ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམངས་གཙོ་བཅོས་སྒྱུར་གྱི་ལོ་ངོ་དྲུག་ཅུའི་རིང་དུ་བོད་ལྗོངས་ལ་ངོ་མཚར་བའི་འཕེལ་རྒྱས་བསྐྲུན།

སྤེལ་དུས 2019-03-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             1959ལོའི་ཟླ་3པའི་ཚེས་28ཉིན་ལ་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བསྒྲགས་ཏེ་བོད་ས་གནས་སྲིད་གཞུང་མཇུག་རྫོགས་པར་ཐག་བཅད་ཅིང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་གཞུང་གི་འགན་དབང་འཁུར་ཏེ། ཟིང་འཁྲུག་ཞི་བར་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས།
             དེ་ནས་ལྷོ་ཁ་ས་ཁུལ་གྱི་ཁེ་གསུམ་གྲོང་ཚོའི་ཞིང་བྲན་400ལྷག་གིས་རང་འགུལ་ངང་བོད་ཀྱི་ཞིང་བའི་མཐུན་ཚོགས་ཐོག་མ་བཙུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ་བོད་ཀྱི་ཞིང་བྲན་ས་ཡ་ལྷག་གིས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་གཏོར་ཏེ་དམངས་གཙོ་བཅོས་སྒྱུར་བྱེད་པའི་སྒོ་ཕྱེ། ཡུན་རིང་ལ་བོད་དབང་སྒྱུར་བའི་ཆོས་སྲིད་ཟུང་འབྲེལ་དང་སེར་མོ་བ་དང་སྐུ་དྲག་བཅས་ཀྱིས་དབང་ཆ་སྒེར་འཛིན་བྱེད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་སློག་པའི་ཕྱོགས་སུ་ཆས་ཤིང་། ཞིང་བྲན་ཁྲི་ཚོ་བརྒྱ་གཞི་ནས་ལོ་ངོ་བརྒྱ་སྟོང་ལྷག་གི་ལྕགས་སྒྲོག་ལས་གྲོལ་ཏེ་རང་ཉིད་རང་གི་བདག་པོར་འགྱུར་བའི་བསྐལ་བ་ཐོབ།
             བྲན་གཡོག་ནས་དམག་དཔོན་དང་བྲན་གཡོག་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བྲན་གཡོག་ནས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ། བྲན་གཡོག་ནས་ཚན་རིག་པ་དང་སྒྱུ་རྩལ་བ། ཁེ་ལས་པ་སོགས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ལས་དབང་ཁ་ལོ་སྒྱུར་བའི་དུས་སྐབས་བཟང་པོ་ཞིག་སྨིན། 
             སྤྱི་ཚོགས་བཅིངས་འགྲོལ་དང་མདུན་སྐྱོད་ནི་མདོར་དེད་ན་མིའི་རང་དབང་ལ་ཐུག་ཡོད་དེ། མི་ཞེས་པའི་གཞི་མ་འདི་ལ་རང་དབང་ཐོབ་པས། ཞིང་བྲན་ཁྲི་ཚོ་བརྒྱ་བྲན་གཡོག་གི་སྡུག་བསྔལ་མྱོང་བའི་མུན་ནག་གི་མཚན་མོ་རིང་པོ་དེ་ལས་ཐར་ནས་དྲོ་སྐྱིད་ཀྱི་ཉི་འོད་དང་རང་ཁྱིམ་རང་བདག་སྟེ། ཏང་ཀྲུང་དབྱང་གི་བརྩེ་བའི་གཟིགས་སྐྱོང་འོག་ཏུ་རྒྱལ་ཁབ་དང་རང་ཉིད་ཀྱི་ལས་དབང་གི་བདག་པོ་ངོ་མར་གྱུར་ཅིང་། བདག་པོའི་ཚུལ་གྱིས་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ལ་ཞུགས་པར་སྤྲོ་བ་དང་འབད་བརྩོན་སྔ་ན་མེད་པའི་རྣམ་པ་ཤར་ནས་རྨད་དུ་བྱུང་བའི་མི་སྣ་མང་པོ་ཞིག་འཁྲུངས། 
             རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྔར་གྱི་རྣམ་པ་ལ་ཕྱིར་དྲན་སྒོས་ན་རེ། ངའི་དྲན་ཚུལ་ལ་ལོ་རབས་40པའི་ནང་ལ་བློ་ཉེ་བའི་གྲོགས་པོ་ཁ་ཤས་དང་མཉམ་དུ་བོད་ཀྱི་སྤྱི་ཚོགས་རྙིང་བའི་ཉམས་ཉེན་ཐེངས་མང་པོར་གླེང་མྱོང་། ཚང་མའི་དགོངས་ཚུལ་ལ། གལ་ཏེ་འདི་ལྟར་སོང་ཚེ་མི་འགྱངས་པར་ཞིང་བྲན་རྣམས་ཤི་ནས་ཚར་འགྲོ་བ་དང་། དེ་ནས་སྐུ་དྲག་དག་ཀྱང་འཇིག་འགྲོ་སྟེ། སྤྱི་ཚོགས་ཡོངས་དེ་ལྟར་བརླག་འགྲོ་སྲིད། དེའི་ཕྱིར་དམངས་གཙོ་བཅོས་སྒྱུར་གྱིས་ཞིང་བྲན་འཆིང་བ་ལས་གྲོལ་བར་མ་ཟད། ཐོན་སྐྱེད་ནུས་ཤུགས་ཀྱང་བཅིངས་འགྲོལ་བྱས་པ་དང་། བོད་ཡོངས་ཀྱང་སྐྱོབ་འདུག་ཅེས་ཟེར། 
ལྷ་ས་གྲོང་ཁྱེར་གྱི་རྣམ་པ་གསར་བ།
             ལོ་ངོ་དྲུག་ཅུ་འཁོར་རིང་གངས་རིའི་ལྗོངས་ལ་བླ་ན་མེད་པའི་འཕོ་འགྱུར་བྱུང་། ཏང་ཀྲུང་དབྱང་གི་དམིགས་བསལ་མཐོང་ཆེན་དང་གཟིགས་སྐྱོང་འོག་ཏུ་བོད་ཀྱི་རིགས་སོ་སོའི་མི་དམངས་རིམ་བཞིན་འདྲ་མཉམ་དང་འབྱོར་ཕྱུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་གྱུར། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ཞང་གྲོང་མ་ལུས་པར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ཟིན་པ་དང་། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་རོང་འབྲོག་ས་ཁུལ་གྱི་སྨན་བཅོས་ལམ་ལུགས་རོང་འབྲོག་མི་དམངས་ཡོངས་ལ་ཁྱབ་པར་མ་ཟད། དགོན་པའི་བཙུན་པ་བཙུན་མ་ཡོངས་རྨང་གཞིའི་སྨན་བཅོས་འགན་ལེན་ནང་དུ་ཚུད་པར་བྱས་ཡོད། བསླབ་སྔོན་ནས་མཐོ་འབྲིང་རིམ་པའི་བར་རྒྱལ་ཡོངས་ལས་སྔུན་མ་ལྟར་ལོ་15རིང་རིན་མེད་སློབ་གསོ་ངོ་མ་མངོན་འགྱུར་བྱས། ཞང་གྲོང་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་ལེན་མ་ལག་མུ་མཐུད་དུ་འཐུས་ཚང་ལ་འགྲོ་བ་དང་། དྭ་ཕྲུག་རྣམས་གྲོང་ཁྱེར་དང་ས་གནས་རིམ་པའི་བྱིས་པའི་ཕན་བདེ་གླིང་དུ་གཅིག་བསྡུས་བདག་སྐྱོང་མངོན་འགྱུར་བྱེད་པ། དགོན་པའི་བཙུན་པ་བཙུན་མའི་སྤྱི་ཚོགས་རྒན་གསོའི་འགན་ལེན་ལམ་ལུགས་བཙུགས་པ། སྤྱི་ཚོགས་འགན་ལེན་ཁག་གི་ནང་འགན་ལེན་བྱས་པའི་མི་ཐེངས་ཁྲི་300ལ་བུད་ཡོད། མི་དམངས་ཀྱི་འཚོ་བ་མུ་མཐུད་དུ་ལེགས་བཅོས་ཀྱི་སྒོ་ནས་བདེ་སྐྱིད་དང་གྲུབ་འབྲས་། བདེ་འཇགས་བཅས་ཀྱི་ཚོར་བ་ཇེ་ལེགས་སུ་འགྲོ་བཞིན་འདུག
             ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་བྱམས་བརྩེའི་ཐུགས་སྐྱོང་འོག་ཏུ། བོད་ལྗོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་བྱ་གཞག་གང་ཅིའི་ཐད་ནས་རིམ་པ་གསར་བར་བརྒལ་ཅིང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླ་ན་མེད་པ་འཐོབ་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་བབ་མུ་མཐུད་དུ་ཞི་མཐུན་གཏན་ཆགས་མངོན་དུ་གྱུར་ཅིང་། དཔལ་འབྱོར་བཟང་ཞིང་མྱུར་བའི་སྒོ་ནས་འཕེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་དངོས་པོའི་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་བ་དང་། ཚན་རིག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་དུ་བརྒལ་སྟབས་རྣམ་པའི་གོང་འཕེལ་འགྲོ་བཞིན་འདུག
             2018ལོར་བོད་རང་སྐྱོང་ལྗོངས་ཀྱི་GDPའཕར་ཚད་10%ལྟར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། རྒྱལ་ཡོངས་ཀྱི་འཕར་ཚད་གྲངས་གནས་གཉིས་ལས་བརྒལ་ཡོད་པ་གཅིག་པུ་དེ་ཡང་ཡིན། དེ་དང་མཉམ་དུ་བོད་ལྗོངས་ཀྱི་GDPའཕར་ཚད་བར་མ་ཆད་པར་ལོ་ངོ་26རིང་ལ་གྲངས་གནས་གཉིས་ལ་ཟིན་འདུག རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་བརྟག་དཔྱད་ལས་གསལ་བ་ལྟར་ན་བོད་རང་སྐྱོང་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་ད་ལྟའི་འཚོ་བའི་གནས་བབ་ཀྱི་ཡིད་ཚིམ་པའི་ཚད་ནི་97.7%རེད་འདུག
             རྒྱལ་ཡོངས་ཀྱི་དཔལ་འབྱོར་མངའ་ཁོངས་ནང་དུ་རྗེས་འདེད་པའི་བོད་ལྗོངས་ཀྱིས་མྱུར་འགྲོས་གསར་བ་ཞིག་གི་རྒྱུག་ཤར་གློད་དེ། ལོ་ངོ་དྲུག་ཅུའི་སྔོན་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་རྙིང་པ་དང་མངོན་གསལ་གྱི་ལྡོག་པ་ཐ་དད་པ་ཞིག་ཏུ་ཆགས་འདུག བོད་ལྗོངས་ནི་མུན་ནག་ནས་འོད་སྣང་དང་རྗེས་ལུས་ནས་མདུན་སྐྱོད། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། སྒོ་བཀག་ནས་སྒོ་འབྱེད་བཅས་ཀྱི་ལོ་ངོ་དྲུག་ཅུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དེ་ཧུར་བརྩོན་སྒོས་མདུན་སྐྱོད་དང་། ཐུན་མོང་གིས་མཉམ་དུ་བསྐྲུན་པའི་མི་ཡུལ་གྱི་ངོ་མཚར་བླ་ན་མེད་པ་ཞིག་གོ།