ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་ཆེན་གངས་རྒྱབ་སྲུང་བའི་སྙིང་སྟོབས་ནི་ཅི་ཞིག་ཡིན་ནམ། ས་སྲུང་བ་བརྒྱད་ཀྱིས་གཏམ་རྒྱུད་ཁུར་ནས་ཐོག་མའི་ས་ཚིགས་པེ་ཅིང་དུ་སླེབས་པ།

སྤེལ་དུས 2019-04-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཨ་ཆེན་གངས་རྒྱབ་སྲུང་བའི་སྙིང་སྟོབས་ནི་ཅི་ཞིག་ཡིན་ནམ། དེང་གི་དུས་སུ་སྙིང་སྟོབས་དེ་དང་མདེལ་གཉིས་སྐར་གཅིག་སྙིང་སྟོབས། ཡུལ་ཤུལ་ས་ཡོམ་རྒུད་སྐྱོབ་སྙིང་སྟོབས། ཀབ་ལུང་སྙིང་སྟོབས། དམག་དཔོན་མུའུ་ཧྲིན་ཀྲུང་གི་ལམ་འབྱེད་སྙིང་སྟོབས་བཅས་ལ་སྙིང་སྟོབས་ཆེན་པོ་ལྔ་ཞེས་འབོད་ཅིང་།  དེ་དག་ཐུན་མོང་གིས་མཚོ་སྔོན་སྙིང་སྟོབས་ཀྱི་རྩེ་མོ་བསྐྲུན་ཏེ། གངས་ལྗོངས་ཀྱི་ཐུན་མོང་མ་ཡིན་པ་ལྔའི་སྙིང་སྟོབས་རབ་ཏུ་བསྟན་ལ། མཚོ་སྔོན་གསར་པ་འཛགས་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།  
ཏང་གི་སློབ་ཚན་གྱི་སྙན་ཞུའི་ཡུལ་དངོས།
           ཟླ་4པར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཡུལ་དུ་ཨ་ཆེན་གངས་རྒྱབ་སྲུང་བའི་སྙིང་སྟོབས་ཞེས་བྱ་བའི་ཏང་གི་སློབ་ཚན་མཆོག་གྱུར་གྱི་སྐོར་སྒྲོག་བྱ་འགུལ་སྤེལ་བ་དང་། ཟླ་4པའི་ཚེས་10ཉིན་ནས་ཚེས་12ཉིན་བར་དུ། པེ་ཅིང་གྲོང་ཁྱེར་ནི་ཐེངས་འདིའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྐོར་སྒྲོག་གི་ཐོག་མའི་ས་ཚིགས་ཡིན་པའི་ཆ་ནས། པེ་ཅིང་རྩིས་ཚན་སློབ་ཆེན་དང་། གྲོང་ཨུད་ཏང་གི་སློབ་གྲྭ། རྒྱལ་སའི་དགེ་འོས་སློབ་ཆེན་བཅས་སུ་སྒྲོག་སྦྱང་བྱ་འགུལ་གསུམ་སྤེལ་ཞིང་། གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་སློབ་གྲྭའི་དགེ་སློབ་སྟོང་ལ་ཉེ་བ་ཞིག་གིས་སྒྲོག་སྦྱང་ལ་ཉན་རྒྱུ་རེད།
           སྒྲོག་སྦྱང་གི་ཁྲོད་དུ་མི་སེམས་གཡོ་བ་དང་དྲན་སྐུལ་ཤིན་ཏུ་ཐེབས་པ་ཞིག་ནི་ལོ་རྒྱུས་རྒྱུ་ཆའི་པར་རིས་དང་བརྙན་རིས། གཏམ་བཤད། རོལ་མོ་དང་སྙན་ངག དེ་མིན་རི་མོ་སོགས་སྣ་མང་བའི་མཚོན་ཚུལ་དེ་རེད། རྣམ་པ་དེས་ལོ་རྒྱུས་ཀྱི་ཞིབ་ཆ་དག་སླར་ཡང་གསལ་བར་བྱས་པ་དང་། བརྩེ་སེམས་དྭངས་མོས་མི་སེམས་གཡོ་བའི་གཏམ་རྒྱུད་འཁྲབ་པ་རེད།
ཏང་གི་སློབ་ཚན་གྱི་སྙན་ཞུའི་ཡུལ་དངོས། 
           གཞི་རིམ་ནས་ཡོང་བའི་རིམ་པ་དང་པོའི་ས་སྲུང་བ་བརྒྱད་ཀྱི་བརྩེ་སེམས་དྭངས་མོས་ཟིན་པའི་གཏམ་བཤད་ཡིད་སེམས་འགུལ་བ་དེས། ལོ་ཟླ་མང་པོར་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཐབ་མོ་བྱེད་པའི་ས་སྲུང་བ་དག་ལེགས་པར་མཚོན་པ་སྟེ། ཐབས་སྡུག་གི་འཚོ་གནས་ཁོར་ཡུག་དང་སྐྱེ་འཆིའི་འཕྲང་ལ་ཁ་གཏད་པའི་ཚེ། དད་སེམས་ཀྱིས་འཚོས་ཤིང་ཚེ་སྲོག་གིས་སྲུང་སྟེ། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་བ་དང་རྨེག་མེད་དུ་འགྲོ་ལ་ཉེ་བའི་རི་དྭགས་གཙོད་སྐྱོབ་པའི་ཆེད་དུ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།
ཏང་གི་སློབ་ཚན་གྱི་སྙན་ཞུའི་ཡུལ་དངོས།
           རྒྱུས་ལོན་བྱས་པ་ལྟར་ན། བརྗོད་དོན་ཏང་གི་སློབ་ཚན་ཁྲོད་དུ《མི་ཚེའི་སློབ་ཐུན་དང་པོ》ཞེས་པ་དང་《མཐུན་སྒྲིལ་དང་དད་སེམས་ཀྱིས་ཁོ་ལ་འཚོ་གནས་ཀྱི་སྟོབས་ཤུགས་བསྩལ》ཞེས་པ། 《ཉིན་66གི་ཟད་མཐའི་འགོག་སྲུང》ཞེས་པ། 《སྐྱེ་དགུའི་གཟུགས་གཅིག་པུ་སྟེ་བྱམས་པ》ཞེས་པ། 《གཞན་དོན་དུ་གཤེགས་སླད་བློ་སྟོབས་དང་ཕུགས་བསམ་བསྟེན》ཞེས་པ། 《སེམས་ནང་དུ་གསོལ་འདེབས་ག་ཚོད་ཅིག་ཡོད》ཅེས་པ་བཅས་ཁག་དྲུག་འདུ། པེ་ཅིང་གི་འབྲེལ་ཡོད་བྱ་འགུལ་མི་སྣའི་འདོད་ཚུལ་ལ། ཏང་གི་སློབ་ཚན་མཆོག་གྱུར་སྐོར་སྒྲོག་གིས་ཉན་མཁན་རྣམ་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞུགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འཛིང་རགས་བརྟན་པོར་བཟོ་བ། ཀྲུང་ཧྭའི་ཆུ་མཛོད་ལེགས་པར་སྲུང་བ་སོགས་ཀྱི་ཕྱོགས་ནས་སློབ་གསོ་ཐོབ་པར་མ་ཟད། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་འབྲེལ་གྱི་སྒྲོམ་གཞིའི་གྲོས་ཆོད་ཅེས་བྱ་བ་དོན་འཁྱོལ་ཡོང་བར་སྔར་བས་སྐུལ་འདེད་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགོངས་དོན་གྱི་ཁྱབ་ཁོངས་སྔར་བས་ཕུན་སུམ་ཚོགས་པ། ས་ཆ་གཉིས་ཀྱི་རིག་གནས་བརྗེ་རེས་དང་འབྲེལ་འདྲིས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱེད་ཐུབ་ཅེས་བསྟན།