ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། ལྕགས་བྱམས།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་དགུ་པ།
          བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སྲོལ་རྒྱུན་གྱི་རིག་གནས་ལ་སྐྱེ་སྟོབས་གསར་པ་ཟམ་མི་ཆད་པར་འཕེལ་ནས་སྲུང་སྐྱོང་གང་ལེགས་དང་ཡར་ངོའི་ཟླ་ལྟར་གོང་འཕེལ་གྱི་དགའ་འོས་པའི་རྣམ་པ་ཐོན་ཡོད། 
          རིག་གནས་ཀྱིས་མི་ལ་སློབ་གསོ་བཟང་པོ་ཐེབས་སུ་བཅུག་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་བཀོད་པ།
          ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཏེང་པ་བའི་གྲོང་གསར་དུ་སྐྱོད་སྐབས། ས་ཁྱོན་བཟུང་ཚད་སྨི་ངོས་གྲུ་100ལྷག་ཙམ་ཟིན་པ་དང་བཤམས་སྟོན་ཁང་ལོགས་སུ་ཕྱེ་བའི་ཁང་པའི་ནང་དུ་བསྒྲིགས་པའི་ཏེང་པ་བའི་ལོ་རྒྱུས་དང་འཚོ་བའི་རྗེས་ཤུལ་མཚོན་པའི་དངོས་པོ་200ལྷག་ཙམ་ཡོད་པ་དེ་དག་མིག་ལམ་དུ་མངོན་གྱི་འདུག
          འདི་ནི་ཏེང་པ་བ་ཤར་ཏན་ཤར་ལིས་ལོ་བཅུ་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་དངུལ་སྒོར་ཁྲི་10ལྷག་ཙམ་རང་གྲབས་བྱས་ནས་བཙུགས་པའི་འཛམ་གླིང་ཐོག་གི་ཏེང་པ་བའི་མི་དམངས་ཀྱི་རིག་གནས་བཤམས་སྟོན་ཁང་ཐོག་མ་དེ་ཡིན་ཞིང་། བཟོ་བཀོད་སྟབས་བདེ་ཡིན་རུང་དོན་སྙིང་ཆེན་པོ་ལྡན་པའི་ཏེང་པ་བའི་མི་དམངས་ཀྱི་རིག་གནས་བཤམས་སྟོན་ཁང་དེས་མི་འབོར་2000ཡང་མི་ཟིན་པའི་ཚོ་པ་འདིའི་རེ་འདུན་མཚོན་གྱི་ཡོད་ལ། ཏེང་པ་བའི་ལོ་རྒྱུས་རིག་གནས་དང་རྗེས་ཤུལ་ཡང་བཀོད་ཡོད། 
          བོད་རྙིང་པར། ཏེང་པ་བ་ཆ་སྙོམས་ས་བབ་མཐོ་ཚད་སྨི་2200ཟིན་པའི་བོད་ལྗོངས་ཉིང་ཁྲིའི་ནགས་ཁྲོད་དུ་འཚོ་སྡོད་བྱེད་ཀྱི་ཡོད། 
          བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཏེང་པ་བའི་སྤྱི་ཚོགས་ཀྱི་གནས་བབ་དང་འཚོ་བའི་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ད་ཆ། རང་ཉིད་ཀྱི་སྐད་ཡོད་རུང་ཡི་གེ་མེད་པའི་ཚོ་པ་དེའི་མི་ཚང་ཚང་མར་སྡོད་ཁང་ཡོད་ལ་མི་ཀུན་བདེ་སྡོད་ལས་བརྩོན་ཐུབ་ནས་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། 
          བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་བཏང་ནས་རིག་གནས་རྣམ་གྲངས་ཆིག་སྟོང་ཙམ་བསྐྲུན་ཏེ་བོད་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག བོད་དུ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་55དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་616ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་ཡོད། གྲངས་གཞི་ལས་མངོན་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་བོད་ཀྱི་རིག་གནས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཁོ་ནར་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་བཏང་བ་དེ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་5ཡན་ཟིན་ཡོད་པ་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་དང་། ཞིང་ཆེན་དང་གྲོང་ཁྱེར། ཚན་པ་ཁག་བཅས་ཀྱིས་བོད་སྐྱོར་གྱི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་རྒྱབ་སྐྱོར་བྱས་ཡོད། 
          སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་པ།
          2018ལོའི་ཟླ་6པར། རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གར་ཁྲིད་སྦྱོང་ལྟེ་གནས་ལྷ་སར་སྒོ་བྱང་བཀལ་ནས་བཙུགས་པ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕུན་ཚོགས་གཡུ་རྒྱལ་དང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་དགེ་ཕྲུག་བསྡུ་བའི་མཛད་སྒོ་གཉེར་ནས་དངོས་སུ་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཡོད། ད་བར། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མིང་བཏགས་པའི་ཁྲིད་སྦྱོང་རྟེན་གཞི་84དང་། རིམ་པ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་བྱེད་ས་165ཡོད་པ་རེད། 
          བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་དཔུང་ཁག་དང་ཁྲིད་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། ལྷ་མོ་དང་། སྤོས། བོད་སྨན། ཐང་ག་སོགས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཟབ་མོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་མི་དེ་བས་མང་བས་ཤེས་རྟོགས་ཐུབ་བཞིན་ཡོད། ལྗོངས་ཡོངས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་གི་མ་ལག་གཞི་རྩའི་ཆ་ནས་བཙུགས་ནས་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་ཁག་གཅིག་གྲུབ་ཡོད།
          རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ཆེད་དོན་མ་དངུལ་སྒོར་ཁྲི་1200བཀོད་སྒྲིག་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པར་མི་རེར་ཁ་གསབ་གྲོན་དངུལ་སྒོར་ཁྲི་1བར་མཐོ་རུ་བཏང་བས་ཁ་གསབ་ཀྱི་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དེ་དང་ཆབས་ཅིག་ད་ཆ་བོད་དུ་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ་10དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་74 ལས་ཞོར་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་2000ཙམ་བཅས་ཡོད་པ་དང་། ཚོགས་པ་དེ་དག་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་མཁན་དང་འཕེལ་རྒྱས་གཏོང་མཁན་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།
          བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁྲོད་ལོ་70ཡན་གྱིས་35%བཟུང་ཡོད། རང་ལྗོངས་ཀྱིས་ཤར་པའི་སྤགས་ཀོང་ལྷ་མོ་དང་བླ་མ་མ་ཎི་ཤོད་པའི་སྒྱུ་རྩལ་སོགས་སྟོངས་ལ་ཉེ་བའི་རྣམ་གྲངས་དང་ལོ་ན་མཐོ་བའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱུང་ཡོད། 
          2009ལོར“བོད་ཀྱི་རྩོམ་རིག་གི་རྩེར་སོན”དང“འཛམ་གླིང་རྩོམ་རིག་གི་ངོ་མཚར”ཞེས་སུ་གྲགས་པའི་དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་བཅུག་ཡོད། 2018ལོའི་ལོ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་ཆེ་རིགས《གླིང་སྒྲུང》བོད་ཡིག་ནས་རྒྱ་ཡིག་ཏུ་སྒྱུར་བའི་འདུ་འགོད་ཀྱི་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་དེབ་10དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། 
          དེ་དང་འདྲ་བར། བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་སུ་གྲགས་པའི་ལྷ་མོར་གསོན་ཤུགས་གསར་པ་འཕེལ་ཞིང་། རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ངག་དབང་བསྟན་འཛིན་གྱིས“ང་ཚོས་ནོར་སྲིད་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་བོད་ཀྱི་རྒྱལ་ཁབ་རིམ་པའི་ལྷ་མོའི་འཁྲབ་གཞུང་8ལ་ཆེད་དོན་མ་དངུལ་གཏོང་སྤྲོད་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་དེ་ལས་བོད་ཀྱི་དམངས་ཁྲོད་ལྷ་མོ་ཚོགས་པ་50ཙམ་ལས་མེད་པ་ནས་ད་ཆའི་140ལྷག་ཙམ་བར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་འཁྲབ་སྟོན་པ་3000ཙམ་བར་མང་དུ་ཕྱིན་ཡོད་ཅེས་བརྗོད་ཀྱི་འདུག
          2018ལོའི་ལོ་མཇུག་ཏུ། “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས—ཀྲུང་གོའི་བོད་རིགས་ཀྱི་འབྲེལ་ཡོད་ཚེ་སྲོག་བདེ་ཐང་དང་ནད་ཡམས་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན”གྱི་རྣམ་གྲངས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་བཅུག་ཡོད། 
          དེ་དང་ཆབས་ཅིག དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རིམ་བཞིན་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཁོ་ནར་བོད་ཀྱིས་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་543དང་། རྫོང(ཆུས)སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཁང་39 དཔེ་དེབ་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་19བཅས་འཛུགས་སྐྲུན་གཅིག་སྡུད་ཐོག་བྱས་པ་དང་། གྲོང་ཚོ་རིམ་པའི་རིག་གནས་ཐང་ཆེན་1600ལྷག་ཙམ་བསྐྲུན་པས་རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དྲ་རྒྱ་སྤྱིར་ན་ཆགས་ཡོད། ལྗོངས་ཡོངས་ཀྱིས་ལོ་ལྟར་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེའི་མ་དངུལ་སྒོར་ཁྲི5000ལྷག་ཙམ་དོན་འཁྱོལ་བྱས་པས་ཞབས་ཞུའི་ཕན་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་རིག་གནས་ཁང་དང་ས་ཚིགས་ཀྱིས་ལོ་རེར་ཆ་སྙོམས་རིན་མེད་སྒོ་དབྱེའི་བྱེད་སྒོ་ཁག་ཐེངས་ཁྲི་2ལྷག་ཙམ་སྤེལ་བས་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་200ལྷག་ཙམ་ཟིན་ཡོད།
