ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ལས་ཞུགས་དང་རྩལ་ནུས་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2019-04-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
མི་སྤྱི་པུའི་ལས་དོན་ཚོགས་ཆུང་བོད་དུ་ཕེབས་ནས།
          ཚེས་13དང་14ཉིན། མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་སྣེ་ཁྲིད་གནང་བའི་ལས་དོན་ཚོགས་ཚུང་བོད་དུ་ཕེབས་ནས་བོད་ལྗོངས་ཀྱི་ལས་ཞུགས་དང་རྩལ་ནུས་དབུལ་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཚུལ་སྐོར་ལ་བརྟག་ཞིབ་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
          བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཞང་སྡེ་ལས་ཀུང་སི། བོད་ལྗོངས་ལག་རྩལ་པའི་སློབ་གླིང་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ། རང་སྐྱོང་ལྗོངས་མི་སྤྱི་ཐིང་ལས་ཞུགས་ཅུས་8848ལས་གཏོད་གསོ་སྦྱོང་གླིང་། རང་སྐྱོང་ལྗོངས་སྤྱི་ཚོགས་འགན་ལེན་ཞབས་ཞུ་ཚོམས་ཆེན་སོགས་སུ་ཕེབས་ཤིང་། བརྟག་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱིས་ལས་ཞུགས་དམངས་འཚོའི་གཞི་རྩར་བརྩིས་ནས་རྩལ་ནུས་རོགས་སྐྱོར་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། “མངགས་ཐོ་དང་དམིགས་བཙུགས་རྣམ་པའི”རྩལ་ནུས་གསོ་སྦྱོང་བྱེད་པ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པར་གདེང་འཇོག་གང་ལེགས་གནང་བ་རེད།
          ཐང་ཐའོ་ཡིས་བོད་ལྗོངས་མི་སྤྱི་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་མི་དོན་དང་ཤེས་ལྡན་མི་སྣའི་ལས་དོན་གྱི་གནས་ཚུལ་གསར་པ་དང་། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་པ་དང་། ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། ཤེས་ལྡན་མི་སྣ། ཞིང་པ་ལས་མི་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་ཏན་ཏིག་བཏང་བས་རྒྱ་ཆེའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་ཡོད། བོད་ལྗོངས་མི་སྤྱི་ཁོངས་གཏོགས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ་མི་དོན་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གསར་གཏོད་མུ་མཐུད་གཏིང་ཟབ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་རྒྱ་ཆེར་གཏོང་བ། ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྩལ་ནུས་དབུལ་སྐྱོར་ཤུགས་ཆེན་བཅས་བྱས་ནས་བོད་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
          ཅང་ཅེས་མི་སྤྱི་པུས་དུས་ཡུན་རིང་པོར་བོད་ཀྱི་མི་སྤྱིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་སྤྱིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་ལས་ཞུགས་སྔོན་ལ་འཇོག་པའི་ཐབས་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་དེ་བས་བརྟན་པའི་ལས་ཀ་དང་དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ་ཡོང་ཐབས་བྱས་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་འཇོན་ཐང་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩལ་ནུས་གསོ་སྦྱོང་རྨང་གཞིར་བྱས་ཏེ་རིམ་པ་མཐོ་བ་དང་། ཆེད་ལས་ཅན། བཟོ་བོའི་སྙིང་སྟོབས་ལྡན་པ་བཅས་ཀྱི་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་བཏོད་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། རྩལ་ནུས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་འདང་ངེས་དང་། བེད་སྤྱོད་གནད་འཁེལ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་གསོ་སྦྱོང་སྒྲིག་འཛུགས་གནད་སྨིན་གྱིས་རང་ལྗོངས་ཀྱི་སློབ་ཆེན་སློབ་མ་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་རྣམས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་བའི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།