ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་སློབ་གྲྭའི་ཟ་རིགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

སྤེལ་དུས 2019-03-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཟླ་བ་ཚེ་རིང་།
             སྤྱི་ཚེས་བཅུ་དྲུག་ཉིན་རྒྱལ་ཡོངས་སློབ་གྲྭའི་ཟ་རིགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག ས་གནས་དང་སློབ་གྲྭ་ཁག་ནས་སློབ་གྲྭའི་ཟ་རིགས་བདེ་འཇགས་ཀྱི་དོ་དམ་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། སློབ་གྲྭའི་མཐའ་འཁོར་དུ་གསུམ་མེད་ཐོན་རྫས་འཚོང་གི་ཡོད་མེད་སོགས་ཀྱི་རྐྱེན་ངན་སྒོ་ཀུན་སེལ་དགོས་པའི་བླང་བྱ་སྟོན་ཡོད།
             ཚོགས་འདུའི་ཐོག ས་གནས་དང་སློབ་གྲྭ་ཁག་གིས་ཟ་རིགས་བདེ་འཇགས་འདི་ཉིད་ཟ་རིགས་མཁོ་འདོན་ཚན་པ་འདེམས་པའི་ཚད་གཞི་དང་པོར་བརྩི་དགོས་པ་དང་། དུས་ཐོག་ཏུ་ཟ་རིགས་ཀྱི་ཡོངས་ཁུངས་དང་ཟ་རིགས་མཁོ་འདོན་བྱེད་མཁན་ཚན་པ་སོགས་ཀྱི་ཆ་འཕྲིན་ཡོངས་གྲགས་བྱེད་དགོས་པ་དང་། སློབ་གྲྭས་དུས་བཅད་ལྟར་ཟ་རིགས་བདེ་འཇགས་ཐད་བརྟག་དཔྱད་བྱེད་དགོས་པ་དང་ས་གནས་གཙོ་འགན་ཚན་པས་ཀྱང་སློབ་གྲྭའི་ཟ་རིགས་བདེ་འཇགས་དོ་དམ་ཐད་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་དཔྱད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དུས་མཚུངས། སློབ་གྲྭའི་ཟ་ཁང་གི་ཐབ་ཚང་ཕྱི་གསལ་ནང་གསལ་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་ལོ་མཇུག་ཏུ་བརྒྱ་ཆ་བདུན་ཅུའི་ཡས་མས་ཟིན་པ་བཅས་ཀྱི་བླང་བྱ་སྟོན་ཡོད། སློབ་གསོ་པུའུ་དང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་སློབ་གྲྭའི་ཟ་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་གཏན་འབེབས་ཞེས་པ་ཡོངས་གྲགས་བྱས་པ་དང་། ཟླ་བ་རྗེས་མ་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
             སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲུང་ཏེང་ཧྭ་ཡིས། སློབ་གྲྭ་ཁག་གིས་ངེས་པར་དུ་ཟ་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སློབ་གྲྭའི་ཟ་རིགས་བདེ་འཇགས་ཐད་སློབ་སྤྱི་དང་ཡོན་ཀྲང་གི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས་པ་དང་། དུས་བཅད་ལྟར་ཟ་རིགས་བདེ་འཇགས་ཀྱི་རྐྱེན་ངན་འཐེན་བཤེར་བྱེད་དགོས། སློབ་གྲྭས་ཟ་རིགས་བདེ་འཇགས་ཐད་ཀྱི་དོ་དམ་མི་སྣ་དང་འཚོ་བཅུད་བདེ་ཐང་དོ་དམ་མི་སྣའི་ཆེད་བསྐོས་ལས་གནས་སམ་ཞོར་འགན་ལས་གནས་བཀོད་སྒྲིག་བྱེད་དགོས་པ་དང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ལྟོ་དུས་ཚང་མ་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་མི་སྣ་དང་སློབ་མ་མཉམ་དུ་བཟའ་དགོས་ཞེས་གསུངས་ཡོད།
             ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སུམ་གཅིག་ལྔའི་མཚན་ཚོགས་ཐོག་ཐེར་འདོན་བྱས་པའི་གསུམ་མེད་ཟ་རིགས་སྟེ་ཤ་རིལ་བསྲེགས་མའི་ཐོན་ལས་ལ་དམིགས་ཏེ། ཚོགས་འདུའི་ཐོག ཐེར་འདོན་བྱས་པའི་གནད་དོན་ལས་སློབ་གྲྭའི་མཐའ་འཁོར་གྱི་བཟའ་འཐུང་ཚོང་ཁང་ལ་ལྟ་སྐུལ་བྱེད་ཤུགས་མི་འདང་བའི་གནད་དོན་ལྡན་པ་མཚོན་ཡོད། འབྲེལ་ཡོད་ས་གནས་ཁག་གིས་དོན་འབྲེལ་ཁེ་ལས་ལ་བརྟག་དཔྱད་བྱས་ནས་སློབ་གྲྭའི་གཡས་གཡོན་གྱི་གསུམ་མེད་ཟ་རིགས་འཚོང་ས་ཚང་མར་བརྟག་དཔྱད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།