          རིག་གནས་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱས་པ།
          བོད་ཀྱི་རིག་གནས་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་གཏིང་ཟབ་པའི་ནང་དོན་གྱིས་རྒྱལ་ཡོངས་མི་དམངས་ཙམ་མ་ཟད། ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡིད་དབང་བཀུག་ཡོད་ལ། དཔལ་འབྱོར་གྱི་རིན་ཐང་གལ་ཆེན་ཡང་ལྡན་ཡོད། འདི་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་རེད། 
          ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་གནས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་ལོ་6རིང་འཁྲབ་སྟོན་བྱས་པ་དང་དེ་བཞིན་འབྲེལ་ཡོད་རིག་གནས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཡུལ་སྐོར་བ་མི་ཐེངས་ཁྲི་210ལྷག་ཙམ་ལ་སྣེ་ལེན་ཞུས་ནས་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་7.51ལྷག་ཙམ་ཟིན་ཡོད། 
          དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་རིག་གནས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཤུགས་ཆེན་བཏང་ནས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)73ལ་མིང་འདོགས་པ་དང་། “བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞི”ཐོག་མ་དང་། བོད་ལྗོངས་ལག་ཤེས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས། བོད་ལྗོངས་འགུལ་རིས་འཕེལ་རྒྱས་མཐུན་ཚོགས། བོད་ཀྱི་རིག་གནས་སྲུང་སྐྱོང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ལས་རིགས་ཚོགས་པ་དང་རྩ་འཛུགས་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་ཆབས་ཅིག“བོད་ཀྱི་ཁྱད་ལྡན་རིག་གནས་ཀྱི་སྐར་ཁུང”བཙུགས་ཡོད། 
          ཚེ་རིང་རྡོ་རྗེས་བོད་ཤོག་བཟོ་བའི་ལག་རྩལ་ཕ་མེས་ཡང་མེས་ནས་རྒྱུན་འཛིན་ཐུབ་ཅིང་། 2011ལོར་སྲིད་གཞུང་གི་རོགས་སྐྱོར་འོག་ཁོང་གིས་སྙེ་མོ་རྫོང་དུ་བོད་ཤོག་བཟོ་གྲྭ་བཙུགས་ནས་བོད་ཤོག་སྒྲོན་ཁེབས་དང་བོད་ཤོག་ཟིན་བྲིས་དེབ་སོགས་བོད་ཤོག་ཡུལ་སྐོར་ལག་ཤེས་བཟོ་རྩལ་ཐོན་རྫས་ཁག་གཅིག་གསར་གཏོད་ཞིབ་སྤེལ་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུ་ཐོབ་ཡོད། 2018ལོའི་ལོ་འགོར་ཚེ་རིང་རྡོ་རྗེར་སྐབས་དང་པོའི“བོད་ཀྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། 
          ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས“བོད་ལྗོངས་འགྲེམས་ཚོགས”བཏོད་དེ“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་གླེང་སྟེགས”ཐོག་མ་གཉེར་བ་དང་།“ཐང་གའི་འགྲེམས་ཚོགས”དང་། “སྐུ་བརྙན་འགྲེམས་ཚོགས”“བོད་རུམ་འགྲེམས་ཚོགས”སོགས་རིག་གནས་ཐོན་ལས་ཁྱབ་ཁོངས་ཀྱི་ཆེད་ལས་འགྲེམས་ཚོགས་གཉེར་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། དེ་ནི་རང་ལྗོངས་ཀྱི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་མཚོན་པ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་བོད་ཀྱི་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཕྱིན་པའི་གྲུབ་འབྲས་ཤིག་རེད།
          རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་2020ལོར་སླེབས་སྐབས་རིག་གནས་ཐོན་ལས་སྐྱེད་སྲིང་བྱེད་རྒྱུ་དེ་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་ཀྱི་དམིགས་ཚད་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད། 2018ལོ་བར། བོད་དུ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ལས་དང་ཚན་པ་4680ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ལས་གཉེར་མི་སྣ་ཁྲི་3.2ལྷག་ཙམ་ཟིན་ཡོད་ལ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་46ཟིན་ནས་དུས་མཚུངས་ལས་15%ཡན་འཕར་ཡོད་ཅེས་བརྗོད་པ་རེད།