ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་མཐུན་དང་བདེ་སྐྱིད་ལྡན་པའི་མཐའ་མཚམས་གྲོང་གསེབ་ཀྱི་འཆར་གཞི་བཏིང་།

སྤེལ་དུས 2019-03-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
—— བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ།
          “རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་ཡོང་མི་སྲིད”2017ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས“རེ་བར་ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འབྲོག་པ་དེ་བས་མང་བས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས”ཞེས་གསུངས་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་ནང་དོན་བརྩེ་བ་ཟབ་ལ་དགོངས་དོན་གཏིང་ཟབ་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་ཟབ་ལ་མི་སེམས་ལ་ལྕག་སྐུལ་ཐེབས་པ་ཞིག་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་དང་ཐུགས་རེ་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཞིང་། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་པ་མ་ཟད་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ལྕག་སྐུལ་གནང་བ་ཞིག་ཀྱང་རེད།
          སྐར་མ་ལུང་ཤུར་ནས་རྐང་ཐང་མར་གདོད་མའི་ནགས་ཚལ་སྒྲོལ་ཚེ་འདྲེན་བྱེད་ལམ་དུ་མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་སྟེ། འདྲེན་ཐང་གྲོང་རྡལ་མངོན་གྱི་ཡོད། འོན་ཀྱང་གྲོང་རྡལ་རི་སྐེད་དུ་ཆགས་པས་འགྲིམ་འགྲུལ་སྟབས་བདེ་མེད་ལ་མི་སེར་གྱི་འཚོ་བ་དེ་བས་སྐྱེལ་སྟབས་བདེ་པོ་མེད་ཅིང་། འདྲེན་ཐང་གྲོང་རྡལ་དུ་ནང་འདྲེན་དང་ཕྱིར་གཏོང་བྱེད་པའི་དངོས་རྫས་ཚང་མ་མིའི་སྒལ་པ་དང་ཁལ་མར་བརྟེན་དགོས་ཀྱི་ཡོད།
          “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.31བཏང་བའི་ས་འདྲེན་གཞུང་ལམ་གྱི་ལས་འབོར་75%ལེགས་གྲུབ་ཟིན་ནས་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དེའི་ནང་ཆུ་གཞུང་དུ་གནས་པའི་གཙང་ཁ་གྲོང་ཚོ་ནས་གྲོང་རྡལ་གནས་ཡུལ་བར་གྱི་ཨར་འདམ་ལམ་དེ་2018ལོའི་ཟླ་6པར་བདེ་བླག་ངང་བསྐྲུན་ཟིན་ནས་འདྲེན་ཐང་གྲོང་རྡལ‘ཀྲུང་གོའི་སྐམ་ལམ་གྱི་ཁེར་ཆགས་གླིང་ཕྲན་མཇུག་ཤོས་དེ་ཡིན་པའི’ལོ་རྒྱུས་མཇུག་འགྲིལ་ཡོད”ཅེས་འདྲེན་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་ལྷག་པ་དོན་གྲུབ་ཀྱིས་བཤད་པ་དང་མཐའ་མཚམས་ཀྱི་གཞི་རིམ་ལས་བྱེད་པ་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གཟབ་བཞེས་གནང་བ་དང་རང་ཉིད་ཀྱི་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་དེ་ལྟ་བུ་བྱུང་བ་མཐོང་སྐབས་ཡུལ་མི་ཚོའི་སྣེ་ཁྲིད་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་ཞེས་བཤད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། རང་ལྗོངས་ཀྱིས་ལག་བསྟར་བྱས་པའི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་རྣམ་གྲངས་181དང་སྤྱི་ལེ་2534ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་51.51བཏང་བ་དེའི་ནང་མཐའ་མཚམས་རྫོང་20ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་མེ་ཏོག་རྫོང་གི་སྣུམ་ནག་ལམ་སྐྲུན་བཞིན་ཡོད། མཐའ་མཚམས་འཐབ་ཕྱོགས་དང་པོའི་ཤང་གྲོང་རྡལ་112ལ་གཞུང་ལམ་དང་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་98%དང་96%ཟིན་ཡོད། 2013ལོར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལོ་20ལྷག་ཙམ་རྡོག་ཁྲེས་སྒལ་པར་ཁུར་མྱོང་བའི་དབང་ཕྱུག་གིས“རླངས་འཁོར་ཤར་གཏོང་ཐུབ་སྟབས་སླད་ཕྱིན་ང་ཚོས་རྡོག་ཁྲེས་སྒལ་པར་ཁུར་མི་དགོས་པ་དང་དཀའ་ཚེགས་ཆེ་བའི་ལོ་ཟླ་དེ་འདས་ཟིན་ནས་ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་མྱོང་ཚོར་ཆེན་པོས་བཤད།
