ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ལས་གཏོད་ལས་ཞུགས་བྱེད་མཁན་རྣམས་ཀྱི་དཔྱ་ཁྲལ་ཉུང་བསྡུའི་སྲིད་ཇུས་ལྟར་ཆག་ཡང་གཏོང་ཚད་ཇེ་མཐོར་གཏོང་རྒྱུ་རེད།

སྤེལ་དུས 2019-04-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྒྱུན་ལས་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ཀྱིས་དངུལ་གྲངས་ཆེས་མཐོའི་འཕར་ཚད་བཅད་གྲངས་ཀྱི་ཚད་གཞི་ལྟར། དམག་ཁོངས་ནས་ཕྱིར་བུད་པའི་རང་བརྟེན་ལས་ཞུགས་དམག་མི་དང་གཙོ་གནད་མི་ཚོགས་གཉིས་ཀྱི་ལས་གཏོད་ལས་ཞུགས་ཀྱི་འབྲེལ་ཡོད་དཔྱ་ཁྲལ་ཉུང་བསྡུའི་སྲིད་ཇུས་གཞིར་བཟུང་ནས་དཔྱ་ཁྲལ་ཆག་ཡང་གཏོང་ཚད་ཇེ་མཐོར་གཏོང་རྒྱུ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། དམག་ཁོངས་ནས་ཕྱིར་བུད་དེ་རང་བརྟེན་གསར་གཏོད་ལས་ཞུགས་བྱེད་པའི་དམག་མིས་རང་སྒྲུབ་ཁེ་གཉེར་པས་བཟོ་ཚོང་ཐོ་འགོད་བྱས་པའི་ཟླ་དེ་ནས་བཟུང་། ལོ་གསུམ་གྱི་རིང་ལ་ཚོང་ཁང་རེ་རེའི་ལོ་རེར་ཚད་བཀག་མ་དངུལ་སྒོར་12000གི་རྨང་གཞིའི་ཐོག ཡར་འཕར་ཚད་20%ལྟར་ལག་བསྟར་བྱ་རྒྱུ་སྟེ། ལོ་གསུམ་རིང་ཚོང་ཁང་རེ་རེའི་ལོ་རེར་སྒོར་14400ཡི་ཚད་བཀག་རིམ་པ་ལྟར་ལོ་དེར་སྤྲོད་འོས་པའི་གནས་ཐང་འཕར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན། མི་སྒེར་ལ་ཐོབ་ངེས་ཀྱི་དཔྱ་ཁྲལ་བཅས་ཆག་ཡང་དུ་གཏོང་རྒྱུ་རེད།
          ཁེ་ལས་ཀྱིས་རང་བརྟེན་ལས་ཀ་འཚོལ་བའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དབར་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་ནས་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་མ་དངུལ་སྤྲད་ཚེ། དེ་ཡང་ངལ་རྩོལ་གན་རྒྱ་བཞག་ནས་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་མ་དངུལ་སྤྲད་པའི་ཟླ་དེ་ནས་ལོ་གསུམ་རིང་མི་རེར་ལོ་རེའི་ཚད་བཀག་མ་དངུལ་སྒོར་6000གི་རྨང་གཞིའི་ཐོག་ཡར་འཕར་ཚད་50%ལྟར་ལག་བསྟར་བྱ་རྒྱུ་སྟེ། དེ་ཡང་ལོ་གསུམ་རིང་དངོས་སུ་བསྡུས་པའི་མི་གྲངས་ལྟར་མི་རེར་ལོ་རེའི་སྒོར་9000གི་ཚད་བཀག་རིམ་པ་ལྟར་ལོ་དེར་དངོས་སུ་སྤྲོད་འོས་པའི་གནས་ཐང་འཕར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན། མི་སྒེར་ལ་ཐོབ་ངེས་ཀྱི་དཔྱ་ཁྲལ་བཅས་ཆག་ཡང་དུ་གཏོང་རྒྱུ་རེད།
