ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དུས་རབས་གསར་པའི་ཀྲུང་གོའི་ཕུགས་འདུན་གྱི་གངས་ལྗོངས་ཀྱི་ལེའུ་བརྩམས།

སྤེལ་དུས 2019-03-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཏོན་ཀྲེ་ཧྥུའུ། ཅང་ཤའོ། ཀྲང་ཅིང་ཕིང་།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་དམངས་ཕྱུག་བཅས་ཀྱི་ལག་ལེན་གསར་པ།
             ས་མཐོར་དཔྱིད་ཀ་ཤར་ནས་ལྗོན་ཤིང་ཁ་འབུས་པ་དང་མེ་ཏོག་བཞད་པའི་དུས་ཚིགས་དེར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་བསུས།
             ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་བོད་དུ་སྤེལ་བའི་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་གནང་སྟེ་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་། འཕེལ་རྒྱས། འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”སོགས་རྣམ་བཤད་གལ་ཆེན་བཏོན་གནང་བ་དང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། མཐའ་མཚམས་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་ལས་དོན་ཐད་བཀོད་སྒྲིག་གསར་པ་གནང་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་གནས་བབ་མཐོ་ཚད་གསར་པར་མཐོར་འདེགས་གནང་སྟེ་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་དམངས་ཕྱུག་བཅས་ཀྱི་ལག་ལེན་གསར་པ་བཏོད་ཡོད།
             བཀོད་སྒྲིག་གསར་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་བཏོན་གནང་ནས་བོད་ཀྱི་ལས་དོན་མཐོ་ཚད་གསར་པར་མཐོར་འདེགས་གནང་ཡོད།
             ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་བཅངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འཕྲད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པར་དམིགས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་ཏེ་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་དུས་རབས་གསར་པ་བཏོད་ཡོད།
             “ངའི་བཀྲ་ཤིས་སྨོན་འདུན་ཚང་མར་བརྒྱུད་བསྒྲགས་བྱེད་རོགས། བཀྲ་ཤིས་བདེ་ལེགས”
             2013ལོའི་ཟླ་3ཚེས་9ཉིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ཀྱི་ཚོམས་ཆེན་ནང་དགའ་སྤྲོ་དང་སྤྲོ་སེམས་ཀྱི་རྣམ་པས་ཁེངས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རིགས་འཐུས་མིས་ཕུལ་བའི་ཁ་བཏགས་བཞེས་ནས་དེར་ཡོད་འཐུས་མི་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་གསུངས།
             “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”
             ནང་དོན་ཟབ་པའི་ཡིག་འབྲུ་དེ་དག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་སྐྱོང་དང་། མཐའ་སྐྱོང་། བོད་བརྟན་བཅས་ཀྱི་ནང་གནས་ཀྱི་འབྲེལ་བ་རྒྱས་བཤད་བྱས་ཡོད་ལ། ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་ཁ་ཤས་ཀྱིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐུན་མོང་བློ་གྲོས་གཅིག་སྡུད་བྱས་ཡོད་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་བཏང་བ་མཚོན་ཡོད།
             འཐབ་ཇུས་ལ་བརྟེན་ནས་སྤྱི་ཡོངས་ཇུས་འགོད་དང་མཛད་ཇུས་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོང་མཛད་ཇུས་ལ་དགོངས་པ་ཟབ་མོ་བཞེས་ཡོད།
             2015ལོའི་ཟླ་7ཚེས་30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་གནང་ཡོད། ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
             2015ལོའི་ཟླ་8ཚེས་24ཉིན་དང་25ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་གི་བོད་སྐྱོང་མཛད་ཇུས“ངེས་པར་དུ་དྲུག”ལ་སྙིང་བསྡུས་གནང་བ་སྟེ།
             —— ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས།
             —— ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས།
             —— ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།
             —— ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་ངང་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
             —— ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ཀྱི་སྤྱི་འདོམས་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
             —— ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།