          མཐའ་མཚམས་ཤང་ཡིན་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལི་ཅ་ཡིས་ཡུལ་བབ་དང་བསྟུན་ནས་སླད་ཤང་གི་ཇ་ལོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིང་འབྲོག་པ་སྒྲིག་འཛུགས་ཀྱིས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ཇ་ལས་སྣོན་དང་དེ་བཞིན་ཇ་ལོ་ཕྱིར་ཚོང་གཞི་གཅིག་ཏུ་འདུས་པའི་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ་དང་། རང་ཉིད་ཀྱི་སྤུས་རྟགས་གཏོད་པ། རང་ཉིད་ཀྱི་མཚོན་རྟགས་གཏོད་པ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་སླད་ཤང་གི་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།
          “ད་ཆ་ང་ཚོར་ལོ་ལྟར་སྲིད་གཞུང་གི་ཁ་གསབ་སྣ་ཚོགས་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་པས་འཚོ་བར་རེ་བས་ཁེངས་སོང”ཞེས་སླད་ཤང་ཞན་གྲོང་ཚོའི་ཚེ་རིང་བསོད་ནམས་ཀྱིས་ཇ་ལོའི་ཁེ་སྤོགས་དངུལ་རག་སྐབས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོར་རང་ལྗོངས་ཀྱི་མཐའ་མཚམས་རྫོང་21གི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་10337ཟིན་པ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་2016ལོ་ལས་21%འཕར་ཏེ་འཕར་ཚད་ལྗོངས་ཡོངས་ལས་བརྒྱ་ཆའི་གྲངས་7.4ཡིས་མཐོ་བ་ཡོད། འཐབ་ཕྱོགས་དང་པོ་དང་གཉིས་པའི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་2017ལོའི་མི་རེར་ལོ་རེར་སྒོར་2700དང་2500ནས་2018ལོའི་སྒོར་3700དང་3500བར་སོ་སོར་འཕར་བ་རེད།
          བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་འགོ་བཙུགས་ཚུན་ཧེ་མ་ལ་ཡའི་འཕྲེད་རྒྱུད་བགྲོད་ལམ་གཙོ་རྐང་དུ་བྱས་པ་དང་། སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ་སོགས་ཀྱི་འགག་སྒོ་འདེགས་སྐྱོར་དུ་བྱས་པ། ལུང་གཞུང་གི་སྣོད་བཅུད་དཔལ་འབྱོར་ཁུལ་དང་། ཆུ་བོ་རྒྱུག་ཁུལ་གྱི་དཔལ་འབྱོར་བར་ཁྱམས་ཀྱི་ཞིང་འབྲོག་པའི་ཐོན་ཟོག་ལས་སྣོན་རྟེན་གཞི། རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཚོ་བརྒྱ་བཅས་གཙོ་གནད་དུ་བྱས་པའི་མཐའ་མཚམས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཆགས་ནས་མཐའ་མཚམས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པར་ལས་ཞུགས་དང་འབབ་འཕར་བྱུང་ཡོད།
          —— མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོར་སྡོད་ཁང་27713བསྐྲུན་པར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་175.87ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་29.94ཙམ་བཏང་བ་དང་།
          —— མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་206གི་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་དང་དུས་མཚུངས་མཐའ་མཚམས་འཐབ་ཕྱོགས་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོ་628ཚང་མ་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་ལས་དོན་ནང་བཅུག་པ།
          —— གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་དང་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་རྫོང་21རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་90%ཟིན་པ།
          —— གྲོང་ཚོ་རིམ་པའི་སྐད་གཉིས་ཀྱི་བུ་བཅོལ་ཁང་དང་འོས་འགན་སློབ་གསོའི་སློབ་གྲྭ་བསྐྱར་སྐྲུན་དང་རྒྱས་སྐྲུན་དང་དེ་བཞིན་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ཏེ་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་བར་མིག་སྔར་མཐའ་མཚམས་རྫོང་14ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཚོད་སྐོར་ཁས་ལེན་ཐོབ་པ།
          —— མཐའ་མཚམས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ་བཀོད་སྒྲིག་བྱེད་ཚད་100%དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཁྱབ་ཚད་100%ཟིན་ནས་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་92%ཟིན་པ་བཅས་རེད།
རྩོམ་སྒྲིག་པ། རྡོ་རྗེ།