ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་གློག་རྡུལ་ཚོང་དོན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་པ།

སྤེལ་དུས 2019-04-11 ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
1.jpeg
2018ལོའི་སྐབས་བཞི་པའི་བོད་ལྗོངས་མང་འཛོམས་བཤམས་སྟོན་དུ་ཡུལ་སྐོར་བས་ཁ་པར་བརྒྱུད་ནས་ཅ་དངོས་ཉོ་བ། 
             གསར་འགོད་པས་ཚེས་9ཉིན་ལ་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2018ལོར་བོད་ལྗོངས་ཀྱི་ཚོང་ཟོག་དང་ཞབས་ཞུའི་རིགས་ཀྱི་གློག་རྡུལ་ཚོང་དོན་ཉོ་ཚོང་གི་སྡོམ་འབོར་ནི་དམངས་སྒོར་དུང་ཕྱུར་206ལ་སླེབས་འདུག 
             བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་བཤད་པ་ལྟར་ན། གློག་རྡུལ་ཚོང་དོན་གྱིས་བོད་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནུས་པ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བ་དང་། ཡུལ་སྐོར་དང་བཟའ་བཏུང་སོགས་ཞབས་ཞུ་ལས་རིགས་ཀྱི་ནུས་པ་འདོན་སྤེལ་ཉིན་བཞིན་ཇེ་དྲག་ཏུ་སོང་སྟེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་འདུག 
             ན་ནིང་བོད་ལྗོངས་ཀྱི་དྲ་ཐོག་སིལ་འཚོང་སྡོམ་འབོར་དམངས་སྒོར་དུང་ཕྱུར་54.2ལ་སླེབས་ཡོད་པ་དང་། དུས་སྐབས་གཅིག་པ་དང་བསྡུར་ན་འཕར་ཚད་137.7%ཡིན་ཞིང་། བསྟུད་མར་ལོ་གཉིས་ཀྱི་འཕར་འགྲོས་50%བརྒལ་འདུག དྲ་ཐོག་སིལ་འཚོང་སྡོམ་འབོར་གྱིས་སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་སྡོམ་འབོར་གྱི་9.1%ཟིན་ལ། ན་ནིང་དང་བསྡུར་ན་བརྒྱ་ཆའི་གྲངས4.7གྱིས་འཕར་འདུག་པ་དང་། གློག་རྡུལ་ཚོང་དོན་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནུས་པ་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་འདུག 
2.jpeg
བོད་ཀྱི་གློག་རྡུལ་ཚོང་དོན་ཚན་རྩལ་སྒོང་སྙོལ་ར་བ། 
             ན་ནིང་བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱི་ཅ་དངོས་དབོར་སྐྱེལ་གྲངས་འབོར་ཁྲི་725.8ཡོད་ཅིང་། དུས་སྐབས་གཅིག་པ་དང་བསྡུར་ན་27.9%ཡིས་འཕར་འདུག འཕར་འགྲོས་དེ་ཤིན་ཅང་དང་ཀན་སུའུ། མཚོ་སྔོན་སོགས་ནུབ་རྒྱུད་ལྗོངས་ཞིང་དག་གི་ཁྲོད་མདུན་གྲས་སུ་ཡོད་པ་དང་། ཉེ་བའི་ལོ་འདི་གསུམ་གྱི་ནང་དུ་ཐོག་མར་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་རེད། འབྲེལ་ཡོད་འགན་འཛིན་པས་བཤད་པ་ལྟར་ན། མྱུར་སྐྱེལ་ལས་རིགས་ཀྱི་དབོར་གྲངས་འཕར་བ་ཡིས་ཚད་ངེས་ཅན་ཞིག་གི་སྟེང་ནས་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་གཞི་རྒྱ་འཕར་བ་མཚོན་འདུག 
             2018ལོའི་ལོ་མཇུག་བར་དུ་བོད་ལྗོངས་སུ་གློག་རྡུལ་ཚོང་དོན་ཁེ་ལས་2200ལྷག་ཡོད་པ་དང་། ཉོ་ཚོང་དང་སྐྱེལ་འདྲེན། དངུལ་སྤྲོད། དངུལ་རྩ། ཁྲོམ་རའི་ཉོ་ཚོང་སོགས་ཞབས་ཞུའི་རིགས་སྣ་མང་ལ་ཁྱབ་ཅིང་། དེའི་ནང་དུ་ལྷ་ས་གྲོང་ཁྱེར་གྱིས་སྐོར་ཁག་གཙོ་བོ་བཟུང་སྟེ་ཁེ་ལས་1600ལྷག་ཡོད། ཉིང་ཁྲི་དང་ལྷོ་ཁ་སོ་སོར་ཁེ་ལས་100ཡན་དང་། གཞིས་ཀ་རྩེ་དང་ཆབ་མདོ། ནག་ཆུ་གསུམ་གྱི་བཟུང་ཚད་དམའ་བ་རེད། གཞན་ཞིག་ནི་བོད་ལྗོངས་ཀྱི་དྲ་ཐོག་ཚོང་ཁང་ཁྲི་3ལས་བརྒལ་ཞིང་། གློག་རྡུལ་ཚོང་དོན་ལས་གཉེར་བྱེད་པའི་མི་གྲངས་ཁྲི་1.6ལྷག་ཡོད་པ་རེད། 
             དུས་སྐབས་རྗེས་མར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གློག་རྡུལ་ཚོང་དོན་གོང་སྤེལ་གྱི་སྐྱེ་ཁམས་གསར་བ་བཙུགས་ནས། རོང་འབྲོག་ས་ཁུལ་གྱི་གློག་རྡུལ་ཚོང་དོན་གོང་དུ་སྤེལ་བར་ཤུགས་ཡོད་ཚད་ཀྱིས་སྐུལ་འདེད་གཏོང་བ་དང་། དྲ་ཐོག་དང་དྲ་ཐོག་མིན་པ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་སྐུལ་སྤེལ་བྱ་རྒྱུ། དེ་མིན་བོད་ལྗོངས་ཉོ་ཚོང་བརྗེ་རེས་ཀྱི་འགྲོ་རྒྱུག་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏང་སྟེ། ཁེ་ལས་ཀྱིས་གྲོང་ཤང་དང་ཆ་རྐྱེན་འཛོམས་སའི་གྲོང་རྡལ་དུ་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཤང་སྐྱེལ་འདྲེན་དྲ་བ་དང་རྫོང་ཤང་གྲོང་ཚོ་རིམ་པ་གསུམ་གྱི་ཡིག་ཟམ་རོང་འབྲོག་ཁུལ་དངོས་ཟོག་སྐྱེལ་འདྲེན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ།