ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་ལོ་3ནང་ཐོན་ལས་དབུལ་སྐྱོར་གྱི་ལས་གཞིའི་རྣམ་གྲངས་1493འགྲུབ་པར་བྱས་ཏེ་མི་ཁྲི་21དབུལ་ཕོངས་ལས་བསྒྲལ།

སྤེལ་དུས 2019-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
timg.jpg
            2016ལོ་ནས་2018ལོའི་བར་དུ་བོད་ལྗོངས་སུ་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་286.92བཏང་ནས་ཐོན་ལས་དབུལ་སྐྱོར་གྱི་ལས་གཞིའི་རྣམ་གྲངས་2263འཛུགས་བསྐྲུན་གྱི་ལས་སྒོ་ཕྱེ་བ་དང་། མིག་སྔར་ཐོན་ལས་དབུལ་སྐྱོར་གྱི་ལས་གཞིའི་རྣམ་གྲངས་1493འགྲུབ་པར་བྱས་ཏེ། ཐོན་ལས་ཚགས་བྱང་བཟོས་ཡོད་པའི་དབུལ་ཕོངས་དུད་ཚང་ཁྲི་21དབུལ་ཕོངས་ལས་བསྒྲལ།
            2015ལོའི་ལོ་མཇུག་ཏུ་བོད་ལྗོངས་སུ་ཚགས་བྱང་བཟོས་ཡོད་པའི་དབུལ་ཕོངས་མི་འབོར་ཁྲི་59ཡོད་ལ། འཆར་འགོད་ཐོན་ལས་དབུལ་སྒྲོལ་མི་འབོར་གྱི་ཟིན་ཚད་ནི་40.3%ཡིན། དབུལ་སྒྲོལ་གྱི་གནད་འགག་ལ་བཟུང་པའི་གཞིས་ཀ་རྩེ་དང་ཆབ་མདོ་དང་ནག་ཆུ་གྲོང་ཁྱེར་གསུམ་ལ། ཐོན་ལས་ཚགས་བྱང་བཟོས་ཡོད་པའི་དབུལ་ཕོངས་མི་འབོར་ཁྲི་19.85ལོན་འདུག བོད་ལྗོངས་ཀྱིས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ལ་གཞི་བྱས་ཏེ། ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས། ཁེ་ཚོང་འགྲོ་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ལས་སྒོ་འབྱེད་བེད་སྤྱོད་ལས་རིགས་བཅས་དབུལ་སྐྱོར་གཙོ་ཁྲིད་ཐོན་ལས་6གཙོ་བོར་བྱས་ཤིང་། ལྗོངས་ཡོངས་སུ་དབུལ་སྐྱོར་ཐོན་ལས་མྱུར་བར་འཕེལ་དུ་འཇུག་པ་དང་། རིམ་པ་བཞིན་དུ་ཁྲག་བརྒྱབ་པའི་ཚུལ་གྱི་དབུལ་སྐྱོར་ནས་ཁྲག་བཟོ་བའི་ཚུལ་གྱི་རོགས་རམ་ལ་བསྒྱུར།
            ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི་བར་སྐབས་ལ། བོད་ལྗོངས་འཆར་འགོད་ཐོན་ལས་ཀྱི་ལས་གཞིའི་རྣམ་གྲངས་ཁྱོན་སྡོམ་3015ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་510.06གཏང་འཆར་ཡོད། དེའི་ནང་དུ་འདེབས་འཛུགས་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར་111.49དང་། གསོ་སྤེལ་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར་104.24དང་། ལས་སྣོན་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར་83.07དང་། ཁེ་ཚོང་འགྲོ་རྒྱུག་ལས་རིགས་ལ་སྒོར་དུང་ཕྱུར་121.42དང་། རིག་གནས་ཡུལ་སྐོར་ལས་རིགས་ལ་སྒོར་དུང་ཕྱུར་38.66དང་། ཐོན་ལས་སྒོ་འབྱེད་བེད་སྤྱོད་ལས་རིགས་ལ་སྒོར་དུང་ཕྱུར་51.18བཅས་ཡོད་འདུག
            2018ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་15ལ་མར་ཆག་པ་དང་། དབུལ་ཕོངས་འབྱུང་ཚད་6%གི་འོག་ལ་བབ་འདུག 2019ལོར་བོད་ལྗོངས་ཀྱིས་ཐོན་ལས་དང་ལས་ཞུགས་སོགས་ཀྱི་དབུལ་སྐྱོར་ཐབས་ཤེས་ལག་བསྟར་བཟང་ཐག་ཆོད་བྱས་ཏེ། དབུལ་ཕོངས་མི་འབོར་ཁྲི་15ཡོད་པ་ཚང་མ་དབུལ་ཕོངས་ལས་སྒྲོལ་བ་དང་། དབུལ་ཕོངས་རྫོང་19ཡོད་པ་ཚང་མ་དབུལ་ཕོངས་ལས་བསྒྲལ་ནས་ལྗོངས་ཡོངས་སུ་གཞི་རྩའི་ངང་དབུལ་བོ་དབུལ་རྐྱང་མེད་པར་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།