          དེ་དང་ཆབས་ཅིག་ཏུ་གཱ་དང་ཡིག་ཚགས་བཟོས་པའི་དབུལ་བོ་དང་།《ལས་ཞུགས་ལས་གཏོད་ཀྱི་དཔང་ཡིག》(མཆན། “རང་བརྟེན་ལས་གཏོད་ཁྲལ་སྡུད་སྲིད་ཇུས་”སམ་“མཐར་ཕྱིན་ལོ་འཁོར་གྱི་རང་བརྟེན་ལས་གཏོད་ཁྲལ་སྡུད་སྲིད་ཇུས།”) ཡང་ན་《ལས་ཞུགས་ལས་ཤོར་དཔང་ཡིག》(མཆན། “རང་བརྟེན་ལས་གཏོད་ཁྲལ་སྡུད་སྲིད་ཇུས”)ཐོགས་པའི་མི་སྣ་ཁེ་གཉེར་བ་སུ་ཞིག་ཡིན་རུང་། རང་སྒྲུབ་ཁེ་གཉེར་བཟོ་ཚོང་ཐོ་འགོད་བྱས་པའི་ཟླ་ནས་བཟུང་སྟེ་ལོ་གསུམ་རིང་ཚོང་ཁང་རེ་རེའི་ལོ་རེའི་ཚད་བཀག་མ་དངུལ་སྒོར་12000གི་རྨང་གཞིའི་ཐོག་ཡར་འཕར་ཚད་20%ལྟར་ལག་བསྟར་བྱ་རྒྱུ་སྟེ། དེ་ཡང་ལོ་གསུམ་རིང་ཚོང་ཁང་རེ་རེའི་ལོ་རེའི་མ་དངུལ་སྒོར་14400ཡི་ཚད་བཀག་རིམ་པ་ལྟར་ལོ་དེར་སྤྲོད་འོས་པའི་གནས་ཐང་འཕར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན། མི་སྒེར་ལ་ཐོབ་ངེས་ཀྱི་དཔྱ་ཁྲལ་བཅས་ཆག་ཡང་དུ་གཏོང་རྒྱུ་རེད།
          ཁེ་ལས་ཀྱིས་བསྡུས་པའི་གཱ་དང་ཡིག་ཚགས་བཟོས་པའི་དབུལ་བོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་སུ་ལས་ཤོར་ལོ་ཕྱེད་ཡན་དང་《ལས་ཞུགས་ལས་གཏོད་ཀྱི་དཔང་ཡིག》གམ་《ལས་ཞུགས་ལས་ཤོར་གྱི་ཐོ་འགོད་དཔང་ཡིག》(མཆན། “ཁེ་ལས་ཀྱི་ཁྲལ་སྡུད་སྲིད་ཇུས”)ཐོགས་པའི་མི་སྣས་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་ནས་ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་མ་དངུལ་སྤྲད་པའི་ཟླ་ནས་བཟུང་། ལོ་གསུམ་རིང་ཚོང་ཁང་རེ་རེའི་ལོ་རེའི་ཚད་བཀག་མ་དངུལ་སྒོར་6000གི་རྨང་གཞིའི་ཐོག་ཡར་འཕར་ཚད་30%ལྟར་ལག་བསྟར་བྱ་རྒྱུ་སྟེ། དེ་ཡང་ལོ་གསུམ་རིང་ཚོང་ཁང་རེ་རེའི་ལོ་རེའི་མ་དངུལ་སྒོར་7800ཡི་ཚད་བཀག་རིམ་པ་ལྟར་ལོ་དེར་སྤྲོད་འོས་པའི་གནས་ཐང་འཕར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན། མི་སྒེར་ལ་ཐོབ་ངེས་ཀྱི་དཔྱ་ཁྲལ་བཅས་ཆག་ཡང་དུ་གཏོང་རྒྱུ་རེད།