             “ངེས་པར་དུ་དྲུག”ནི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་དང་ཕྱོགས་སྟོན་ཞིག་རེད་ལ། རང་རེའི་ཏང་གིས་བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
             ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ། ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ། རྒྱལ་ཡོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སོགས་འཚོགས་ནས་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན། ཆོས་ལུགས་ལས་དོན། དབུལ་སྐྱོར་ལས་དོན། སྣོད་བཅུད་ལས་དོན་བཅས་ལ་བཀོད་སྒྲིག་གསར་པ་གནང་བ་དང་བོད་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་ཆེད་དེ་བས་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།
             2015ལོའི་ཟླ་8པར་ཀྲུང་དབྱང་གིས《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》གཏན་ལ་ཕབ་ནས་བོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གནང་ཡོད།
             2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་སྐོར་གྱི་བསམ་འཆར》སོགས་བཏོན་ནས་འཛུགས་སྐྲུན་རྣམ་གྲངས་189བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6576བཏང་ཡོད། དམངས་འཚོ་ལེགས་གཏོང་འགན་ལེན་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ་སོགས་ཐད་སྤྱི་འདོམས་བཀོད་སྒྲིག་གནང་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
             བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། ཤུགས་ཆེའི་རྒྱབ་སྐྱོར། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ཀྱིས་བོད་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་བས་བོད་ཀྱིས་སྔར་བྱུང་མྱོང་མེད་པ་དང་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཡོད།
             བྱེད་ཐབས་གསར་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
             2017ལོའི་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཤིན་ཏུ་ཆེ་ནའང་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་།
             “ས་བབ་མཐོ་ཚད་སྨི་3600ལྷག་ཙམ་དང་ལོ་ལྟར་ལོ་ཕྱེད་ཙམ་ཁ་བས་ལམ་འགག་པའི་མཐའ་མཚམས་ས་མཐོར། ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་སྐད་གྲགས་མེད་པར་བགྲང་བྱ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་དགོས་པ་ཞིག་རེད”
             “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་ཡོང་མི་སྲིད”
             “ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་སྔར་བས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་འཁོད་ཡོད།
             ཡིག་འབྲུ་རེ་རེའི་ནང་བརྩེ་སེམས་ཟབ་མོ་དང་མངགས་བཅོལ་ཟབ་མོ་འདུས་ཡོད།
             ད་ཆ་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་ཤང་དེའི་ཁྱིམ་ཚང་ཚང་མའི་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། དེ་ནི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱེད་པ་ཞིག་དང་། ཡུལ་སྨད་བའི་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་ཀྱང་རེད།
             “ང་ཚོས་འདི་གའི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་བར་བཅོལ་བའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན”ཞེས་སྒྲོལ་དཀར་གྱི་སྐད་ཆ་ལས་ཡུལ་སྨད་བ་ཡོངས་ཀྱི་བསམ་འདུན་མཚོན་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་གེགས་ཁུལ་མི་དམངས་ལ་བཅངས་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རྒྱུར་ཐུགས་ཁུར་གནང་བ།
             2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་ས་མཚམས་འབྲེལ་བའི་བོད་ལྗོངས་གཞིས་རྩེའི་སྐྱིད་གྲོང་རྫོང་དང་གཉའ་ནང་རྫོང་སོགས་མཐའ་མཚམས་ས་ཁུལ་ལ་ས་ཡོམ་གྱི་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག ཏང་སྲིད་དམག་ཉེན་དམངས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་དང་འབྲེལ་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཉམས་བཟོ་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་ཡོད།
             ཉེ་བའི་ལོ་4ཡི་རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་དེ་སྔའི་གེགས་ཁུལ་སྔ་ས་ནས་བསྐྱར་སྐྲུན་ཐུབ་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱའི་ཇུས་ཆེན་ལ་ཐུགས་ཁྲལ་གནང་ནས་མངགས་བཅོལ་ཟབ་མོ་བཏོན་གནང་བ།
             2018ལོའི་ཟླ་10ཚེས་15ཉིན། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་དགོས” “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་བསྟན་གནང་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་ནས་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།
             2011ལོའི་ཟླ་7ཚེས་20ཉིན། བློ་མཐུན་ཞི་ཅིན་ཕིང་ལྷ་སར་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
             ཏང་ཀྲུང་དབྱང་གི་འབོད་སྐུལ་འོག་རྒྱལ་ཡོངས་ཀྱིས་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་ཁེ་ལས་16 ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་70ལྷག་ཙམ་བཅས་ཀྱིས་བོད་དུ་ཐེངས་མང་ཡོང་ནས་བོད་སྐྱོར་རྣམ་གྲངས་ལ་བརྟག་ཞིབ་དང་། འཆར་འགོད། སྦྲེལ་མཐུད་བཅས་བྱས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་3000ལྷག་ཙམ་འདེམས་གཏོང་བྱས་པ། ཁ་གཏད་བོད་སྐྱོར་རྣམ་གྲངས་2806ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་200.6བཏང་ཡོད། ལྷག་དོན་དུ་སློབ་གསོའི་ཤེས་ལྡན་མི་སྣ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས་སྤུས་ལེགས་ཀྱི་སློབ་ཁྲིད་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ས་མཐོར་སྤེལ་ནས་བོད་ཀྱི་སློབ་གསོ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་བའི“གསར་བརྗེ”དེ་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་པའི་དམངས་སེམས་འདུ་འགོད་དང་མི་རིགས་མཐུན་སྒྲིལ་གྱི་འདུ་འགོད་དུ་གྱུར་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སློབ་སྟོན་ཡང་ཡང་གནང་བ།
             “བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཡག་པོ་སྲུང་དགོས་པ་ལས་གོང་མོ་སྐམས་སུ་བཟུང་། ཕ་གཞིས་རྒྱབ་ཏུ་བསྐྱུར་བའི་ལས་ཀ་བྱེད་རྒྱུ་མེད། སྣོད་བཅུད་ལ་གནད་དོན་ཐོན་ན་ཁེ་གྱོང་གོ་ལྡོག་བྱེད་སྲིད”
             “འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་པ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས”
             “སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་གི་འབྱུང་ཁུངས་དང་ས་ཞིང་བྱེ་ཐང་ཅན་དུ་འགྱུར་རྒྱུ་ཚོད་འཛིན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤང་དང་། འདམ་ར། རང་བྱུང་ནགས་ཚལ་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས”
             ཡུལ་དུས་མི་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་གནད་དོན་ཐད་བླང་བྱ་ཐེངས་མང་བཏོན་གནང་ནས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ཀྱིས་འབད་འབུངས་སྟོབས་བརྩོན་བྱེད་རྒྱུར་ལྕག་སྐུལ་གནང་བ།
             2014ལོའི་ཟླ་བརྒྱད་པར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་དུས་བབ་གསར་པའི་འོག“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླའི་ཐུན་མོང་གི་ཕྱུག་འགྱུར་ལམ་བུ་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
             ད་ཆ“མཁའ་ལམ”ཞིག་ཡར་ཀླུང་གཙང་པོ་དང་དཔུང་པ་མཉམ་གཤིབ་ཀྱིས་སྐྲུན་བཞིན་པ་སྟེ། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།
             སྤྱིའི་རིང་ཚད་ལ་སྤྱི་ལེ་435ཡོད་པའི་ལས་གྲྭ་དེ་2014ལོའི་ཟླ་12པར་ལས་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་2021ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པས་འཛམ་གླིང་གི་ལྕགས་ལམ་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་རེད་ཅེས་བརྗོད་ཆོག
             ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག“ལམ་གཉིས”ཀྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་མི་སེམས་གཅིག་སྒྲིལ་གྱི་བསམ་བློའི་དར་ཆ་ཞིག་བཙུགས་པ་དང་། མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལྟ་རེས་སྐྱོང་རེས་ཀྱི་བརྩེ་སེམས་ཀྱི་འབྲེལ་ཐག་ཏུ་སྒྱུར་བ། དུས་རབས་གསར་པའི་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
             འཕེལ་རིམ་གསར་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་ཡུན་རིང་བདེ་འཁོད་དང་འཛུགས་སྐྲུན་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ།
             བོད་ལྗོངས་ཉིང་ཁྲིར་བྲག་ཕྱི་གྲོང་ཚོ་ཟེར་བ་ཞིག་ཡོད། བློ་མཐུན་ཞི་ཅིན་ཕིང་དེ་སྔ་གྲོང་ཚོ་དེར་ཐེངས་གཉིས་ཕེབས་མྱོང་ཡོད།
             1998ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་འགོ་ཁྲིད་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཉིང་ཁྲིར་ཆེད་མངགས་བརྟག་ཞིབ་གནང་བར་ཕེབས་ཡོད།
             2011ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་དུས་སུ་སྐབས་དེ་དུས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་སླར་ཡང་ཉིང་ཁྲི་ས་ཁུལ་དུ་ཕེབས་པ་དང་འབྲེལ་བྲག་ཕྱི་གྲོང་ཚོའི་གྲོང་མི་སྐལ་བཟང་དབང་ཕྱུག་གི་ཁྱིམ་དུ་ཕེབས་པ་རེད།
             “ཁོང་གིས་ཁྱིམ་དུ་ཕེབས་མ་ཐག་ཐབ་ཚང་ནང་ཕེབས་ཏེ་རྫབ་རླངས་ཐབ་སྤོར་ནས་གྲོང་གསེབ་ཀྱི་རྫབ་རླངས་སྤྱོད་ཚུལ་མཁྱེན་རྟོགས་གནང་བ་དང་། དེ་ནས་ཚོམས་ཆེན་ནང་ཇ་བསྲུབས་མ་མཆོད་བཞིན་དུ་ང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བྱུང”ཞེས་སྐལ་བཟང་དབང་ཕྱུག་གིས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
             “བྲག་ཕྱི་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་ནི་ཉིང་ཁྲི་དང་ཐ་ན་བོད་ཡོངས་ལ་ལོ་60རིང་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད”
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ད་ཆ་བྲག་ཕྱི་གྲོང་ཚོའི་ཕྱུག་འགྱུར་ཐབས་ལམ་ཇེ་ཡངས་སུ་སོང་ནས་2018ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་2022ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་25729ཟིན་ནས་ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྱོགས་ཡོངས་འབྱོར་འབྲིང་གི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
             བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཏང་གི་བོད་སྐྱོང་མཛད་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་འོག་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ཏེ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ནས་གངས་ལྗོངས་ས་མཐོར་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཆེའི་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་ཡོད།
             —— མཐའ་མཚམས་ཀྱི་རྩྭ་དང་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་པ།
             2018ལོ་ཚུན་དུ། བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་རྣམ་གྲངས་181ལག་བསྟར་བྱས་པར་འཛུགས་སྐྲུན་ལམ་ཚད་སྤྱི་ལེ་2534ཟིན་ཡོད། འཐབ་ཕྱོགས་དང་པོ་དང་གཉིས་པའི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་གཞི་སྒོར་3700དང་སྒོར་3500སོ་སོར་མཐོ་རུ་བཏང་བས་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་ནས་རྒྱ་ཆེའི་མཐའ་མཚམས་མང་ཚོགས་ཚོ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་སྲུང་སྐྱོང་ཐུབ་ཡོད།
             —— བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་པ།
             “བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་བྱེད་དགོས་ན། ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་དང་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས”བོད་ལྗོངས་བརྟན་ལྷིང་འཆམ་མཐུན་དང་མི་དམངས་བདེ་སྡོད་ལས་བརྩོན་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་ས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནས་ས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་བཅས་རེད།
             ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་པའི་ཁར། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། དུས་བདེའི་བོད་ལྗོངས་ཧུར་ཐག་བསྐྲུན་པ། དྲ་མིག་ཅན་གྱི་དོ་དམ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ལས་བྱེད་པ་གྲོང་སྡོད་དགོན་སྡོད། གཉིས་ལྡན་དུད་སྦྲེལ་སོགས་ཀྱི་ལས་དོན་གསར་གཏོད་ལྡན་པའི་ངང་སྤེལ་བ། ཕྱོགས་བསྡུས་རྣམ་པའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་པ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།
             བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2018ལོར་བོད་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་ཅེས་འཁོད་ཡོད། 
             —— རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ།
             འདས་ཟིན་པའི་ལོ་5ཡི་ནང་། བོད་ཀྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་11.68བཏང་ནས་བྱེ་གྱུར་ས་ཆ་སྤྱི་ཆིངས་ཁྲི་32བཅོས་སྒྲིག་བྱས་ཏེ་ས་ཆ་བྱེ་འགྱུར་གྱི་རྣམ་པ་བཀག་འགོག་རགས་ཙམ་ཐུབ་པ་དང་། བྱེ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་བཅོས་ཐུབ་པ། ཡར་ཀླུང་གཙང་པོའི་ངོགས་གཉིས་ལྗོན་ཤིང་གིས་ཁེངས་པ་བཅས་བྱུང་ནས“ལྗང་མདོག་བར་ཁྱམས”རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད།
             2017ལོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས《ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ཡོད།
             བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གིས་བཏོན་པའི“བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཏུ་བསྐྲུན་དགོས་པའི”དགོངས་དོན་གལ་ཆེན་ལག་བསྟར་ཏན་ཏིག་བྱེད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་ལྗོངས་ཡོངས་སུ་གསར་སྤེལ་བཀག་འགོག་དང་གསར་སྤེལ་ཚོད་འཛིན་བྱེད་པའི་ས་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%བཟུང་ཡོད། ད་དུང་ལྗོངས་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་42ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34%བཟུང་ཡོད།
             —— དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།
             དབུལ་སྒྲོལ་འགག་སྒྲོལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམངས་འཚོའི་འདུ་འགོད་ཨང་དང་པོ་དེ་རེད།
             2018ལོའི་ལོ་མཇུག་བར་བོད་ཀྱིས་རིམ་རྩིས་ལྟར་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.6གནས་སྤོ་བྱས་ཡོད། མིག་སྔར་མི་ཁྲི་47.8དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)55དབུལ་ཞྭ་ཕུད་ནས་དབུལ་པོ་ཐོན་ཚད་ལོ་ལྔའི་གོང་གི་35.2%ནས་8%མན་བར་ཆག་ཡོད། དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་2019ལོར་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་རྒྱུ་ཡིན་ཞེས་བསྟན་ཡོད།
             —— མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པ།
             2015ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་སུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་བསྣམས་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་བརྩེ་སེམས་ཟབ་ལ་མི་རྣམས་མདུན་དུ་བསྐྱོད་རྒྱུར་ལྕག་སྐུལ་ཐེབས་པ་ཞིག་ཡོད།
             བོད་ཀྱི་མི་དམངས་ཁྲི་ཚོ་300ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་འབྲེལ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་བདམས་ནས་གཟེངས་བསྟོད་བྱས་ཡོད། ལོ་རེའི་ཟླ་9པ་ལྗོངས་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་གྱི་ཟླ་བར”གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཡོད། ད་དུང་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཡོད།
             ད་ཆ། “མི་རིགས་མཐུན་སྒྲིལ”ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་རང་རྟོགས་ཤིག་ཏུ་གྱུར་ནས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་རབ་ཏུ་བཞད་ཡོད།
             “དམངས་ཕྱུག་བོད་དར་ཡོང་བ་བྱེད་པར་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་གཏོང་རྒྱུ་དེ་བོད་དར་གྱི་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་བཅོས་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་ངང་ལོངས་སྤྱོད་ཐུབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ངར་ཤུགས་འཕེལ་བར་སྐུལ་ལྕག་ཐེབས་ཡོད།
             2018ལོར། བོད་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.63ཟིན་ནས་དུས་མཚུངས་ལས་9.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
             2018ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར་33797དང་11450ཟིན་ནས་10.2%དང་10.8%འཕར་ཡོད།
             གྲངས་གཞི་ལས་འཕོ་འགྱུར་ཆེན་པོ་མངོན།
             དུས་རབས་གསར་པར་ཕྱོགས་པའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོ གས་མྱུར་ཕྱིན་པ་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ། སྣོད་བཅུད་ཁོར་ཡུག་བཟང་བ། བྱ་གཞག་ཁག་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་བཅས་བྱུང་ནས་གོམ་ཞེང་ཆེན་པོས་ཕྱོགས་ཡོངས་འབྱོར་འབྲིང་གི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།