ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲིམས་འགལ་རྩད་གཅོད་དང་ཁ་ཕྱོགས་ལེགས་པར་བཀྲི་བ་ཟུང་འབྲེལ་སྒོས། ལྷ་ས་གྲོང་ཁྱེར་གྱིས་ལག་ཁྱེར་མེད་པའི་རླངས་འཁོར་ཚར་གཅོད་པར་ཐབས་ཤེས་ནུས་ལྡན་འཐེན་པ།

སྤེལ་དུས 2019-03-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གོམ་གང་མདུན་སྤོས་ཀྱིས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་ལེགས་སུ་གཏང་ནས། མང་ཚོགས་ལ་སྣེ་ཁྲིད་དེ་ཁྲིམས་འགལ་ལས་གཉེར་གྱི་འཁོར་ལོའི་རིགས་ནང་མི་སྡོད་པ་དང་། ལས་ཀ་མེད་པའི་མི་དག་ཁྲིམས་འགལ་ལས་གཉེར་ལ་མི་ཞུགས་པ། མགྲོན་ཁང་དང་ཡུལ་སྐོར་མགྲོན་ཤག་གཡོ་སྒྱུས་ངང་ཁྲིམས་འགལ་ལས་གཉེར་ལ་མི་ཞུགས་པ། འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་ལས་གཉེར་གྱི་སྒྲིག་ལམ་ཚད་ལྡན་བཅས་སུ་གཏང་ཆེད། ཟླ་3པའི་ཚེས་14ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱིས་གྲོང་ཁྱེར་ཉེན་རྟོག་རུ་ཆེན་སོགས་དང་མཉམ་འབྲེལ་སྒོས། ལྷ་སའི་ཟམ་ཆེན་གྱི་ཉེ་འགྲམ་དག་ཏུ་ཁྲིམས་འགལ་ལས་གཉེར་དག་ཐེར་གྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ལམ་དུ་འགྲོ་བའི་གྲོང་མི་དང་ཁ་ལོ་བར་ཁྲིམས་འགལ་ལས་གཉེར་གྱི་འཁོར་ལོའི་རིགས་ཏེ་ལག་ཁྱེར་མེད་པའི་རླངས་འཁོར་གི་གནོད་སྐྱོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ཤོག་བྱང་བཀྲམ། 
ཡུལ་སྐོར་བ་ཞིག་ཚེ་སྲོག་ལ་གཅེས་འཛིན་བྱས་ནས་ལག་ཁྱེར་མེད་པའི་རླངས་འཁོར་ནང་མི་སྡོད་པ་ཞེས་པའི་དྲིལ་སྒྲོག་ཁ་གཡང་འགྲམ་དུ་འགྲོ་བ།    བརྙན་ལེན་པ། ཀྲའོ་ཡོ།
           མིག་སྔར་ལྷ་ས་གྲོང་ཁྱེར་གྱི་འགྲུལ་སྐྱོད་ཁྲོམ་རར་བུད་པའི་ལག་ཁྱེར་མེད་པའི་རླངས་འཁོར་ནི་གཙོ་བོར་ལས་རིགས་ངེས་གཏན་མེད་པའི་སྤྱི་ཚོགས་ལས་མེད་མི་སྣ་དག་གིས་བདེ་འཇགས་གཤིས་ནུས་མི་མཐོ་བའི་བེད་མེད་རླངས་འཁོར་དང་བཅོས་སྒྲིག་རླངས་འཁོར་ཉོས་ཏེ། ལས་རིགས་ལག་ཁྱེར་མེད་པའི་རླངས་འཁོར་ཞེས་པའི་ལས་ཀ་སྒྲུབ་པ་དང་། ཞིང་འབྲོག་མི་དམངས་སྐོར་ཞིག་གིས་མེན་པའོ་ཆུང་བའི་རླངས་འཁོར་སོགས་ཀྱི་འགྲུལ་འཁོར་ཆུང་བ་ཉོས་ཏེ། གྲོང་ཁྱེར་དང་སྡེ་བའི་བར་རྒྱུག་པའི་འགྲུལ་སྐྱོད་སྟེ་ཁག་ཆེན་པོ་གཉིས་ལས་གྲུབ་ཅིང་། གཞན་ཡང་སྒེར་གྱི་རླངས་འཁོར་བདག་པོ་སྐོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བས་ལམ་ཞོར་ལ་ལྐོག་ཏུ་འགྲུལ་བ་དྲུད་དེ་སྒོར་མོ་ལེན་པ་ཉུང་ཤས་ཀྱང་འདུས།
འགྲིམ་འགྲུལ་ཁྲིམས་སྐྱོང་བས་ལམ་འགྲོ་ཁ་ལོ་བར་དྲིལ་སྒྲོག་ཤོག་བྱང་བཀྲམ་སྟེ་ལག་ཁྱེར་མེད་པའི་རླངས་འཁོར་གི་གནོད་སྐྱོན་བརྗོད་བཞིན་པ། བརྙན་ལེན་པ། ཀྲའོ་ཡོ།
           སྡོམ་རྩིས་བྱས་པ་ལྟར་ན་2017ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་གྱིས་སྣེ་ཁྲིད་ནས། གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་ཉེན་རྟོག་རུ་ཆེན། གྲོང་ཁྱེར་ཡུལ་སྐོར་དང་གྲོང་ཁྱེར་བཟོ་ཚོང་སོགས་སྡེ་ཁག་བཅས་དང་མཉམ་འབྲེལ་གྱིས་ཁྲིམས་འགལ་ལས་གཉེར་ཏེ་ལག་ཁྱེར་མེད་པའི་རླངས་འཁོར་ཆེད་དམིགས་དག་ཐེར་གྱི་བྱ་འགུལ་མང་དུ་སྤེལ་བ་དང་། ལོ་གཉིས་ཀྱི་ནང་ལ་ཁྱོན་སྡོམ་ཁྲིམས་འགལ་ལས་གཉེར་གྱི་འཁོར་ལོའི་རིགས་1400ལྷག་བཀག་སྡོམ་བྱས་ཤིང་། ཁྲིམས་འགལ་ལས་གཉེར་གྱི་བབ་ཚོད་ལ་ལེགས་བཅོས་ཅུང་ཟད་འཐོབ།
