ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དབང་འདུས་ཀྱིས་བསྟན་དོན། ཉིང་ཁྲིས་གཏེར་ཁ་མི་བརྐོ་ལ། ནགས་ཚལ་ཡང་མི་གཅོད།

སྤེལ་དུས 2019-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ། ཧོ་ཕིང་ལའེ་ཡིས་བརྙན་བླངས།
           རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཨུ་ཧྲུའུ་ཅི་གཞོན་པའམ་གྲོང་སྤྱི་དབང་འདུས་ལགས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་ལ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྨྲས་དོན། ཉིང་ཁྲི་གྲོང་ཁྱེར་གྱིས་ཚགས་དམ་པའི་ནགས་ཚལ་སྲུང་སྐྱོབ་ཀྱི་ཐབས་བཀོད་བཟོས་ཏེ། སྡེ་མི་རྣམས་ལ་སྔོ་ལྗང་གི་ཡུལ་ཁམས་སྲུང་བ་ནི་འོས་འགན་ཡིན་པ་དང་། དེ་དང་སྐྱེ་ཁམས་གསབ་རིགས་གཉིས་འཕེལ་ཁ་འཕྲོད་པ་གསལ་བར་བསྟན་ཡོད། ངལ་རྩོལ་གྱི་ནུས་པ་ལྡན་པའི་དབུལ་ཕོངས་མང་ཚོགས་དམིགས་སུ་ནགས་སྲུང་བ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་པ། སྐྱེ་ཁམས་ལྟ་རྟོག་པ་བཅས་སུ་བསྐོ་བ་དང་། ཆོག་ཐོབ་ཀྱི་ལམ་ལུགས་ནན་ཏུ་བསྟར་ནས། གཏེར་ཁ་མི་བརྐོ་ལ། ནགས་ཚལ་ཡང་མི་གཅོད། 
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་སྒོར་སྒོར་ཐང་ཁུགས་སོ། ཧོ་ཕིང་ལའེ་ཡིས་བརྙན་བླངས།
           ད་ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ནི་དཔལ་འབྱོར་དེང་རབས་ཅན་གྱི་མ་ལག་འཛུགས་པའི་མཁོ་ངེས་ཀྱི་བླང་བྱ་ཡིན་ལ། སྦགས་བཙོག་གི་གནད་དོན་སེལ་བར་བྱ་བའི་རྩ་བའི་ཐབས་ཇུས་ཀྱང་ཡིན། དེ་བས་དེ་དང་འབྲེལ་ཡོད་ཀྱི་ལམ་ལུགས་ལེགས་བཅོས་དང་། སྤུས་ཀ་མཐོན་པོའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་མཉམ་དུ་གཞོགས་འདེགས་བྱ་དགོས།
ཉིང་ཁྲི་གྲོང་ཁྱེར་ནང་ཁུལ་དུ་འགྲུབ་ཟིན་པའི་ལྷ་ཉིང་མཐོ་རིམ་གཞུང་ལམ། ཧོ་ཕིང་ལའེ་ཡིས་བརྙན་བླངས།
           རྒྱུས་ལོན་བྱས་པ་ལྟར་ན་བོད་ལྗོངས་ཀྱི་གྲོང་ཁྱེར་བདུན་གྱི་ཡ་གྱལ་ཡིན་པའི་ཉིང་ཁྲི་ས་ཁུལ་སྟེ་ད་ལྟའི་ཉིང་ཁྲི་གྲོང་ཁྱེར་ནི་1986ལོར་བསྐྱར་དུ་བཙུགས་པ་དང་། 2015ལོར་གཞི་ནས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་ལེགས་འགྲུབ་བྱུང་། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གསར་དུ་བཙུགས་པའི་ས་གནས་རིམ་པའི་གྲོང་ཁྱེར་གཞོན་ཤོས་ཀྱང་ཡིན། བོད་ལྗོངས་ཀྱི་ཤར་ལྷོར་གནས་པའི་ཉིང་ཁྲི་ནི་ཧིན་རྡུ་དང་འབར་མ་རྒྱལ་ཁབ་གཉིས་ལ་ཁྱིམ་མཚེས་ཡིན་པར་མ་ཟད། ནམ་ཟླ་བརླན་གཤེར་ལྡན་ལ་ཡུལ་ལྗོངས་རབ་ཏུ་མཛེས། ནགས་ཚལ་གྱི་ཁེབས་ཚད་53.6%ཡིན། རང་བྱུང་ཆ་རྐྱེན་མངོན་པར་ལེགས་པས་བོད་ཀྱི་ཅང་ནན་ཞེས་པའི་མཚན་སྙན་ཡང་ཐོགས་ཡོད།
           ཆུ་བོ་གཙང་ལ་རི་བོ་སྔོ་བའི་སྐྱེ་ཁམས་ཡུལ་སྐོར་ནི་ས་དེའི་མིང་བྱང་ཞིག་ཏུ་ཆགས་ཡོད་དེ། སྡོམ་རྩིས་བྱས་པ་ལྟར་ན་2018ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་སྡོམ་མི་ཐེངས་ཁྲི་713.5སྣེ་ལེན་བྱས་ཤིང་། ལོ་སྔོན་མ་དང་བསྡུར་ན་37.56%འཕར་འདུག ཡུལ་སྐོར་གྱི་ཡོང་འབབ་དམངས་སྒོར་དུང་ཕྱུར་59.22ཡོད་པ་དང་། ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་རྒྱུན་བསྲིང་བྱས་ཡོད། 
