ནས་བློ་སྒོ་མང་པོ་སྐྱེད་ཐུབ།
དཔྱད་བསྡུར་ཚོགས་འདུའི་ཡུལ་དངོས།
དཔྱད་བསྡུར་ཚོགས་འདུའི་ཡུལ་དངོས།
དཔྱད་བསྡུར་ཚོགས་འདུའི་ཡུལ་དངོས།
རྩོམ་སྒྲིག་པ། སངས་སྐྱབས།