འགྲིམ་འགྲུལ་ཁྲིམས་སྐྱོང་བས་ལམ་དུ་འགྲོ་བའི་རླངས་འཁོར་ལ་བརྟག་བཤེར་བྱེད་པ། བརྙན་ལེན་པ། ཀྲའོ་ཡོ།
           ཁྲིམས་འགལ་ལས་གཉེར་ལ་རྡུང་རྡེག་བྱེད་པ་ལས་གཞན། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་འགལ་རྩད་གཅོད་དང་ཁ་ཕྱོགས་ལེགས་པར་བཀྲི་བ་ཟུང་འབྲེལ་གྱི་ཁྲིམས་འགལ་ལ་རྡུང་རྡེག་བྱེད་པའི་ཐབས་བཀོད་གསར་བ་ལེགས་པར་འཚོལ་བཞིན་ཡོད། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་35གཏོང་འཇོག་དང་། འགྲུལ་སྐྱོད་ལམ་ཐིག་27གསར་དུ་བསྣན་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཞང་གི་རླངས་འཁོར་ཤར་གཏོང་ཚད་100%དང་། སྲིད་འཛིན་སྡེ་བའི་རླངས་འཁོར་ཤར་གཏོང་ཚད་85%ལ་སླེབས་ཡོད། ད་ལྟའི་བར་དུ་ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་ཁྱོན་སྡོམ་182བཙུགས་ཤིང་། སྤྱི་སྤྱོད་རླངས་འཁོར་ལམ་ཐིག་23ལེགས་སྒྱུར་བྱས་ནས། ཞིང་འབྲོག་མང་ཚོགས་རླངས་འཁོར་ནང་སྡོད་པར་སྟེབས་བདེ་བཟོས་པ་དང་ལྷན་དུ། ཁྲིམས་འགལ་ལས་གཉེར་གྱི་འཁོར་ལོའི་རིགས་གནས་ས་ཇེ་ཆུང་ཏུ་བཏང་། 
གྲོང་མིས་དྲིལ་སྒྲོག་ས་ཚིགས་ནས་དྲིལ་སྒྲོག་ཤོག་བྱང་ལེན་པ། བརྙན་ལེན་པ། ཀྲའོ་ཡོ།
           ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་གོ་རིམ་རྗེས་མར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱིས་སྔར་བས་ཁྲིམས་འགལ་རྩད་གཅོད་དང་ཁ་ཕྱོགས་ལེགས་པར་བཀྲི་བ་ཟུང་འབྲེལ་བྱས་ཏེ། ཁྱད་ཆོས་ལྡན་པའི་ཐོན་ལས་ཁེ་ལས་ཀྱི་གསོ་སྦྱོང་འཛིན་གྲྭ་འཛུགས་པ་དང་། ལས་ཞུགས་སྤོ་སྒྱུར་བརྒྱུད་ནས་གསོ་སྦྱོང་ཚད་ལོངས་པའི་ལག་ཁྱེར་མེད་པའི་རླངས་འཁོར་ཁ་ལོ་བ་དམིགས་སུ་ཁྲིམས་མཐུན་ཚད་ལྡན་གྱི་སྤྱི་སྤྱོད་དང་གླ་གཏོང་དང་འགྲུལ་སྐྱོད་ལམ་ཐིག་རླངས་འཁོར་གྱི་ཁ་ལོ་བར་བསྡུ་བ། མང་ཚོགས་ལ་སྣེ་ཁྲིད་དེ་ཡོང་འབབ་ཇེ་མང་དུ་གཏོང་བ་སྟེ། ཁོ་ཚོར་ཁྲིམས་མཐུན་གཏན་འཇགས་ཡང་དག་པའི་ཡོང་འབབ་ལེན་དུ་བཅུག་ནས་རང་འགུལ་ངང་ཁྲིམས་འགལ་ལས་གཉེར་ལས་འབུད་དུ་འཇུག་དགོས། དེ་དང་མཉམ་དུ་ང་ཚོས་སྔར་ལས་ལྷག་པར་མགྱོགས་མྱུར་ངང་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱོད་ས་ཚིགས་འཛུགས་པ་དང་། རིམ་པ་བཞིན་དུ་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱོད་ཤར་གཏོང་མེད་ས་མེད་པར་གཏོང་དགོས། དེ་ཡིས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་ལས་གཉེར་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ལ་བྱི་དོར་བྱེད་པ། དབུལ་སྐྱོར་ཉེན་སྐྱོབ་ལ་ཕན་པ་ལེགས་པོ་བསྐྲུན་དགོས་ཞེས་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།