ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ཉིང་ལྕགས་ལམ་ལྕེ་བདེ་ཞོལ་གྱི་ཟམ་ཆེན་ཨང་དང་པོའི་ལམ་སྐྱོར་ཟམ་གདུང་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ།

སྤེལ་དུས 2019-03-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

འདི་ནི་ལྕེ་བདེ་ཞོལ་ཟམ་ཆེན་ཨང1པོ་ལ་ཟམ་གདུང་འཛུགས་པའི་རྣམ་པ་རེད། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་19ཉིན། གསར་འགོད་པས“བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི” ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པ་དང་ལྷན་དུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་འབྱོར་ཏེ། ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་གྱི་ལྕེ་བདེ་ཞོལ་ཟམ་ཆེན་ཨང་དང་པོའི་ལམ་སྐྱོར་ཟམ་གདུང་འདིང་བའི་ལས་གྲྭ་བདེ་བླག་ངང་སྤེལ་བར་བདེན་དཔང་བྱས་པ་རེད།
          ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་ནི་2018ལོའི་ཟླ་10པར་འདིང་མགོ་བརྩམས་པ་དང་། མིག་སྔར་ལས་གྲྭ་དེ་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་ཁོངས་སུ་ཡོད་པའི་ལྕེ་བདེ་ཞོལ་ཟམ་ཆེན་ཨང་1པོའི་ཟམ་གདུང་འཛུགས་བཞིན་ཡོད་ཅིང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཨང་དང་པོ་དེ་ཡིན་པ་དང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་435.48ཡོད་ལ། ཇུས་འགོད་ཀྱི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160 ཡིན། སྔོན་དཔག་བྱས་པ་ལྟར་ན་2021ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
          ལྕེ་བདེ་ཞོལ་ཟམ་ཆེན་ཨང་དང་པོའི་སྤྱིའི་རིང་ཚད་ལ་སྨི་1255.11ཡོད་པ་དང་། ཨར་ལས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཨར་ལས་སྒྲུབ་མཁན་གྱི་ལས་མི་ཚང་མ་ནང་ས་ནས་ཡོང་བ་ཡིན་པ་དང་། མང་ཆེ་བ་ཐོག་དང་པོ་མཐོ་སྒང་དུ་ཡོང་བ་ཡིན་པས། ལས་གྲྭས་དམིགས་བསལ་གྱི་འཁྱེར་བདེའི་དབྱང་རླུང་སྣོད་དང་སྨན་བཅོས་ཡོ་བྱད་སྒྲིག་སྦྱོར་བྱས་ཏེ་ཨར་ལས་རྒྱག་མཁན་གྱི་ས་མཐོར་མི་འཕྲིད་པའི་ནད་རྟགས་ཞི་འཇགས་སུ་འགྲོ་བར་སྟབས་བདེ་བསྐྲུན་ཡོད།
འདི་ནི་ལྕེ་བདེ་ཞོལ་ཟམ་ཆེན་ཨང་དང་པོའི་ལས་གྲྭའི་ཡུལ་དངོས་རེད།
          ས་མཐོའི་ཁོར་ཡུག་དམིགས་བསལ་ཡིན་པ་དང་། ཉིན་དཀར་ཉི་འོད་ཅུང་ཆེ་ཞིང་དགོང་མོའི་ས་ངོས་ཀྱི་དྲོད་ཚད་ཕྱིར་འགྲེམ་བྱས་པ་ཧ་ཅང་མགྱོགས་པ་དང་། ཉིན་ནུབ་དྲོད་ཚད་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས་ཨར་འདམ་ལ་བདག་སྐྱོང་ཡག་པོ་བྱ་རྒྱུ་དེ་དཀའ་ངལ་དུ་གྱུར། ཨར་འདམ་སྲུང་སྐྱོང་གི་ཕན་འབྲས་ལ་འགན་ལེན་བྱེད་ཆེད། ཨར་ལས་མི་སྣས་རིམ་མང་འགོག་སྲུང་རྒྱུ་ཆ་ཡི་ཨར་འདམ་གཡོགས་དཀྲིས་བྱས་ཏེ་བདག་སྐྱོང་བྱས་པར་མ་ཟད། ཨར་འདམ་ལ་བདག་སྐྱོང་བྱེད་པའི་ཆུ་གཏོར་གྱི་ཐེངས་གྲངས་ཇེ་མང་དུ་བཏང་སྟེ་ བདག་སྐྱོང་གི་དུས་ཚོད་ནི་ལྡབ་གཅིག་གིས་ཇེ་མང་དུ་བཏང་། 
          བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་དམིགས་བསལ་གྱི་རང་བཞིན་ལ་བསམ་བློ་བཏང་སྟེ། ང་ཚོས་ཨར་ལས་སྒྲུབ་པའི་རྒྱུད་རིམ་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད། དཔེར་ན། བཙོག་ཆུ་གཙང་སེལ་ས་ཚིགས་41བཙུགས་པ་བརྒྱུད་ནས་སྤོར་འཛུགས་མེ་ཏོག་དང་ཐིག་ཆུ་གཏོང་བའི་ལག་རྩལ་མཉམ་སྤྱོད་ཀྱིས་སྔོ་ལྗང་ཅན་དུ་གྱུར་པ་སླར་གསོ་བཏང་སྟེ། ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུར་ནུས་པ་ཐོན་ཡོད། ཕྱིས་སུ་ང་ཚོས་ད་དུང་ལམ་གཞིའི་འགྲམ་ངོས་དང་། གཞོགས་གཉིས། དེ་བཞིན་ཟམ་འོག་ཏུ་ས་མཐོའི་གནམ་གཤིས་དང་མཐུན་པ། གྲང་ངར་དང་ཐན་པ་འགོག་པའི་སྐྱེ་དངོས་འདེབས་འཛུགས་བྱས་ཏེ་ལྗང་མདོག་གི་ལྕགས་ལམ་བར་ཁྱམས་ཤིག་གསར་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད།