ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་རིམ་པ་སོ་སོའི་མང་ཚོགས་ཀྱིས་འདས་སོང་གི་དཀའ་སྡུག་ཕྱིར་དྲན་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་བར་རྟེན་འབྲེལ་ཞུ་བ།

སྤེལ་དུས 2019-03-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་ཐང་ཆེན་ཏེ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་བྱང་ཕྱོགས་སུ་སྤྱི་ལེ་བཞི་ཙམ་གྱི་མཚམས་དེ་ནི་ཆབ་མདོའི་མེ་ཏོག་ལྡུམ་ར་ཡིན་ཞིང་། དེར་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་130ལྷག་ཙམ་ཡོད་པའི་ཐོག་ཁང་ཞིག་ཡོད་པ་དེ་ནི་ལོ་ན་79ལ་སླེབས་པའི་རྒན་པོ་ཚེ་དབང་གི་ཁྱིམ་རེད། ཚེས་28ཉིན་གྱི་ཞོགས་པ་སྔ་མོར། རྒད་པོས་དཀྲུགས་ཇ་འཐུངས་ནས་རྩམ་པ་ཟོས་རྗེས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཁམས་པའི་བོད་ལྭ་ཡག་པོ་གྱོན་ཏེ་སྒོར་ཕྱིར་བུད་ཅིང་། ཁོ་རང་ཞིང་འབྲོག་མང་ཚོགས་དང་། གྲྭ་བཙུན། དགེ་རྒན་དང་སློབ་མ་སོགས་མི་རིགས་ཁག་གི་འཐུས་མི་རྣམས་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤེལ་བའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས་པ་རེད།
འདི་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་རེད། 
           ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ལོ་ངོ་60སྔོན་གྱི་དེ་རིང་། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཏང་སྟེ་བོད་ས་གནས་སྲིད་གཞུང་མེད་པར་བཟོས་ནས་བོད་ལྗོངས་མི་དམངས་ཀྱིས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་།  འདི་རྟགས་མཚན་བྱས་ཏེ་ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་དམིགས་འབེན་གཙོ་བོ་བྱས་པའི་རླུང་འཚུབ་ཀྱི་དྲག་ཆར་ལྟ་བུའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་བ་རེད།
           ལམ་བར་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་པའི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ” ཞེས་པའི་འཕྲེད་འགེལ་སྦྱར་ཚིག་དང་དར་ཆས་མི་རྣམས་ལ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ཞེས་བོད་ལྗོངས་གསར་རྙིང་གཉིས་ཀྱི་དབྱེ་མཚམས་མཚོན་པའི་ལོ་རྒྱུས་ཀྱི་དོན་རྐྱེན་རླབས་པོ་ཆེ་དེ་ང་ཚོ་དང་ནམ་ཡང་ཁ་བྲལ་མྱོང་མེད་ཅིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་འདི་ནམ་ཡང་མི་བརྗེད་པ་གསལ་བསྒྲགས་བྱེད་པ་དང་མཚུངས།
           རྒད་པོ་ཚེ་དབང་གིས་ལོ་ངོ་60སྔོན་གྱི“ གྲང་ངར་ཆེ་བའི་དགུན་ཁ”དེ་དག་ཕྱིར་དྲན་བྱས་ཏེ།  བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཁོང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ཞིང་བྲན་ཞིག་ཡིན་ཞིང་། “ སྐབས་དེ་དུས་ཀྱི་སྡུག་བསྔལ་བཤད་ཀྱང་བཤད་མི་ཕོད་པ་ཞིག་རེད། ཟ་མ་ཚལ་འདི་ཡོད་ན་དེ་མེད་པའི་ལྟོགས་སྡུག་མྱངས་དགོས་པར་མ་ཟད། ལུག་རའི་ནང་དུ་བསྡད་ནས་ད་དུང་མངའ་བདག་ཚོར་ལས་ཀ་ལས་དགོས”ཞེས་རྒད་པོས་རང་ཉིད་ཀྱི་ཨ་ཕ་ནི་དེ་ལྟར་མངའ་བདག་རྣམས་ཀྱི་མནར་གཅོད་འོག་ནས་ཕྱི་མའི་ཡུལ་དུ་སོང་བ་རེད་ཅེས་བཤད།
           བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་དབང་ལ་ནང་སར་སློབ་སྦྱོང་བྱེད་པར་བསྐྱོད་པའི་གོ་སྐབས་ཤིག་རེག་ཅིང་། 1960ལོར་ཁོ་རང་བོད་ལྗོངས་སྤྱི་པའི་སློབ་གྲྭར( ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན་ཡིན) སློབ་སྦྱོང་བྱེད་དུ་སོང་བ་དང་། སློབ་མཐར་ཕྱིན་རྗེས།  ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་ལས་བགོས་བྱས། 2001ལོར་ལས་འཁྱུར་ངལ་གསོ་བྱས་ཏེ་ལྷ་ས་ནས་གཞིས་འདུག་བྱས་ཤིང་།  ཁོང་གིས་བཤད་རྒྱུར། བུ་མོ་གཉིས་ཀ་སྔ་ས་ནས་ལས་ཀར་ཞུགས་ཡོད་པ་དང་། ཚ་མོ་གཉིས་ཀྱང་མཐོ་འབྲིང་གཉིས་པ་འགྲིམ་བཞིན་ཡོད། ཕྱིན་ཆད་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་ཡིན་པ་དང་།  རེ་བར་བུ་མོ་དང་། ལྷག་པར་དུ་ཚ་མོ་རྣམས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་དང་། བོད་ལྗོངས་ལ་ཞབས་འདེགས་ཞུ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་གྱུར་བར་སྨོན་ཞེས་བཤད།
འདི་ནི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་མགོ་མ་བརྩམ་གོང་། མང་ཚོགས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་སྐུ་པར་བསྐྱོན་པའི་རྣམ་པ་རེད། ( གཡོན་གྱི་གཉིས་པ་ནི་རྒད་པོ་ཚེ་དབང་རེད)
འདི་ནི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་མགོ་མ་བརྩམ་གོང་། མང་ཚོགས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་སྐུ་པར་བསྐྱོན་པའི་རྣམ་པ་རེད།
           ཧ་ལམ་ཆུ་ཚོད་བཅུའི་སྟེང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་གླུ་གསལ་ལྷང་ངེར་གྲགས་ཤིང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གསང་མདའ་གྲོང་ཚོ་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ལྷ་དབང་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། སྐར་ལྔའི་དར་དམར་དལ་གྱིས་ཡར་འཕགས་ཏེ་ས་མཐོའི་སྔོ་ཞིང་དྭངས་པའི་ནམ་མཁའ་རུ་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་ཚེ། རང་ཉིད་ཀྱིས་ཡང་བསྐྱར་ཕ་མས་རྒྱུན་པར་གླེང་བའི་དཀའ་སྡུག་གི་འཚོ་བ་དག་དྲན་བྱུང་ཞེས་བཤད།
           1959ལོའི་སྔོན་དུ་ལྷ་དབང་ཚེ་རིང་གི་ཕ་མ་གཉིས་ནི་ས་གནས་དེ་གའི་ཞིང་བྲན་ཡིན་ཞིང་། དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱེད་དུ་བཅུག   ཕ་མགོན་པོ་ལགས་ཀྱང་1959ལོར་མི་ཚང་མས་གྲོང་ཚོའི་ནང་གི “སྡེ་དཔོན”དུ་འདེམས་བསྐོ་བྱས། “ ཨ་ཕས་1995ལོའི་བར་དུ་ལས་འགན་འཁུར་ཏེ་ད་གཟོད་ལས་འཁྱུར་ངལ་གསོ་བྱས་ཤིང་། སྐབས་དེར་ཁོས་རྒྱུན་དུ་ང་ཚོར་འདས་སོང་གི་འཚོ་བ་ནི་ཇི་ལྟར་དཀའ་སྡུག་ཆེ་བ་དང་། མི་རྣམས་ནི་ཅི་ལྟར་འཆིང་རྒྱའི་ནང་བཅུག་སྟེ་རང་དབང་སྤུ་ཙམ་ཡང་མེད་ཚུལ་བཤད”
           སྡུག་གི་ཉི་མ་སྔ་ས་ནས་ལོ་རྒྱུས་སུ་གྱུར་ཟིན་ཞིང་།  1961ལོར་སྐྱེས་པའི་ལྷ་དབང་ཚེ་རིང་ཡང་དུས་རབས་བཟང་པོའི་རྗེས་སུ་ཆོད་དེ། “ ངས་ང་རང་གི་འཚོ་བར་བྱུང་བའི་འགྱུར་ལྡོག་བདེན་དཔང་བྱས་པ་སྟེ། ཁྱིམ་སྒོའི་ས་ལམ་ཨར་འདམ་ལམ་དུ་གྱུར་པ་དང་། རང་ཉིད་སྡོད་སའི་ཁང་བར་བརྗེ་ཐེངས་གསུམ་བརྒྱབ”སྟེ་ས་ཁང་ནས་ད་ལྟའི་བརྩེགས་རིམ་གཉིས་ཅན་གྱི་སོ་ཕག་ཁང་བར་གྱུར་ཞིང་། ལྷ་དབང་ཚེ་རིང་གིས་འཚོ་བ་ནི་འདི་ལྟར་ཉིན་རེ་ལས་ཉིན་རེ་ཇེ་བཟང་རེད་ཅེས་བཤད།
           ད་ལྟ་ལྷ་དབང་ཚེ་རིང་གིས་ས་ཞིང་མུའུ་29འདེབས་འཛུགས་བྱེད་དགོས་པ་ལས་གཞན། ད་དུང་སྐྱེལ་འདྲེན་བྱེད་པ་དང་ཨར་ལས་ལས་དགོས། “ད་ཆ་ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡིན་ཞིང་། ད་ལོ་བུ་ཆེ་བའི་བུ་མོའང་བཙས་བྱུང་བས། རྒན་རྒོན་རྣམས་ཀྱིས་ལྟ་རྟོག་བྱེད་པར་འཕྲོག་རེས་བྱེད་ཀྱིན་ཡོད” ཟླ་བ་གཉིས་ཙམ་གང་བའི་ཚ་མོ་གླེང་དུས་རྒད་པོར་ཚོར་སྣང་དེ་བས་ཟབ་མོ་སྐྱེས་པ་སྟེ། “ རང་གི་བུ་བུ་མོ་སྐྱེས་དུས་ཚང་མ་ཁྱིམ་ནས་བཙས་པ་དང་། སྐབས་དེར་བརླན་གཤེར་མི་གཏོང་བའི་གཅིན་ལྟེབ་དང་།  འོ་ཕྱེའང་མེད།  བུ་རྒན་པའི་མནའ་མས་བྱིས་པ་སྐྱེས་དུས་ང་ཚོས་གཟའ་འཁོར་གཅིག་གི་སྔོན་ལ་ལྷ་སའི་སྨན་ཁང་དུ་བསྐྱལ་ཏེ་བྱིས་པའི་ལྭ་བ་དང་། བརླན་གཤེར་མི་གཏོང་བའི་གཅིན་ལྟེབ་དང་། འོ་ཕྱེ་བཅས་ཚང་མ་སྔོན་ནས་གྲ་སྒྲིག་བྱས་པ་ཡིན”ཞེས་བཤད།
འདི་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་རེད།
འདི་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་རེད།
           ལོ་ངོ་དྲུག་ཅུ་ནི་རབ་བྱུང་གཅིག་གི་ལོ་ཟླ་དལ་གྱིས་བཞུད་པ་ཡིན་ཞིང་། ལོ་ངོ་དྲུག་ཅུ་འདིའི་ནང་བོད་ལྗོངས་ལ་མི་ཡུལ་བརྗེ་འདྲའི་འགྱུར་ལྡོག་བྱུང་སྟེ་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་ངང་འབད་འཐབ་ཆེན་པོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱས་ཏེ་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
           ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དམའ་འབྲིང་དང་པོའི་སློབ་མ་བསོད་ནམས་མཚོ་མོས་བཤད་རྒྱུར།  ཁོ་མོའི་སྤོ་བོ་ཚེ་རིང་རྡོ་རྗེ་དང་རྨོ་མོ་པ་སངས་སྒྲོལ་མས་རྒྱུན་པར་མུན་ནག་གི་འཚོ་བ་དེ་གླེང་ཞིང་།  “ནམ་རྒྱུན་བཤད་ཚར་རྗེས་ང་ལ་ད་ལྟའི་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱེད་དུ་བཅུག  དེ་རིང་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ངས་ད་ལྟའི་འཚོ་བར་གཅེས་སྤྲས་ཡག་པོ་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རྗེས་ཕྱོགས་མེས་རྒྱལ་འཛུགས་སྐྲུན་དང་། བོད་ལྗོངས་འཛུགས་སྐྲུན་ཐད་རང་གི་ནུས་པས་སྲི་ཞུ་བསྒྲུབ་རྒྱུ་ཡིན”ཞེས་བཤད།
           མི་ཞིག་ལ་མཚོན་ན་ལོ་ངོ་དྲུག་ཅུ་ནི་མི་ཚེ་གཅིག་ཡིན་སྲིད་ཅིང་། ས་གནས་ཤིག་དང་ཕྱོགས་གཅིག་གི་མི་སེར་ལ་མཚོན་ནས་བཤད་ན།  ལོ་ངོ་དྲུག་ཅུ་ནི་ལང་ཚོ་དར་མས་འབད་བརྩོན་བྱེད་པའི་དུས་ཤིག་ཡིན། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལག་ལེན་རླབས་པོ་ཆེ་དང་འོད་སྟོང་འབར་བའི་གྲུབ་འབྲས་ནི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཟིན་ཞིང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ཧུར་ཐག་ཆེན་པོའི་མདུན་སྐྱོད་མཁོའོ། །