ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་ལྷ་སའི་དཔྱིད་དུས་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཤིང་འཛུགས་བྱེད་སྒོ་མཇུག་འགྲིལ་རྗེས་ཝུའུ་དབྱིང་ཅེས་ཤིང་འཛུགས་བྱེད་སྒོར་ཞུགས་མཁན་ལོ་ཆུང་གདོང་ལེན་རུ་མི་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་ཁོང་ཚོར་ཆུང་དུས་ནས་བོད་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་གཅེས་སྐྱོང་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཛུགས་དགོས་པའི་བཀའ་མངགས་གནང་ཞིང་། ཁོང་ཚོར་རང་ཉིད་ཀྱིས་བཏབ་པའི་སྡོང་ཕྲུག་ལྟར་འཚར་ལོངས་ཡག་པོ་བྱུང་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པར་གྱུར་བའི་སྨོན་འདུན་ཞུས་གནང་བ། 
           ལས་ལ་བརྩོན་ན་དཔྱིད་ཀ་འཆར་བ་སྔ། སྔོ་ལྗང་ནགས་བཟོའི་དུས་སྐབས་ཡག་ཤོས་བསུ། ཟླ་4ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”དེ་ཡིན་པས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་དེ་གར་འཚོ་བ་སྐྱེལ་མཁན་ཚང་མའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཤིང་འཛུགས་ནགས་གསོ་དང་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཕུགས་ལ་དམིགས་པ་དང་། ཡུལ་བབ་དང་བསྟུན་པ། གྲོན་ཆུང་བསྲི་ཚགས། ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱས་ཏེ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗོན་ཤིང་ལ་དགའ་ཞེན་དང་། ལྗོན་ཤིང་འཛུཌ་པ། ལྗོན་ཤིང་ལ་སྲུང་སྐྱོང་བཅས་བྱས་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། 
           ཟླ་བཞི་པའི་ལྷ་སར་རྩྭ་རྩི་ཤིང་སྔོན་པོར་གྱུར་བ་དང་བྱ་དངོས་མཐའ་དག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། སྔ་དྲོའི་ཆུ་ཚོད་11ཙམ་དུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། ཅང་ཅེ། པད་མ་དབང་འདུས་སོགས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོའི་ཤིང་འཛུགས་ཡུལ་དུ་ཕེབས་ཏེ་ལྷ་སའི་ལས་བྱེད་པ་དང་མང་ཚོགས་དང་། ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད། 
           རླངས་འཁོར་ལས་བབས་གནང་མ་ཐག་ཝུའུ་དབྱིང་ཅེས་ལྕགས་ཁྱེམ་བསྣམས་ཏེ་ཤིང་འཛུགས་ཡུལ་དུ་ཕེབས་པ་དང་། ས་རྒྱོང་བ་དང་ཆུ་བསྐྱོན་པ་སོགས་གནང་ནས་ཚང་མ་དང་ལྷན་དུ་སྒྲོན་ཤིང་དང་། ག་བུར་ཤིང་། རྒྱ་ཤུག རྒྱ་ལྕང་བཅས་བཏབ་གནང་བ་རེད། 
           ཤིང་འཛུགས་པའི་བར་གསེང་དུ། ཝུའུ་དབྱིང་ཅེས་ད་དུང་འོས་འགན་ཤིང་འཛུགས་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས་གསུངས་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་དང་དམངས་ཡོངས་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས“བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི”བསམ་པའི་འཁྱེར་སོར་བརྟེན་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྙིང་རུས་གཏན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། “ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཉིན་གསོག་ཟླ་གསོག་གིས་ལྗོན་ཤིང་རེ་རེ་ལས་ནགས་ཚལ་ཆགས་པ་བྱས་ཐོག་དུས་བཞི་སྔོ་ལྗང་ཅན་དང་དུས་ཚིགས་ཚང་མར་མེ་ཏོག་མཐོང་རྒྱུ་ཡོད་པ་ཧུར་ཐག་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་། ཚན་རིག་ལ་བརྩི་འཇོག ཡུལ་བབ་དང་བསྟུན་པ། འཆར་འགོད་ལུགས་མཐུན་བཅས་བྱས་ཏེ་ཤིང་འཛུགས་ཀྱི་གྲངས་འབོར་ལ་མཐོང་ཆེན་བྱེད་དགོས་ལ་ཤིང་འཛུགས་ཀྱི་གསོན་ཚད་ལ་དེ་བས་མཐོང་ཆེན་བྱས་ཏེ་ཤིང་སྣ་ནང་འདྲེན་དང་ཡུལ་དེ་གའི་ཤིང་སྣ་འདེབས་གསོ་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྡོང་ཕྲུག་གི་སྣ་ཁ་གནད་སྨིན་འདེམས་གསོ་བྱས་ཏེ་བྱེད་པོ་མང་བ་དང་། རིམ་པ་མང་བ། རྣམ་པ་སྣ་ཚོགས་བཅས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་བཀོད་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྔོ་འགྱུར་མཛེས་བཟོ་དང་རླུང་འགོག་བྱེ་འཇགས་ལ་དམིགས་ནས་ཤིང་སྣ་གང་ཞིག་མྱུ་གུ་འབུས་སྔ་ཤོས་དང་ལོ་མ་ལྷུང་ཕྱི་ཤོས་ཡིན་པར་ཞིབ་འཇུག་བྱས་ནས་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་མཇུག་གི་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་སྔོ་འགྱུར་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བཀྲག་མདངས་བསྣན་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཞུ་རྒྱུར་སྣེ་ཁྲིད་བྱེད་པ་དང་། ཁང་པའི་རྒྱབ་མདུན་དུ་ལྗོན་ཤིང་འདེབས་པ། “ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པའི་བྱ་སྤྱོད་སྤེལ་བའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ནམ་མཁའ་གཡའ་དག་པ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཤིང་འཛུགས་ནགས་བཟོ་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་ཡག་པོ་བྱེད་པ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱིས་ནགས་བཟོ་སྔོ་འགྱུར་ནང་ཞུགས་ནས་ཡོང་འབབ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གཉིས་ཀར་རྒྱལ་ཁ་ཐོབ་པ་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་སྣོད་བཅུད་ཀྱི་འདུ་ཤེས་རང་རྟོགས་ངང་སྐྱེད་སྲིང་བྱས་ཐོག་རི་ཀླུང་སྔོ་འགྱུར་དང་། གྲོང་ཁྱེར་སྔོ་འགྱུར། གྲོང་གསེབ་སྔོ་འགྱུར་བཅས་ནང་ཞུགས་པ་པོ་དང་ལག་བསྟར་བ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ་བཅས་རེད། 
           སྐྱེ་སྟོབས་ཀྱིས་དཔལ་འབར་བའི་སྡོང་ཕྲུག་གི་མདུན་དུ། ཝུའུ་དབྱིང་ཅེས་ལོ་ཆུང་གདོང་ལེན་རུ་མི་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་པ་གཟིགས་རྗེས“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ཁྲོད‘ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན’ཞེས་པའི་སྐད་ཆ་ཞིག་ཡོད། ཁྱེད་ཚོས་རང་རེའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སུ་ཡིན་པ་ཤེས་སམ”ཞེས་བྱམས་བརྩེའི་ངང་བཀའ་འདྲི་གནང་། 
           “སྤོ་བོ་ཞི་ལགས་རེད”ཅེས་པའི་སྐད་གསང་མཐོན་པོའི་ལན་གསན་རྗེས་ཝུའུ་དབྱིང་ཅེས་ལོ་ཆུང་གདོང་ལེན་རུ་མི་ཚོར་ཐུགས་བཟང་ཚིག་ནན་གྱི་སྒོ་ནས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་མེད་དུ་མི་རུང་བའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་འོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་དོན་རྩ་བའི་ཆ་ནས་བརྗོད་ན་ཏང་གི་སྲོག་ཤིང་དང་། ཏང་ཡོངས། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སེམས་ཀྱི་རྟེན་ས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡོད་པས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁྱིམ་མི་དང་གཉེན་ཉེ་དང་རང་ཉིད་ཀྱི་གྲོགས་པོར་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གཞན་ལ་རྟེན་པ་དང་སྒུག་ནས་བྱུང་བ་ཞིག་མིན་པས། ང་ཚོས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བ་དང་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་འབད་འཐབ་བྱས་པ་ལས་བྱུང་ལུགས་བརྗོད་དགོས། ཁྱེད་ཚོའི་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱས་ཐོག ཁོང་ཚོའི་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས། 
           ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་དང་། གྲོང་མི་མང་ཚོགས། སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་500ལྷག་ཙམ་ཡང་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།