ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི2019ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
 རི་མོ་འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི2019ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་ཤིང་། མང་ཚོགས་ཀྱི་འཐུས་མི470ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། དེའི་ཁྲོད་དུ་ཁྲེང་ཀོན་ཆུས་ཀྱི་སྐྱིད་པོ་སྒང་ཁྲོམ་གཞུང་དང་། ཧའེ་ཁྲེང་སློབ་ཆུང་། དགེ་རི་དགོན་བཅས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་སྤེལ་བ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཉན་བཤད་ཀློག་འབྲི་དང་། དབྱེ་འབྱེད། དབྱེ་ཞིབ། ཞིབ་འཇུག”སོགས་ཀྱི་བྱེད་ཐབས་བདུན་ལ་བརྟེན་ནས“དྲིལ་བསྒྲགས་གསུམ་དང་སློབ་ཚན་ལྔ་དང་འཆད་ཁྲིད་བཅུ་བཞིའི”སྒྲོག་འགྲེལ་བྱེད་སྟངས་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་ཁྲིད་སྦྱོང་ཁང་གསར་འཛུགས་དང་། ནོར་བུ་ཆོས་གྲགས་སོགས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དཔེ་མཚོན་ཁག་གཅིག་སོགས་བདམས་པ་བརྒྱུད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲང་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། 
            ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་པོ་སྒང་ཁྲོམ་གཞུང་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བོད་རྒྱ་སྐད་གཉིས་སློབ་སྦྱོང་གཏིང་ཟབ་སྒོས་སྤེལ་ཏེ།  གྲོག་བསྒྲིགས་ནས་སློབ་སྦྱོང་བྱ་བར་རོགས་རམ་དང་རང་བཟོས་སྐད་གཉིས་སློབ་སྦྱོང་དྲིལ་བསྒྲགས་ཤོག་བྱང་གི་རྣམ་པའི་ཐོག་ནས་སྐད་གཉིས་སློབ་སྦྱོང་གི་ཕན་འབྲས་སྔར་བས་ཆེ་རུ་བཏང་། མིག་སྔའི་བར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཤོག་ལྷེ་ཁྱོན་བསྡོམས10000ལྷག་ཙམ་བཀྲམས་ནས་སྐད་གཉིས་སློབ་སྦྱོང་ཐེངས20ཙམ་སྤེལ་ཏེ།  ཁོངས་གཏོགས་ཁུལ་དུ་དམངས་ཡོངས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་ཞུགས་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། 
            ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་ནི་མི་རིགས་མང་བའི་སློབ་གྲྭ་ཞིག་ཡིན་ཞིང་།  སློབ་གྲྭར་བོད་རིགས་སློབ་མ་ལས་གཞན། ད་རུང་རྒྱ་རིགས་དང་། ཧོས་རིགས། ཏུང་ཞང་རིགས། ཧོར་རིགས།  ཟ་ལར་རིགས། ནཱ་ཞིས་རིགས་སོགས་མི་རིགས་ཀྱི་སློབ་མའང་ཡོད། སློབ་གྲྭས་ཁྱད་ལྡན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོ་དམ་འཛིན་བྱས་ཏེ་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་རུ་ཁག་གི་ཚོགས་འདུ་དང་། བརྗོད་དོན་གཙོ་བོའི་དྲན་གསོའི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཏང་སྟེ། ཧའེ་ཁྲེང་སློབ་ཆུང་གི་མི་རིགས་ཁག་གི་སློབ་མ་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་གྱི་དད་སེམས་ཇེ་བརྟན་དུ་བཏང་ནས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་མོ་དེར་གཅེས་སྐྱོང་བྱེད་ཀྱི་ཡོད་པ་རེད། 
            ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་བསོད་ནམས་ཚེ་རིང་གིས་བཤད་རྒྱུར། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ནི་མ་ལག་ཚང་བའི་བཟོ་སྐྲུན་ཞིག་ཡིན་པས། མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགྲན་སློང་གསར་པར་ཁ་གཏད་གཅོག་པ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ལོ་རྒྱུས་ཀྱི་དོན་སྙིང་དང་། དངོས་ཡོད་ཀྱི་དོན་སྙིང་། འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་བཤད།