           སྐྱེ་ཁམས་འཛུགས་སྐྲུན་ནི་གཞི་རྐང་དང་། སྐྱེ་ཁམས་སྲུང་སྐྱོབ་ནི་གནད་འགག སྐྱེ་ཁམས་དམངས་ཕྱུག་ནི་དམིགས་འབེན་ཡིན་ཞེས་དབང་འདུས་ཀྱིས་བཤད་པ་དང་། ཉིང་ཁྲི་རང་གིས་རང་བྱུང་གི་ནགས་ཚལ་སྲུང་བ་དང་ཞིང་སར་ནགས་དང་རྩྭ་འདེབས་པ། རི་རྒྱ་སྡམ་ནས་ནགས་སྐྱེ་རུ་འཇུག་པ། གྲོང་སྡེ་སྔོ་ལྗང་ཅན། བྱེ་མ་འགོག་བཅོས་སོགས་སྐྱེ་ཁམས་ལས་གཞི་ལག་བསྟར་མང་དུ་བྱས་འདུག ཉེ་བའི་ལོ་ལྔའི་རིང་ལ་ཁྱོན་སྡོམ་ས་ མུའུ་ཁྲི་36ལ་སྡོང་བོ་བཅུགས་ཤིང་། བྱེ་ས་མུའུ་ཁྲི་45ལྷག་འགོག་བཅོས་བྱས། ཉིང་ཁྲི་གྲོང་ཁྱེར་ལ་རྫོང་ཁུལ་7དང་གྲོང་རྡལ་41དང་སྲིད་འཛིན་སྡེ་བ་384བཅས་ཡོད་པ་ཚང་མར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་འཛུགས་སྐྲུན་འགྲུབ་ཟིན་འདུག
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཨུ་ཧྲུའུ་ཅི་གཞོན་པའམ་གྲོང་སྤྱི་དབང་འདུས་ལགས་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་བོད་ལྗོངས་འཐུས་ཚབ་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་སུ་གཏམ་བཤད་བཞིན་པ།  ཧོ་ཕིང་ལའེ་ཡིས་བརྙན་བླངས།
           དབང་འདུས་ལགས་ནས་ངོ་སྤྲད་པ་ལྟར་ན། གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་དང་མི་ཆོས་ཀྱི་ཡུལ་ལྗོངས་ནི་ཉིང་ཁྲིའི་འབུར་ཐོན་གྱི་ཁྱད་ཆོས་དང་ལེགས་ཆ་ཡིན་ལ། ཉིང་ཁྲིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོའང་ཡིན། སྐྱེ་ཁམས་ཡག་པོ་ཡོད་ན་ད་གཟོད་ཞིང་འབྲོག་མང་ཚོགས་རྣམས་ལ་སྣེ་ཁྲིད་ནས་སྐྱེ་ཁམས་ཀྱི་ཟས་ཟ་བ་དང་སྐྱེ་ཁམས་ཀྱི་ལམ་དུ་འགྲོ་ཐུབ་ལ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་ཞིང་འབྲོག་ལས་རིགས་ཀྱང་གསར་དུ་འབྱེད་ཐུབ། གཞི་གྲངས་ལས་གསལ་བ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་དུ་དངོས་སུ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་ཞུགས་ཟིན་པའི་ཞིང་བ་དང་འབྲོག་པ་མི་ཁྲི་3ཡོད་ཅིང་། སྐྱེ་ཁམས་ཞིང་འབྲོག་ལས་རིགས་ཀྱི་རྩིབས་འཕྲོས་དུད་ཚང་ཁྲི་1.9ལྷག་སྟེ་ས་གནས་མང་ཚོགས་མི་ཁྲི་8ལ་ཉེ་བ་ཞིག་ཕྱུག་པོར་བསྒྱུར་འདུག 2018ལོར་ཉིང་ཁྲིའི་ཞིང་གྲོང་གི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་རུང་བའི་ཡོང་འབབ་སྒོར་15163ཡིན་ལ། ལོ་སྔོན་མ་ལས་13.1%འཕར་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་546གིས་བརྒལ་འདུག
           གཞན་ད་དུང་ཉིང་ཁྲི་ལ་ཆ་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་རྫོང་གྲོང་རྡལ་སྡེ་བ་བཅས་རིམ་པ་བཞིར་ཆུ་དཔོན་མི་950བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཆུ་དང་གཙང་བོར་སྲུང་སྐྱོབ་ནུས་ལྡན་འཐོབ་པ་བྱ་རྒྱུ་ཡིན་འདུག
རྩོམ་སྒྲིག་པ། སངས་སྐྱབས།